འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2012-10-17

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས།
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
བདུན། ཉམས་མྱོང་ལས་གསལ་བ་ལྟར་ན། ཆོས་ལུགས་ལས་ཁུངས་ཀྱིས་ཆོས་ལུགས་རང་ཉིད་ཀྱི་དག་གཙང་དང་དེའི་ཐོན་པའི་ནུས་པ་སྲུང་སྐྱོང་མ་བྱས་པར་མ་ཟད་དེ་དང་རྒྱབ་འགལ་དུ་གྱུར། ལོ༡༥༠༠རིང་ལ་ཡེ་ཤུ་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་དེ་ནམ་ཡང་བརྟག་བཤེར་བྱ་བའི་གནས་སུ་གྱུར། དེའི་རྗེས་འབྲས་ལ་ས་གནས་ཕལ་ཆེར་གྱི་ཆོས་སྤེལ་པ་རྣམས་ཀྱི་ང་རྒྱལ་དང་ལེ་ལོ་དང་། དད་ལྡན་རྣམས་ཀྱི་རྨོངས་བརྟུལ་དང་བྲན་གྱི་ངང་ཚུལ་དང་ཕྱོགས་གཉིས་ཀ་ལ་ཡོད་པའི་རྨོངས་དད་དང་ཕྱོགས་འཛིན་དང་རིགས་མི་མཐུན་པ་ལ་གནོད་འཚེ་བྱེད་པ་དག་མཐོང་བར་གྱུར། གལ་ཏེ་ཆོས་སྤེལ་པ་རྣམས་ཀྱིས་འོད་དང་དྲོད་འབྱིན་པ་སྟེ་རིན་ཐང་ཡོད་པའི་དུས་དེ་ནམ་ཡིན་ཞེ་ན། ཐམས་ཅད་ཆོས་ལུགས་དེ་སྲིད་དོན་ལ་མ་ཞུགས་པའི་སྔོན་གྱི་གནས་སྐབས་ན་ཡིན་ནོ། །
བརྒྱད། གལ་ཏེ་སྤྱི་དམངས་སྲིད་གཞུང་གི་གོ་དོན་ནང་དུ་ཆོས་ལུགས་མི་འདུ་བའི་ཚེ་ན་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་ཀྱིས་སྲིད་གཞུང་གི་དབང་ཆ་ལ་དགོས་པ་ཇི་ལྟར་ཡོད། ཆོས་ལུགས་ལས་ཁུངས་ཀྱིས་སྤྱི་དམངས་སྤྱི་ཚོགས་ལ་ཇི་ལྟ་བུའི་ཤུགས་རྐྱེན་ཡོད། སྐབས་འགར་ཁོང་ཚོ་སྲིད་གཞུང་གི་དབང་ཆའི་ཤུལ་རོའི་ཐོག་ཏུ་ལངས་པའི་སེམས་ཀྱི་གཏུམ་སྲིད་ཅིག་ཏུ་བལྟ་བ་དང་། ཕལ་ཆེར་གྱི་དུས་སུ་གཏུམ་སྲིད་དབང་ཆའི་གོ་གནས་ཀྱི་རྒྱབ་སྐྱོར་པ་ཞིག་ཏུ་བལྟ་བ་ལས། དུས་ནམ་ཡང་མི་མང་གི་རང་དབང་གི་ལྟ་སྲུང་པ་ཞིག་ཏུ་ལྟ་མཁན་བྱུང་མེད་དོ། །
སྤྱི་པའི་རང་དབང་མགོ་གནོན་བྱེད་པར་འདོད་པའི་དབང་སྒྱུར་པ་དག་གི་ནུས་སྟོབས་ཡོད་པའི་ཆོས་ལུགས་མི་སྣ་དེ་བེད་སྤྱད་བྱ་བདེ་བའི་ལག་རོགས་ཤིག་ཏུ་མཐོང་གིན་ཡོད། གཞུང་དྲང་གི་སྲིད་གཞུང་ཞིག་ཡིན་ན་འདི་འདྲའི་ལག་རོགས་དེ་དགོས་དོན་མེད། དེ་འདྲའི་སྲིད་གཞུང་དེས་སྤྱི་དམངས་སོ་སོར་ཡོད་པའི་ཆོས་དད་རང་དབང་གི་ཁེ་དབང་དེ་ལ་འདྲ་མཉམ་གྱི་སྒོ་ནས་སྲུང་སྐྱོབ་བྱས་ན་འོས་བབས་ཀྱི་རྒྱབ་སྐྱོར་དེ་འཐོབ་པར་འགྱུར་ཏེ། གྲུབ་མཐའ་གཞན་ལ་ཡོད་པའི་འདྲ་མཉམ་གྱི་ཁེ་དབང་ལ་བཙན་འཛུལ་མི་བྱའོ། །
ཞེས་པ་ལ་སོགས་པ་དོན་ཚན་བཅོ་ལྔའི་སྒོ་ནས་བཤད་འདུག་གོ །
མེ་ཏུས་སོན་ཞེས་པ་འདི་ཨ་རིའི་སྲིད་འཛིན་རྣམས་ཀྱི་ནང་ནས་ཐེངས་བཞི་པ་ཡིན་ཞིང་། ཨ་རིའི་རྩ་ཁྲིམས་ལག་བསྟར་བྱེད་མཁན་གཙོ་བོ་དང་རྩ་ཁྲིམས་དག་བཅོས་ཀྱི་འགན་འཁུར་པ་ཡིན་པས་མི་རྣམས་ཀྱིས་ཁོང་ལ་རྩ་ཁྲིམས་ཀྱི་ཕ་ཡབ་ཅེས་འབོད་དོ། །
མདོར་ན་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་ནས་ཆོས་ལུགས་གང་ཡང་རུང་བ་ཞིག་ལ་རྒྱལ་ཁབ་དེའི་མི་དམངས་ཡོངས་རྫོགས་བཙན་ཐབས་ཀྱི་སྒོ་ནས་དད་པ་བྱེད་དུ་འཇུག་པ་སྟེ། འདི་སྤྱིར་ཆོས་ལ་དད་པ་བྱེད་ཆོག་ཀྱང་རང་རང་གང་ལ་མོས་པའི་ཆོས་ལ་ཞུགས་མི་ཆོག་པས་ཆོས་དད་རང་དབང་མེད་པའི་རྣམ་པ་གཞན་ཞིག་ཡིན་ནོ། །
གཉིས་པ་ནི་ཁྲིམས་ཀྱི་སྒོ་ནས་མི་དམངས་རྣམས་རང་རང་གང་ལ་དད་པའི་ཆོས་སྣ་གཅིག་ཀྱང་བསྒྲུབ་ཏུ་མི་འཇུག་པ་སྟེ། ཆོས་གང་ལའང་དད་པ་བྱེད་མི་ཆོག་པས་འདི་ནི་ཧ་ཅང་ཚབས་ཆེ་བས་ཆོས་དད་རང་དབང་མེད་པ་ཞིག་གོ །
སྲིད་གཞུང་གིས་འདི་གཉིས་ཀ་མི་བྱེད་པ་ནི་ཕྱོགས་གཅིག་ནས་ཆོས་དད་རང་དབང་ཞེས་བྱ་ཞིང་ཕྱོགས་གཅིག་ནས་ཆོས་སྲིད་ཁ་བྲལ་ཞེས་བྱའོ། །
གཉིས་པ་དེའི་དོན་ལ་ནོར་བ་བསལ་བ་ནི། དེང་སང་ཁ་ཅིག་གི་བསམ་པ་ལ་ཆོས་སྲིད་ཁ་བྲལ་ལམ་དབྱེ་འབྱེད་ཅེས་པ་དེ་འཇིག་རྟེན་འཁོར་བའི་བྱ་གཞག་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་སོགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་དམ་པའི་ཆོས་བསྒྲུབ་མི་རུང་བ་དང་། དམ་པའི་ཆོས་སྒྲུབ་མཁན་ཞིག་ཡིན་ཕྱིན་ཆབ་སྲིད་དཔལ་འབྱོར་རིག་གནས་གང་ཡང་བསྒྲུབ་མི་རུང་བ་ཞིག་ཡིན་ཞེས་སྨྲ་བར་བྱེད་དོ། །
དེ་ནི་ནོར་བ་ཁོ་ན་ཡིན་ཏེ། དེ་ལྟ་ན་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་ཐམས་ཅད་ཀྱིས་ཆོས་བསྒྲུབ་པ་དང་ཆོས་ལ་དད་པ་བྱེད་པ་ཁྲིམས་འགལ་དུ་འདོད་པར་ཁས་ལེན་དགོས་ཏེ། ཁོང་ཅག་ནི་ཆེས་ཐོག་མར་ཆོས་སྲིད་དབྱེ་འབྱེད་ཀྱི་ལམ་ལུགས་ཁྲིམས་ལ་བརྟེན་ནས་ལག་ལེན་དུ་བྱེད་པའི་རྒྱལ་ཁབ་ཡིན་པའི་ཕྱིར་རོ། །
འོན་ཀྱང་དེ་ལས་ལྡོག་སྟེ། སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་རྣམས་ཀྱིས་ཆོས་ལ་དད་པ་བྱེད་ཅིང་ཆོས་བསྒྲུབ་པར་འདུག་སྟེ། སྤྱི་ལོ་༡༩༨༡ལོར་བརྟག་དཔྱད་བྱས་པའི་འབྲས་བུ་ལྟར་ན། ཨ་རིའི་སྲིད་འཛིན་ལ་མཚོན་ན། སྲིད་འཛིན་དང་པོ་ཝ་ཤིན་ཐོན་(George Washington,喬治華‧盛頓)ནས་ཁུ་ལུན་ཐོན་(William J, Clinton,威廉‧杰斐遜‧克林頓)བར་གྱི་སྲིད་འཛིན་༤༢གྱི་ནང་ནས་མི་བཞི་མ་གཏོགས་གཞན་༣༨པོ་ཐམས་ཅད་ཆོས་ལ་དད་པ་བྱེད་པ་ཙམ་དུ་མ་ཟད་ཆོས་ཚོགས་ཀྱི་ཚོགས་མི་ཤ་སྟག་ཡིན་ཞིང་། མི་བཞི་པོའང་རང་རང་གི་ཆོས་ལུགས་གྲུབ་མཐའི་ཁ་ཕྱོགས་གསལ་པོ་ཡོད་ཅེས་ཟེར་ཞིང་། དེའི་ཕྱིས་སུ་བྱུང་བའི་སྲིད་འཛིན་བྷོས་ཤི་(George W Bush,喬治‧沃克‧布什)དང་ད་ལྟའི་སྲིད་འཛིན་ཨོ་བྷ་མ་(Barack Obama,奧巴馬)གཉིས་ཀའང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་པ་ཡིན་ནོ། །
བསྡོམས་རྩིས་གཞན་ཞིག་ལས། ཨ་རིའི་ལོ་རྒྱུས་ཀྱི་ཐོག་ཏུ་སྲིད་འཛིན་༡༡ཆོས་ཚོགས་ཀྱི་ཚོགས་མི་མ་ཡིན། འོན་ཀྱང་བྱེད་པ་པོ་ལྷ་ལ་དད་པ་ཡོད་ཚུལ་མངོན་གསལ་དུ་སྟོན་པར་འདུག་ཅེས་ཀྱང་ཟེར་རོ། །
ཨ་རིའི་དམངས་ཕལ་བ་ལ་མཚོན་ན། མི་བརྒྱ་ཆ༩༥འཇིག་རྟེན་བྱེད་པ་པོའི་ལྷ་ལ་དད་པ་བྱེད། མི་བརྒྱ་ཆ་༧༡གཅིག་མི་ཤི་བའི་རྗེས་སུ་ད་དུང་རྣམ་ཤེས་ཡོད་པ་དང་ལྷ་ཡུལ་ཞེས་པ་དེ་དོན་ལ་གནས་པར་ཁས་ལེན། བརྒྱ་ཆ་༥༧ཆོས་ཚོགས་སམ་ཆོས་ལུགས་ཀྱི་ལས་ཁུངས་ནང་དུ་ཞུགས། མི་བརྒྱ་ཆ་༥༧གྱིས་ཆོས་ལུགས་ཀྱིས་ད་ལྟའི་གནད་དོན་ཐམས་ཅད་དམ་ཕལ་ཆེ་བ་ལ་ལན་གདབ་པར་ནུས་ཟེར། མི་བརྒྱ་ཆ་༥༥ཡིས་ཆོས་ལུགས་འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ཟེར་རོ། །
དེ་བཞིན་དུ་གོང་གི་འདོད་པ་དེ་ལྟ་ན་ཨ་མེ་རི་ཀའི་ཆོས་པ་རྣམས་ཀྱིས་སྲིད་ཀྱི་བྱ་བ་སྒྲུབ་པའང་ཁྲིམས་འགལ་ཡིན་པར་འདོད་དགོས་ཀྱང་དེ་མིན་པར་མ་ཟད་ཆོས་པས་སྲིད་ཀྱི་བྱ་བ་བསྒྲུབ་པ་ཁྲིམས་མཐུན་ཡིན་པར་ཁོ་ཚོས་འདོད་དེ། ༡༩༨༣ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་མི་སུམ་ཆ་གཅིག་གིས་ངོ་རྒོལ་བྱས་ཀྱང་སུམ་ཆ་གཉིས་ཀྱིས་བློ་བབས་བྱས་ཏེ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་(Pastor,牧師)ཀྱིས་གཞུང་གི་འགན་སྒྲུབ་པ་ཁྲིམས་མཐུན་དུ་གཏན་ལ་ཕབ་པའི་ཕྱིར་རོ། །
གཞན་ཡང་ཨ་རིའི་མཉམ་འབྲེལ་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དོན་ཚོགས་འདུ་མགོ་འཛུགས་པའི་ཚེ། ཐོག་མར་མི་ཞིག་གིས་ལྷ་ལ་སྐྱབས་འཇུག་གི་གསོལ་བ་བཏབ་ནས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཚོགས་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་ཆེད་གཉེར་གྱིས་བཀོད་བསྒྲིགས་བྱས་ཡོད་ཅིང་། གྲོས་ཚོགས་ཀྱི་ཚོགས་འདུ་འཚོགས་པ་ནའང་ཐོག་མར་ལྷ་ལ་སྐྱབས་གསོལ་བ་དང་། སྲིད་འཛིན་གྱིས་འགན་གསར་དུ་འཁུར་བའི་སྐབས་སུའང་ལྷ་ལ་སྐྱབས་འཇུག་བྱེད་ཅིང་། ལག་པ་ལྷ་ཆེམས་ཀྱི་གླེག་བམ་ཐོག་ཏུ་བཞག་ནས་དམ་བཅའ་འབུལ་བ་དང་། གཞུང་བཙུགས་ཀྱི་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྒྱལ་དར་ལ་དམ་བཅའ་འབུལ་སྐབས་ཀྱང་ང་ཚོས་ལྷའི་སྐྱབས་འོག་ནས་ཞེས་པ་ལ་སོགས་པའི་ཚིག་སྒྲོག ཤོག་སྒོར་གྱི་སྟེང་དུའང་ང་ཚོ་ལྷ་ལ་ཡིད་རྟོན་ཞེས་པ་བྲིས་ཡོད། རྒྱལ་གླུ་དང་གསང་རྒྱའི་དམ་བཅའ་དང་ཁྲིམས་ཁང་གི་དམ་བཅའ་ཐམས་ཅད་ཀྱི་ནང་དུ་ལྷ་ལ་ཡིད་ཆེས་ཞེས་པའི་ཚིག་གསལ་བར་འཁོད་ཡོད་དོ། །
ཨ་རིའི་སྲིད་འཛིན་འགན་རབས་༣༢པ་རོབ་སེ་ཝེད་(Franklin D, Roosevelt,羅斯福)ཀྱི་སྲིད་འཛིན་གྱི་ལས་འགན་ཐེངས་བཞི་ཁུར་བའི་ཐེངས་ཐ་མའི་འགན་གསར་འཁུར་གྱི་གཏམ་བཤད་ནང་འདི་ལྟར་བཤད་དེ། ཀུན་ནུས་ཀྱི་ལྷས་ང་ཚོའི་རྒྱལ་ཁབ་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྲུང་སྐྱོབ་གནང་ཡོད། ང་ཚོའི་མི་དམངས་ལ་ཚ་དྲོད་འབར་བའི་སེམས་ཤུགས་དང་བདེ་ཐང་སྟོབས་ཤུགས་ཅན་གྱི་དཔུང་པ་ཞིག་གནང་ནས། ཁོང་ཚོ་རང་དབང་དང་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་དུ་བཅུག་ཡོད། ང་ཚོ་ལ་དད་པ་གནང་ཡོད། དེ་ནི་དཀའ་སྡུག་ཅན་གྱི་འཛམ་གླིང་འདིའི་ཐོག་གི་མིའི་རིགས་ཀྱི་རེ་བ་ཉིད་དུ་གྱུར་ཡོད། ཅེས་ཟེར། ཡང་ཨ་རིའི་སྲིད་འཛིན་འགན་རབས་༤༠པ་རེའུ་ནོལ་རེས་ཀན་(Ronald Reagan,雷根)གྱིས་གཏམ་བཤད་ཅིག་གི་ནང་དུ། ལྷ་ནི་ང་ཚོའི་ཚེ་སྲོག་གི་དྭངས་བཅུད་རེད། ཅེས་ཟེར་རོ། །
དེས་ན་ཞིབ་འཇུག་པ་འགའ་ཞིག་གིས་ཨ་རིའི་ཆོས་སྲིད་ཁ་ཕྲལ་ཞེས་པ་དེའི་སྙིང་དོན་ནི། ཆོས་ཚོགས་དང་རྒྱལ་ཁབ་གཉིས་སྒྲིགས་འཛུགས་ཀྱི་ཐོག་ནས་སོ་སོར་ཁ་ཕྲལ་བའི་དོན་ཡིན་གྱི། ཆོས་ལུགས་དང་སྲིད་ཇུས་ཁ་ཕྲལ་བ་མ་ཡིན་ཞིང་། ཆོས་ལུགས་དང་སྲིད་ཇུས་གཉིས་མིའི་བསམ་བློའི་ཐོག་ནས་ཁ་ཕྲལ་བ་ནི་དེ་བས་ཀྱང་མ་ཡིན་ནོ་ཞེས་ཟེར་བ་འདུག་སྟེ་མད་པར་སྣང་ངོ་། །
དེས་ན་འཛམ་བུ་གླིང་ལ་ཡོངས་སུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པའམ་ཆོས་སྲིད་ཁ་ཕྲལ་ཞེས་པ་དེ་ནི་གོང་དུ་བཤད་པ་ལྟར་སྲིད་གཞུང་གི་ཆབ་སྲིད་ཀྱི་དོན་ཞིག་ཡིན་གྱི། མི་སྒེར་གྱི་འཚོ་བའི་ནང་དུ་ཆོས་དང་སྲིད་གཉིས་ཀ་མཉམ་གནས་བྱེད་ཆོག་མི་ཆོག་གི་དོན་མ་ཡིན་པས་མགོ་བོ་རྨོངས་པར་མི་བྱའོ། །

མུར་འགོད།

日期: 2012-10-17

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༧ ༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
བདུན། ཉམས་མྱོང་ལས་གསལ་བ་ལྟར་ན། ཆོས་ལུགས་ལས་ཁུངས་ཀྱིས་ཆོས་ལུགས་རང་ཉིད་ཀྱི་དག་གཙང་དང་དེའི་ཐོན་པའི་ནུས་པ་སྲུང་སྐྱོང་མ་བྱས་པར་མ་ཟད་དེ་དང་རྒྱབ་འགལ་དུ་གྱུར། ལོ༡༥༠༠རིང་ལ་ཡེ་ཤུ་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་དེ་ནམ་ཡང་བརྟག་བཤེར་བྱ་བའི་གནས་སུ་གྱུར། དེའི་རྗེས་འབྲས་ལ་ས་གནས་ཕལ་ཆེར་གྱི་ཆོས་སྤེལ་པ་རྣམས་ཀྱི་ང་རྒྱལ་དང་ལེ་
ལོ་དང་། དད་ལྡན་རྣམས་ཀྱི་རྨོངས་བརྟུལ་དང་བྲན་གྱི་ངང་ཚུལ་དང་ཕྱོགས་གཉིས་ཀ་ལ་ཡོད་པའི་རྨོངས་དད་དང་ཕྱོགས་འཛིན་དང་རིགས་མི་མཐུན་པ་ལ་གནོད་འཚེ་བྱེད་པ་དག་མཐོང་བར་གྱུར། གལ་ཏེ་ཆོས་སྤེལ་པ་རྣམས་ཀྱིས་འོད་དང་དྲོད་འབྱིན་པ་སྟེ་རིན་ཐང་ཡོད་པའི་དུས་དེ་ནམ་ཡིན་ཞེ་ན། ཐམས་ཅད་ཆོས་ལུགས་དེ་སྲིད་དོན་ལ་མ་ཞུགས་པའི་སྔོན་གྱི་གནས་སྐབས་ན་ཡིན་ནོ། །
བརྒྱད། གལ་ཏེ་སྤྱི་དམངས་སྲིད་གཞུང་གི་གོ་དོན་ནང་དུ་ཆོས་ལུགས་མི་འདུ་བའི་ཚེ་ན་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་ཀྱིས་སྲིད་གཞུང་གི་དབང་ཆ་ལ་དགོས་པ་ཇི་ལྟར་ཡོད། ཆོས་ལུགས་ལས་ཁུངས་ཀྱིས་སྤྱི་དམངས་སྤྱི་ཚོགས་ལ་ཇི་ལྟ་བུའི་ཤུགས་རྐྱེན་ཡོད། སྐབས་འགར་ཁོང་ཚོ་སྲིད་གཞུང་གི་དབང་ཆའི་ཤུལ་རོའི་ཐོག་ཏུ་ལངས་པའི་སེམས་ཀྱི་གཏུམ་སྲིད་ཅིག་ཏུ་བལྟ་བ་དང་། ཕལ་ཆེར་གྱི་དུས་སུ་གཏུམ་སྲིད་དབང་ཆའི་གོ་གནས་ཀྱི་རྒྱབ་སྐྱོར་པ་ཞིག་ཏུ་བལྟ་བ་ལས། དུས་ནམ་ཡང་མི་མང་གི་རང་དབང་གི་ལྟ་སྲུང་པ་ཞིག་ཏུ་ལྟ་མཁན་བྱུང་མེད་དོ། །
སྤྱི་པའི་རང་དབང་མགོ་གནོན་བྱེད་པར་འདོད་པའི་དབང་སྒྱུར་པ་དག་གི་ནུས་སྟོབས་ཡོད་པའི་ཆོས་ལུགས་མི་སྣ་དེ་བེད་སྤྱད་བྱ་བདེ་བའི་ལག་རོགས་ཤིག་ཏུ་མཐོང་གིན་ཡོད། གཞུང་དྲང་གི་སྲིད་གཞུང་ཞིག་ཡིན་ན་འདི་འདྲའི་ལག་རོགས་དེ་དགོས་དོན་མེད། དེ་འདྲའི་སྲིད་གཞུང་དེས་སྤྱི་དམངས་སོ་སོར་ཡོད་པའི་ཆོས་དད་རང་དབང་གི་ཁེ་དབང་དེ་ལ་འདྲ་མཉམ་གྱི་སྒོ་ནས་སྲུང་སྐྱོབ་བྱས་ན་འོས་བབས་ཀྱི་རྒྱབ་སྐྱོར་དེ་འཐོབ་པར་འགྱུར་ཏེ། གྲུབ་མཐའ་གཞན་ལ་ཡོད་པའི་འདྲ་མཉམ་གྱི་ཁེ་དབང་ལ་བཙན་འཛུལ་མི་བྱའོ། །
ཞེས་པ་ལ་སོགས་པ་དོན་ཚན་བཅོ་ལྔའི་སྒོ་ནས་བཤད་འདུག་གོ །
མེ་ཏུས་སོན་ཞེས་པ་འདི་ཨ་རིའི་སྲིད་འཛིན་རྣམས་ཀྱི་ནང་ནས་ཐེངས་བཞི་པ་ཡིན་ཞིང་། ཨ་རིའི་རྩ་ཁྲིམས་ལག་བསྟར་བྱེད་མཁན་གཙོ་བོ་དང་རྩ་ཁྲིམས་དག་བཅོས་ཀྱི་འགན་འཁུར་པ་ཡིན་པས་མི་རྣམས་ཀྱིས་ཁོང་ལ་རྩ་ཁྲིམས་ཀྱི་ཕ་ཡབ་ཅེས་འབོད་དོ། །
མདོར་ན་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་ནས་ཆོས་ལུགས་གང་ཡང་རུང་བ་ཞིག་ལ་རྒྱལ་ཁབ་དེའི་མི་དམངས་ཡོངས་རྫོགས་བཙན་ཐབས་ཀྱི་སྒོ་ནས་དད་པ་བྱེད་དུ་འཇུག་པ་སྟེ། འདི་སྤྱིར་ཆོས་ལ་དད་པ་བྱེད་ཆོག་ཀྱང་རང་རང་གང་ལ་མོས་པའི་ཆོས་ལ་ཞུགས་མི་ཆོག་པས་ཆོས་དད་རང་དབང་མེད་པའི་རྣམ་པ་གཞན་ཞིག་ཡིན་ནོ། །
གཉིས་པ་ནི་ཁྲིམས་ཀྱི་སྒོ་ནས་མི་དམངས་རྣམས་རང་རང་གང་ལ་དད་པའི་ཆོས་སྣ་གཅིག་ཀྱང་བསྒྲུབ་ཏུ་མི་འཇུག་པ་སྟེ། ཆོས་གང་ལའང་དད་པ་བྱེད་མི་ཆོག་པས་འདི་ནི་ཧ་ཅང་ཚབས་ཆེ་བས་ཆོས་དད་རང་དབང་མེད་པ་ཞིག་གོ །
སྲིད་གཞུང་གིས་འདི་གཉིས་ཀ་མི་བྱེད་པ་ནི་ཕྱོགས་གཅིག་ནས་ཆོས་དད་རང་དབང་ཞེས་བྱ་ཞིང་ཕྱོགས་གཅིག་ནས་ཆོས་སྲིད་ཁ་བྲལ་ཞེས་བྱའོ། །
གཉིས་པ་དེའི་དོན་ལ་ནོར་བ་བསལ་བ་ནི། དེང་སང་ཁ་ཅིག་གི་བསམ་པ་ལ་ཆོས་སྲིད་ཁ་བྲལ་ལམ་དབྱེ་འབྱེད་ཅེས་པ་དེ་འཇིག་རྟེན་འཁོར་བའི་བྱ་གཞག་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་སོགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་དམ་པའི་ཆོས་བསྒྲུབ་མི་རུང་བ་དང་། དམ་པའི་ཆོས་སྒྲུབ་མཁན་ཞིག་ཡིན་ཕྱིན་ཆབ་སྲིད་དཔལ་འབྱོར་རིག་གནས་གང་ཡང་བསྒྲུབ་མི་རུང་བ་ཞིག་ཡིན་ཞེས་སྨྲ་བར་བྱེད་དོ། །
དེ་ནི་ནོར་བ་ཁོ་ན་ཡིན་ཏེ། དེ་ལྟ་ན་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་ཐམས་ཅད་ཀྱིས་ཆོས་བསྒྲུབ་པ་དང་ཆོས་ལ་དད་པ་བྱེད་པ་ཁྲིམས་འགལ་དུ་འདོད་པར་ཁས་ལེན་དགོས་ཏེ། ཁོང་ཅག་ནི་ཆེས་ཐོག་མར་ཆོས་སྲིད་དབྱེ་འབྱེད་ཀྱི་ལམ་ལུགས་ཁྲིམས་ལ་བརྟེན་ནས་ལག་ལེན་དུ་བྱེད་པའི་རྒྱལ་ཁབ་ཡིན་པའི་ཕྱིར་རོ། །
འོན་ཀྱང་དེ་ལས་ལྡོག་སྟེ། སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་རྣམས་ཀྱིས་ཆོས་ལ་དད་པ་བྱེད་ཅིང་ཆོས་བསྒྲུབ་པར་འདུག་སྟེ། སྤྱི་ལོ་༡༩༨༡ལོར་བརྟག་དཔྱད་བྱས་པའི་འབྲས་བུ་ལྟར་ན། ཨ་རིའི་སྲིད་འཛིན་ལ་མཚོན་ན། སྲིད་འཛིན་དང་པོ་ཝ་ཤིན་ཐོན་(George Washington,喬治華‧盛頓)ནས་ཁུ་ལུན་ཐོན་(William J, Clinton,威廉‧杰斐遜‧克林頓)བར་གྱི་སྲིད་འཛིན་༤༢གྱི་ནང་ནས་མི་བཞི་མ་གཏོགས་གཞན་༣༨པོ་ཐམས་ཅད་ཆོས་ལ་དད་པ་བྱེད་པ་ཙམ་དུ་མ་ཟད་ཆོས་ཚོགས་ཀྱི་ཚོགས་མི་ཤ་སྟག་ཡིན་ཞིང་། མི་བཞི་པོའང་རང་རང་གི་ཆོས་ལུགས་གྲུབ་མཐའི་ཁ་ཕྱོགས་གསལ་པོ་ཡོད་ཅེས་ཟེར་ཞིང་། དེའི་ཕྱིས་སུ་བྱུང་བའི་སྲིད་འཛིན་བྷོས་ཤི་(George W Bush,喬治‧沃克‧布什)དང་ད་ལྟའི་སྲིད་འཛིན་ཨོ་བྷ་མ་(Barack Obama,奧巴馬)གཉིས་ཀའང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་པ་ཡིན་ནོ། །
བསྡོམས་རྩིས་གཞན་ཞིག་ལས། ཨ་རིའི་ལོ་རྒྱུས་ཀྱི་ཐོག་ཏུ་སྲིད་འཛིན་༡༡ཆོས་ཚོགས་ཀྱི་ཚོགས་མི་མ་ཡིན། འོན་ཀྱང་བྱེད་པ་པོ་ལྷ་ལ་དད་པ་ཡོད་ཚུལ་མངོན་གསལ་དུ་སྟོན་པར་འདུག་ཅེས་ཀྱང་ཟེར་རོ། །
ཨ་རིའི་དམངས་ཕལ་བ་ལ་མཚོན་ན། མི་བརྒྱ་ཆ༩༥འཇིག་རྟེན་བྱེད་པ་པོའི་ལྷ་ལ་དད་པ་བྱེད། མི་བརྒྱ་ཆ་༧༡གཅིག་མི་ཤི་བའི་རྗེས་སུ་ད་དུང་རྣམ་ཤེས་ཡོད་པ་དང་ལྷ་ཡུལ་ཞེས་པ་དེ་དོན་ལ་གནས་པར་ཁས་ལེན། བརྒྱ་ཆ་༥༧ཆོས་ཚོགས་སམ་ཆོས་ལུགས་ཀྱི་ལས་ཁུངས་ནང་དུ་ཞུགས། མི་བརྒྱ་ཆ་༥༧གྱིས་ཆོས་ལུགས་ཀྱིས་ད་ལྟའི་གནད་དོན་ཐམས་ཅད་དམ་ཕལ་ཆེ་བ་ལ་ལན་གདབ་པར་ནུས་ཟེར། མི་བརྒྱ་ཆ་༥༥ཡིས་ཆོས་ལུགས་འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ཟེར་རོ། །
དེ་བཞིན་དུ་གོང་གི་འདོད་པ་དེ་ལྟ་ན་ཨ་མེ་རི་ཀའི་ཆོས་པ་རྣམས་ཀྱིས་སྲིད་ཀྱི་བྱ་བ་སྒྲུབ་པའང་ཁྲིམས་འགལ་ཡིན་པར་འདོད་དགོས་ཀྱང་དེ་མིན་པར་མ་ཟད་ཆོས་པས་སྲིད་ཀྱི་བྱ་བ་བསྒྲུབ་པ་ཁྲིམས་མཐུན་ཡིན་པར་ཁོ་ཚོས་འདོད་དེ། ༡༩༨༣ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་མི་སུམ་ཆ་གཅིག་གིས་ངོ་རྒོལ་བྱས་ཀྱང་སུམ་ཆ་གཉིས་ཀྱིས་བློ་བབས་བྱས་ཏེ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་(Pastor,牧師)ཀྱིས་གཞུང་གི་འགན་སྒྲུབ་པ་ཁྲིམས་མཐུན་དུ་གཏན་ལ་ཕབ་པའི་ཕྱིར་རོ། །
གཞན་ཡང་ཨ་རིའི་མཉམ་འབྲེལ་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དོན་ཚོགས་འདུ་མགོ་འཛུགས་པའི་ཚེ། ཐོག་མར་མི་ཞིག་གིས་ལྷ་ལ་སྐྱབས་འཇུག་གི་གསོལ་བ་བཏབ་ནས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཚོགས་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་ཆེད་གཉེར་གྱིས་བཀོད་བསྒྲིགས་བྱས་ཡོད་ཅིང་། གྲོས་ཚོགས་ཀྱི་ཚོགས་འདུ་འཚོགས་པ་ནའང་ཐོག་མར་ལྷ་ལ་སྐྱབས་གསོལ་བ་དང་། སྲིད་འཛིན་གྱིས་འགན་གསར་དུ་འཁུར་བའི་སྐབས་སུའང་ལྷ་ལ་སྐྱབས་འཇུག་བྱེད་ཅིང་། ལག་པ་ལྷ་ཆེམས་ཀྱི་གླེག་བམ་ཐོག་ཏུ་བཞག་ནས་དམ་བཅའ་འབུལ་བ་དང་། གཞུང་བཙུགས་ཀྱི་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྒྱལ་དར་ལ་དམ་བཅའ་འབུལ་སྐབས་ཀྱང་ང་ཚོས་ལྷའི་སྐྱབས་འོག་ནས་ཞེས་པ་ལ་སོགས་པའི་ཚིག་སྒྲོག ཤོག་སྒོར་གྱི་སྟེང་དུའང་ང་ཚོ་ལྷ་ལ་ཡིད་རྟོན་ཞེས་པ་བྲིས་ཡོད། རྒྱལ་གླུ་དང་གསང་རྒྱའི་དམ་བཅའ་དང་ཁྲིམས་ཁང་གི་དམ་བཅའ་ཐམས་ཅད་ཀྱི་ནང་དུ་ལྷ་ལ་ཡིད་ཆེས་ཞེས་པའི་ཚིག་གསལ་བར་འཁོད་ཡོད་དོ། །
ཨ་རིའི་སྲིད་འཛིན་འགན་རབས་༣༢པ་རོབ་སེ་ཝེད་(Franklin D, Roosevelt,羅斯福)ཀྱི་སྲིད་འཛིན་གྱི་ལས་འགན་ཐེངས་བཞི་ཁུར་བའི་ཐེངས་ཐ་མའི་འགན་གསར་འཁུར་གྱི་གཏམ་བཤད་ནང་འདི་ལྟར་བཤད་དེ། ཀུན་ནུས་ཀྱི་ལྷས་ང་ཚོའི་རྒྱལ་ཁབ་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྲུང་སྐྱོབ་གནང་ཡོད། ང་ཚོའི་མི་དམངས་ལ་ཚ་དྲོད་འབར་བའི་སེམས་ཤུགས་དང་བདེ་ཐང་སྟོབས་ཤུགས་ཅན་གྱི་དཔུང་པ་ཞིག་གནང་ནས། ཁོང་ཚོ་རང་དབང་དང་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་དུ་བཅུག་ཡོད། ང་ཚོ་ལ་དད་པ་གནང་ཡོད། དེ་ནི་དཀའ་སྡུག་ཅན་གྱི་འཛམ་གླིང་འདིའི་ཐོག་གི་མིའི་རིགས་ཀྱི་རེ་བ་ཉིད་དུ་གྱུར་ཡོད། ཅེས་ཟེར། ཡང་ཨ་རིའི་སྲིད་འཛིན་འགན་རབས་༤༠པ་རེའུ་ནོལ་རེས་ཀན་(Ronald Reagan,雷根)གྱིས་གཏམ་བཤད་ཅིག་གི་ནང་དུ། ལྷ་ནི་ང་ཚོའི་ཚེ་སྲོག་གི་དྭངས་བཅུད་རེད། ཅེས་ཟེར་རོ། །
དེས་ན་ཞིབ་འཇུག་པ་འགའ་ཞིག་གིས་ཨ་རིའི་ཆོས་སྲིད་ཁ་ཕྲལ་ཞེས་པ་དེའི་སྙིང་དོན་ནི། ཆོས་ཚོགས་དང་རྒྱལ་ཁབ་གཉིས་སྒྲིགས་འཛུགས་ཀྱི་ཐོག་ནས་སོ་སོར་ཁ་ཕྲལ་བའི་དོན་ཡིན་གྱི། ཆོས་ལུགས་དང་སྲིད་ཇུས་ཁ་ཕྲལ་བ་མ་ཡིན་ཞིང་། ཆོས་ལུགས་དང་སྲིད་ཇུས་གཉིས་མིའི་བསམ་བློའི་ཐོག་ནས་ཁ་ཕྲལ་བ་ནི་དེ་བས་ཀྱང་མ་ཡིན་ནོ་ཞེས་ཟེར་བ་འདུག་སྟེ་མད་པར་སྣང་ངོ་། །
དེས་ན་འཛམ་བུ་གླིང་ལ་ཡོངས་སུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པའམ་ཆོས་སྲིད་ཁ་ཕྲལ་ཞེས་པ་དེ་ནི་གོང་དུ་བཤད་པ་ལྟར་སྲིད་གཞུང་གི་ཆབ་སྲིད་ཀྱི་དོན་ཞིག་ཡིན་གྱི། མི་སྒེར་གྱི་འཚོ་བའི་ནང་དུ་ཆོས་དང་སྲིད་གཉིས་ཀ་མཉམ་གནས་བྱེད་ཆོག་མི་ཆོག་གི་དོན་མ་ཡིན་པས་མགོ་བོ་རྨོངས་པར་མི་བྱའོ། །

མུར་འགོད།

日期: 2012-10-04

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༆ ། པེ་ཅིན་སློབ་ཆེན་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་གི་དྲི་བ་དྲིས་ལན།
ས་གནས། པེ་ཅིན་སློབ་ཆེན་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་།
དུས་ཚོད། ༢༠༡༠ལོའི་ཟླ་༦པའི་ཚེས་༢༤ཉིན་གྱི་ཕྱི་དྲོ།
མི་སྣ། མཁནཔོ་བསོད་ནམས་དར་རྒྱས།
࿄ ༡༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་གློག་རྡུལ་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། ད་ཐེངས་མཁན་པོ་ཁྱེད་ཀྱིས་ང་ཚོར་ཆོས་འཆད་ཁྲིད་གནང་བར་དགའ་སྤྲོ་ཆེན་པོ་སྐྱེས་པ་མ་ཟད། སེམས་རྩེ་གཅིག་གིས་ཁྱེད་ཀྱིས་གསུངས་པའི་ཆོས་ལ་ཉན་པ་ཡིན། ང་ལ་དྲི་བ་ཞིག་ཡོད་པ་ནི། ངའི་ཚོར་སྣང་ལ་རང་ཉིད་ཀྱིས་བྱ་བ་གང་ཞིག་བསྒྲུབས་ཀྱང་། སོམ་ཉིའི་དབང་དུ་སོང་ནས་ཐག་གཅོད་བྱེད་དཀའ་བར་འདུག ཡིན་ནའང་དཔའ་ངར་གྱི་སེམས་ཤུགས་རྒྱུན་ཆད་མེད་པར་འཕེལ་དུ་བཅུག་ན། རང་ཉིད་མི་གཤིས་གཏུམ་པོ་ཅན་ཞིག་ཏུ་འགྱུར་བའི་སེམས་ཁྲལ་དང༌། མཇུག་འབྲས་ལ་བསམ་བློ་མ་བཏང་ན། རང་གཞན་ཚང་མ་ལ། ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་གནད་དོན་འདིའི་རིགས་ལ་བློ་ཡིས་དབྱེ་ཞིབ་ཇི་ལྟར་བྱ་དགོས།
࿉ ལན།༽ ང་ཚོས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཐོག་མར་ནང་སེམས་ཀྱིས་བརྟག་དཔྱད་བྱེད་དགོས་པ་སྟེ། དོན་དག་དེ་བསྒྲུབས་ན་མཇུག་འབྲས་གང་འདྲ་འབྱུང་མིན་དང༌། དོན་དག་དེ་སྒྲུབ་པའི་གོ་རིམ་ཁྲོད་དུ། བསམ་ཡུལ་ལས་འདས་པའི་བར་ཆད་འབྱུང་མིན་ལ་བརྟག་དགོས། དེང་སྐབས་ཀྱི་མི་མང་པོས་འདིའི་སྐོར་གྱི་གནས་ལུགས་རྟོགས་ཀྱི་མེད་པ་དང༌། ཁེ་ལས་དང་ལས་དོན་གང་ཞིག་བསྒྲུབས་ཀྱང་ལེགས་པའི་ཕྱོགས་རྐྱང་རྐྱང་ལ་བསམ་བློ་གཏོང་བ་ལས། ཉེས་པའི་ཕྱོགས་ལ་ནང་སེམས་ཀྱིས་གྲ་སྒྲིག་བྱེད་ཀྱིན་མེད། དེར་མ་ཟད་མི་ལ་ལ་ཞིག་གིས་བྱ་བ་དེ་སྒྲུབ་པའི་སྐབས་གློ་བུར་དུ་ཤི་བ་དང་ནད་ཚབས་ཆེན་གྱིས་བཏབ་ན་ཅི་ལྟར་བྱ་དགོས་པའི་སྐོར་སོགས་ལ་འདང་ཡང་རྒྱག་གི་མི་འདུག དེ་དག་ལྟར་སྣང་ལ་བཀྲ་མི་ཤིས་པ་ལྟར་སྣང་ཡང༌། འོན་ཀྱང་འདི་ནི་མི་ཚང་མ་ལ་འབྱུང་ངེས་པ་ཡིན་པས། ཕྱི་བཤོལ་བྱེད་འདོད་ཀྱང་ཐར་མི་ཐུབ་བོ། །
ང་ཚོ་ནང་པ་དག་གིས། རྒྱུན་པར་གནད་དོན་ཐག་གཅོད་བྱེད་སྐབས་གནད་དོན་དེའི་ལེགས་པའི་ཕྱོགས་ལ་ལྟ་བ་མ་ཟད་མི་ལེགས་པའི་ཆ་ལའང་། བསམ་བློ་མང་པོ་གཏོང་གི་ཡོད་པས། གལ་ཏེ་གནད་དོན་ཐག་གཅོད་ཀྱི་གོ་རིམ་ཁྲོད་ནས་ཉེས་པའི་ཆ་མང་དུ་བྱུང་ཡང་། དེ་ལ་ཁ་གཏད་ཀྱི་སྤོབས་པ་དང་ནུས་པ་ཡོད་པ་ཡིན། དེར་བརྟེན། ཁྱོད་ཀྱིས་བྱ་བ་གང་ཞིག་བསྒྲུབ་ཀྱང་། ཐོག་མར་བརྟག་དཔྱད་ཞིབ་ཚགས་བྱ་བ་ནི་ཤིན་ཏུ་གལ་ཆེ། བོད་ཁུལ་གྱི་མཁས་པ་གྲགས་ཅན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཀྱང༌། བྱ་བའི་ཐོག་མར་བསམ་དགོས་ཀྱི། ། རྗེས་ནས་འགྱོད་པ་བླུན་པོའི་རྟགས། ། ཞེས་གསུངས་པ་ལྟར་མི་ཤེས་ཡོན་ཅན་ཞིག་ལ་མཚོན་ན། གནད་དོན་མ་བྱུང་བའི་སྔོན་ནས་སེམས་ལྷོད་པོས་དབྱེ་ཞིབ་བྱེད་པ་སྟེ། ངས་བྱ་བ་འདི་བསྒྲུབས་ན་མཇུག་འབྲས་ཇི་འདྲ་འབྱུང་བ་དང༌། སྒྲུབ་པའི་གོ་རིམ་ཁྲོད་དུ་བར་ཆད་ཡོད་མེད། ཇི་ལྟར་བྱས་ན་ད་གཟོད་ལེགས་འགྲུབ་འབྱུང་བ། མཇུག་མཐའི་ཁེ་ཕན་གྱིས་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་བསྒྲུབ་ཆོག་པ་སོགས། གནད་དོན་མང་པོ་ལ་སྔོན་ནས་བསམ་བློ་གཏོང་བ་ཡིན། འདི་འདྲའི་སྔོན་འགྲོའི་ཆ་རྐྱེན་དེ་ཚང་ན། དོན་དག་གང་ཞིག་བསྒྲུབས་ཀྱང་ཐེ་ཚོམ་བྱས་ནས་ཐག་གཅོད་དཀའ་བར་མི་འགྱུར་ཞིང༌། མཇུག་འབྲས་ལ་བསམ་བློ་ཞིབ་མོ་བཏང་ནས་ཡང་དག་པའི་ལམ་ལ་འཇུག་པ་ཡིན།
࿄ ༢༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་གི་རབ་འབྱམས་པ་ཞིག་ཡིན། དེ་རིང་ཁྱེད་ཀྱི་ཆོས་ཁྲིད་ལ་ཉན་རྗེས་ང་ལ་སྐུལ་སློང་ཆེན་པོ་ཐེབས་སོང༌། ང་ལ་དྲི་བ་ཞིག་ཡོད་པ་ནི། ཀྲུང་གོའི་ནང་ཆོས་དང་རུའུ་ལུགས། ཏའོ་ལུགས་སོགས་ཆོས་ལུགས་ཚང་མ་ནི། ནང་སེམས་ཀྱི་བདེ་བ་འཚོལ་སྙེག་བྱེད་པ་ལས། ཕྱི་རོལ་གྱི་དངོས་པོ་རྣམས་ལ་རེ་སྙེག་མི་བྱེད་པ་ཞིག་ཡིན་ནའང༌། དེང་སང་རྒྱལ་སྤྱི་ཅན་གྱི་གོ་རིམ་ཁྲོད་དུ། གལ་ཏེ་ཀྲུང་གོ་ཁོ་ནར་འཆམ་མཐུན་བྱུང་ནས། འཇིག་རྟེན་པའི་བྱ་བ་ལས་ངེས་པར་འབྱུང་སྟེ་རྒྱབ་ཏུ་བོར་ན། རྒྱལ་ཁབ་གཞན་པས་གནམ་གྲུ་དང་འབར་མདེལ་སོགས་སྤྱད་ནས། ང་ཚོར་འཕྲོག་བཅོམ་བྱས་ན་ང་ཚོས་ཇི་ལྟར་བྱ་དགོས། ང་ཚོས་ཁོ་ཚོས་ཅི་བྱེད་ཐམས་ཅད་ཅི་མི་སྙམ་དུ་འཇོག་པ་ཡིན་ནམ།
࿉ ལན།༽ རྒྱ་ནག་གི་མི་ཚང་མས་བྱ་བ་ཐམས་ཅད་བོར་ཏེ་ངེས་འབྱུང་སྐྱེས་ནས་རབ་ཏུ་བྱུང་བ་ནི་མི་སྲིད་པ་ཞིག་ཡིན་ལ། ངས་འདི་ནས་ནན་བཤད་བྱེད་པ་ནི་དངོས་པོའི་དཔལ་ཡོན་ཚད་མཐོར་འགྲོ་བཞིན་པའི་དེང་གི་དུས་འདིར། མི་ཆོས་ཀུན་སྤྱོད་དང་སྲོལ་རྒྱུན་རིག་གནས་སྣང་མེད་དུ་འཇོག་གཏན་ནས་མི་རུང༌། ཁྱད་པར་དུ་ཁྱེད་ཚོའི་སྲོལ་རྒྱུན་རིག་གནས་དཔེར་ན་ལའོ་ཙི། ཁུང་ཙི། མོང་ཙི་གསུམ་གྱི་གྲུབ་མཐའ་ལ་ཆ་རྒྱུས་ཡོད་པའི་མི་ནི། ཇེ་ཉུང་ནས་ཇེ་ཉུང་ཡིན། ལྷོ་ཁོ་རེ་ཡ་དང༌། སིང་གྷ་ཕོར། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་གཞན་དག་གིས། འདི་ལྟ་བུའི་རིག་གནས་བེད་སྤྱོད་ལེགས་འགྲུབ་བྱུང་ནས་མི་མང་པོར་ཕན་པ་སྐྲུན་གྱིན་ཡོད། རྒྱ་ནག་པ་ཞིག་ལ་མཚོན་ན་འདི་ནི་དངོས་གནས་སྐྱོ་འོས་པའི་གནས་ཚུལ་ཞིག་རེད། རྒྱུ་མཚན་ནི་གྲུབ་མཐའ་འདིའི་འབྱུང་ཁུངས་རྒྱ་ནག་ཡིན་པས་སོ། །
དཔེར་ན། ནང་པའི་ཆོས་ཀྱང་ཐོག་མར་རྒྱ་གར་ནས་རྒྱ་ནག་ཏུ་དར་བ་དང་། དེ་ནས་བོད་ཡུལ་། ཡོ་རོབ་རྒྱལ་ཁབ་སོགས་སུ་དར་བ་ཡིན། དེའི་རྗེས་སུ་རྒྱ་གར་བྲམ་ཟེ་ཆོས་ལུགས་པས་བཟུང་སྟེ། དེང་སྐབས་ནི་བོད་ཡུལ་གྱི་དམ་པ་རྣམས་རྒྱ་གར་དུ་སོང་ནས། ནང་ཆོས་དར་སྤེལ་གཏོང་གིན་ཡོད། འདི་ལྟ་བུའི་སྣང་ཚུལ་ཡང་སྐྱོ་འོས་པ་ཞིག་རེད། དེའི་རྐྱེན་གྱིས། ཁྱེད་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་འདི་སྲུང་སྐྱོབ་ལེགས་པོ་བྱས་ན་མ་གཏོགས་ལོ་དུ་མ་འགོར་རྗེས། རྒྱ་ནག་པས་ཀྱང་ཨ་རི་བ་དང་། ཁོ་རེ་ཡའི་མི་རྣམས་གདན་དྲངས་ནས། རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་འདི་དག་ཁ་གསབ་བྱ་དགོས་པའི་གནས་སུ་ལྷུང་ངེས། འདི་འདྲའི་གནས་སུ་ལྷུང་ན་ནི་ངོ་ཚ་ཤིན་ཏུ་ཆེན་པོ་རེད། ངའི་རེ་བ་ནི་མི་ཚང་མས་དངོས་པོའི་འཚོལ་སྙེག་བསྐྱུར་ཏེ། རྒྱལ་ཁབ་གཞན་པས་གང་འདོད་དུ་འཕྲོག་བཅོམ་བྱེད་དུ་འཇུག་པ་ག་ལ་ཡིན། ཁྱེད་ཚོ་ཁྱིམ་འཛིན་མཁན་ཡིན་ཕྱིན་ཚོང་ལས་གཉེར་ཆོག་ལ་སྒོར་མོའང་འཚོལ་ཆོག འོན་ཀྱང་དེ་ལ་སྔོན་འགྲོའི་ཆ་རྐྱེན་ཞིག་ཚང་དགོས་པ་ནི་ཁྲིམས་ལུགས་དང་། གནས་ལུགས་སོགས་དང་མི་མཐུན་པའི་གཡོ་ཐབས་སྤྱོད་མི་རུང༌། གལ་ཏེ་གོང་དང་མི་མཐུན་པར་གཡོ་ཐབས་སྤྱད་ནས་བྱ་བ་སྣ་ཚོགས་བསྒྲུབས་ན། དེང་སང་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོ་དུས་རབས་དང་བསྟུན་ནས། འཕེལ་རྒྱས་འགྲོ་བཞིན་ཡོད་པས། རང་ཉིད་རྐྱང་རྐྱང་བསམ་ནས་བསྡད་ན། དུས་རབས་ཀྱི་རྗེས་སུ་ལུས་འགྲོ་བ་ཡིན། དེར་བརྟེན་དངོས་པོའི་འཕེལ་རྒྱས་དང་བསྟུན་ནས། རང་ཉིད་ཀྱི་ནང་སེམས་ལ་མཐོང་ཆེན་བྱེད་དགོས། ང་ཚོའི་དམིགས་ཡུལ་དེ་མཐའ་གཅིག་ཏུ་སྒོར་མོའི་ཕྱོགས་སུ་མི་གཏད་པར། འདི་གཉིས་བར་ལ་ཆ་མཉམ་ཡོང་བར་བྱ་དགོས།
࿄ ༣༽དྲི་བ། མི་སོ་སོ་ལ་དད་མོས་མི་འདྲ་བ་རེ་ཡོད་པ་ཡིན། འོན་ཀྱང་དད་མོས་ང་ཚོའི་སེམས་ལ་དབུགས་དབྱུང་བྱེད་པ་དང་མཉམ་དུ། དད་མོས་མི་འདྲ་བའི་བར་ལ་འགལ་བ་མང་པོ་འབྱུང་སྲིད། དཔེར་ན་ཤར་དབུས་ཀྱི་དམག་འཁྲུག་ལྟ་བུ་རེད། ཁྱེད་ཀྱིས་གནད་དོན་འདི་ལ་ལྟ་ཚུལ་ཇི་འདྲ་བཟུང་ཡོད།
࿉ ལན།༽ སྤྱིར་དད་མོས་མི་འདྲ་བའི་བར་དུ་འགལ་བ་ཡོད་པ་མ་ཟད་ཆོས་ལུགས་པ་དང་ཆོས་ལུགས་པ་མིན་པ་དག་གི་བར་འཁྲུགས་རྩོད་བྱུང་བ་སོགས། འདི་འདྲའི་སྣང་ཚུལ་རྒྱུན་མཐོང་ཞིག་རེད། ང་རང་ཉིད་ནང་པ་ཞིག་ཡིན་པས་ལོ་མང་པོར་ནང་བསྟན་ལ་ཞིབ་འཇུག་བྱས་ཀྱང་། ནང་ཆོས་ཀྱིས་བསླངས་པའི་དམག་འཁྲུགས་ཤིག་གཏན་ནས་གོ་ཚོར་མ་བྱུང༌། དེ་ཡང་༢༠༠༩ལོར། སོད་སུའི་རི་ལེ་བ་གྲོང་ཁྱེར་དུ། རྒྱལ་སྤྱིའི་ཆོས་ལུགས་མཉམ་འབྲེལ་ཚོགས་འདུ་ཞེས་པའི་ཚོགས་འདུ་ཞིག་སྤེལ་བ་རེད། ཚོགས་འདུའི་སྟེང་དུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ལྔ་གཙོ་བོར་བྱས་པའི་ཚོགས་པ་དག་གིས་མང་གཙོའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས། ཚང་མས་གཅིག་གྱུར་གྱིས་ནང་ཆོས་ནི། འཛམ་གླིང་སྟེང་གི་ཆེས་བཟང་བའི་ཆོས་ལུགས་ཡིན་པར་བདམས་ནས་བྱ་དགའ་ཐོབ་རྗེས། མི་ལ་ལས་ཚོགས་ཞུགས་མི་སྣ་དག་ལ་བཅར་འདྲི་བྱེད་སྐབས། རྒྱལ་སྤྱིའི་ཆོས་ལུགས་མཉམ་འབྲེལ་ཚོགས་པའི་ཞིབ་འཇུག་ཚོགས་གཙོ་ཡིས་འདི་ལྟར་བཤད་པ་རེད། ནང་ཆོས་ལ་བྱ་དགའ་འདི་ཐོབ་པ་ང་ལ་ངོ་མཚར་སྐྱེས་མ་བྱུང༌། རྒྱུ་མཚན་ནི་འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ། ནང་ཆོས་དང་འབྲེལ་བའི་དམག་འཁྲུགས་ཤིག་གཏན་ནས་བྱུང་མ་མྱོང༌། འདི་ནི་ནང་ཆོས་ཀྱི་ཆོས་ལུགས་གཞན་དང་ཐུན་མོང་མ་ཡིན་པའི་ཆ་ཞིག་ཡིན་ཟེར།
དེས་ན་ནང་ཆོས་ཀྱིས་གུ་ཡངས་ཀྱི་བསམ་པ་རྒྱ་ཆེན་པོ་བསྐྱེད་དེ་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ཡིན། དེང་སང་ནང་ཆོས་ལ་སྦྱང་པ་ཆུང་བའི་མི་ཁ་ཤས་ཀྱིས་འཁྲུགས་རྩོད་དང་། ཆོས་དང་མི་མཐུན་པའི་བྱ་བ་སྒྲུབ་པ་ཅུང་ཟད་ཡོད་ཀྱང༌། འདི་ནི་ཁོ་ཚོ་རང་ཉིད་ཀྱི་ཉེས་པ་ཡིན་པ་ལས་ནང་ཆོས་ཀྱི་ཚབ་བྱེད་མི་ཐུབ། དེར་བརྟེན་དད་མོས་མི་འདྲ་བའི་བར་ལ་འཁྲུག་རྩོད་བྱུང་བ་དང་། ཤར་དབུས་ཀྱི་དམེ་འཁྲུགས་སོགས་ནི་ཆོས་ལུགས་ཉུང་ཤས་ཀྱི་སྤྱོད་ཚུལ་ཡིན་པ་ལས་འཛམ་གླིང་སྟེང་གི་ཆོས་ལུགས་ཚང་མ་འདི་ལྟར་ཡིན་ཞེས་བརྗོད་མི་རུང༌།
࿄ ༤༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་གསར་འགྱུར་བརྒྱུད་སྒྲོག་ཁང་ནས་མཐར་ཕྱིན་པའི་ཞིབ་འཇུག་སློབ་མ་ཞིག་ཡིན་པ་དང་། ད་ལྟ་ལས་ཀར་ཞུགས་ཟིན་པ་ཞིག་ཡིན། ངས་དྲི་བ་ཞིག་འདྲི་འདོད་པ་ནི། འདས་ཟིན་པའི་ལོ་ངོ་སུམ་ཅུའི་དཔལ་འབྱོར་འཕེལ་རིམ་ཁྲོད་དུ། ཀྲུང་གོའི་མིའི་བསམ་བློའི་འདུ་ཤེས་ཧ་ཅང་གུ་དོག་པ་སོགས་བྱུང་ཡང་། ད་སྐབས་རྒྱལ་ཁབ་ཀྱིས་སྒེར་གྱི་ཆོས་དད་ལ་ཅུང་ཟད་སྒོ་ཕྱེ་ནས། ཀྲུང་གོའི་མི་དུང་ཕྱུར་བཅུ་ཕྲག་ལྷག་ལ་རྒྱ་ཆེ་བའི་དད་མོས་ཁོར་ཡུག་ཞིག་བསྐྲུན་ཡོད་པ་རེད། ངས་སྙན་ཞུའི་ཡིག་ཆ་ཞིག་ལས་མཐོང་བ་ལྟར་ན། དེང་སྐབས་ཆོས་ལོག་རིགས་སྟོང་ཕྲག་ཁ་ཤས་ཀྱིས་ཀྲུང་གོ་ལ་བློ་མིག་གཏད་འདུག་པ་མ་ཟད། ཐབས་ལམ་སྣ་ཚོགས་སྤྱད་ནས་ཀྲུང་གོར་སིམ་འཛུལ་བྱེད་བཞིན་ཡོད་པ་རེད། ཐ་ན་ཀྲུང་གོའི་དཔེ་མཛོད་ཁང་མང་པོར་ཆོས་ལོག་གི་དཔེ་ཆ་འབོར་ཆེན་འཚོང་བཞིན་ཡོད་པས། ང་ཚོས་སྟབས་བདེའི་ཐབས་ལམ་ཅི་འདྲ་ལ་བརྟེན་ན་ད་གཟོད་ཆོས་ཡང་དག་པ་དང་ཆོས་ལོག་གཉིས་དབྱེ་འབྱེད་ཇི་ལྟར་བྱེད་ཐུབ།
࿉ ལན།༽ དེང་སང་རྒྱ་ནག་གི་མི་མང་ཆེ་བའི་སེམས་ཁམས་སྟོང་པ་ཡིན་པས་ཆོས་ལུགས་པ་མང་པོ་ཞིག་གིས་གོ་སྐབས་འདི་ལ་བརྟེན་ནས་མི་རྣམས་ཀྱི་དད་མོས་དེ་ཁོ་ཚོའི་ཆོས་ལུགས་ཀྱི་ཕྱོགས་སུ་བསྒྱུར་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་སྤྱིར་བཏང་བཤད་ན། གལ་ཏེ་ཆོས་ལོག་ཡིན་ན་མི་རྣམས་ཀྱི་སེམས་ཁམས་དང་མི་འཕྲོད་ཅིང་ཡ་རབས་ཀུན་སྤྱོད་ལ་རྒྱབ་འགལ་དུ་འགྱུར་བས་མི་རྣམས་ཀྱི་མི་ཚེའི་ཁྲོད་དུ་བྱུང་བར་མ་ཟད་སེམས་ནང་དུ་ཞུགས་ནའང༌། དུས་ཡུན་རིང་པོར་གནས་མི་ཐུབ་པར། མཐར་ཆོས་ལོག་དེ་དག་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ནས་ཕྱིར་འབུད་བྱེད་ཐག་ཆོད་ཡིན། དཔེར་ན། དེང་སྐབས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཁ་ཤས་གནའ་ནས་ད་བར་དུ། ཤར་ནུབ་ཕྱོགས་ཀྱི་རིག་གནས་འཕེལ་རྒྱས་དང་བསྟུན་ནས་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཕྱོགས་ཆེ་ས་ནས་གླེང་ན། ཆོས་ལུགས་འདི་ཚོའི་བར་ལ་འཆམ་མཐུན་མཉམ་གནས་དགོས་པ་དང༌། གནད་དོན་འདི་ལ་རྒྱལ་ཕྱིའི་ནང་པའི་མཁས་དབང་དག་གིས་གཙིགས་ཆེན་བྱེད་ཀྱིན་ཡོད། ཡེ་ཤུའི་ཆོས་ལུགས་དང༌། གནམ་བདག་ཆོས་ལུགས། ཁ་ཆེའི་ཆོས་ལུགས། སངས་རྒྱས་ཆོས་ལུགས་སོགས་གང་ཡིན་ཡང་། ཕན་ཚུན་གྱི་ཆོས་ལུགས་ཆོ་གའི་བར་ལ་བརྩི་བཀུར་བྱ་དགོས་པ་དང༌། འདི་ནི་ཆོས་ལུགས་དད་མོས། མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་མཚོན་རྟགས་ཀྱང་ཡིན། དེར་བརྟེན། ཆོས་ལུགས་དང་ཆོས་ལུགས་ཕན་ཚུན་བར་ལ་འགལ་ཟླ་དང་ཕྱིར་འབུད་བྱེད་མི་རུང་བ་ཡིན། གལ་ཏེ་ཁྱེད་ཀྱིས་ནང་ཆོས་ནི་ཡང་དག་པའི་ཆོས་ལུགས་ཡིན་པ་ལས། ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་སོགས་ནི། ཆོས་ལོག་རྐྱང་རྐྱང་ཡིན་ཟེར་ན་གནས་ལུགས་དང་མི་མཐུན་པ་ཞིག་ཡིན། དེས་ན་ཡང་དག་པའི་ཆོས་དང་ཆོས་ལོག་གཉིས་ཀྱི་དབྱེ་བ་ཇི་ལྟར་འབྱེད་པ་མདོར་བསྡུས་ནས་བཤད་ན། མི་རྣམས་ཀྱི་སྐྱེ་ཁམས་དང་། སེམས་ཁམས་སོགས་ལ་ཕན་པ་ཅི་ཡང་མེད་པ་མ་ཟད་གནོད་སྐྱོན་ཤ་སྟག་ལས་མེད་པའི་ཆོས་ལུགས་ལ་ཆོས་ལོག་ཟེར། འཛམ་གླིང་སྟེང་དུ་ཆོས་ལུགས་མང་པོ་ཞིག་ནི། འགྲོ་བ་མི་ལ་གནོད་པ་མེད་པ་མ་ཟད་དེས་མི་རྣམས་ལ་དགེ་བསྐུལ་གྱི་ནུས་པ་ཆེན་པོ་ཐོན་གྱིན་ཡོད། དཔེར་ན་རུའུ་ལུགས་གྲུབ་མཐའ་ཡིས་མི་རྣམས་ཀྱི་ཀུན་སྤྱོད་ལ། དཔེ་བཟང་གི་ནུས་པ་ཐོན་ཡོད། ད་དུང་ཡེ་ཤུའི་ཆོས་ལུགས་ཡིན་ནའང་། ས་ཆ་སོ་སོར་སྨན་ཁང་དང་སློབ་གྲྭ་འཛུགས་པ་སོགས་མིའི་རིགས་ལ་ཕན་པའི་བྱ་བ་མང་པོ་སྒྲུབ་བཞིན་ཡོད་པས། དེ་ཚོ་ཚང་མ་ནི་ངོ་མ་བསྔགས་བརྗོད་བྱ་འོས་པ་ཞིག་རེད། ངས་སྔོན་ཆད་ཀྱང་གནམ་བདག་ཆོས་ལུགས་ཀྱི་ཆོས་པ་ཁྲི་རཱེ་སའི་ལོ་རྒྱུས་བཤད་མྱོང༌། མ་གཞི་ཁོ་མོ་ནི། ཆེས་སྤྱིར་བཏང་གི་གནམ་བདག་ཆོས་ལུགས་པ་ཞིག་ཡིན་ཡང༌། ལོ་བཅུ་གཉིས་ཀྱི་སྟེང་ནས། ཉམ་ཐག་པའི་མི་རྣམས་ལ་རོགས་རམ་བྱས་ཏེ་ལོ་དྲུག་གི་རིང་ལ་མ་མེད་ཀྱི་དྭ་ཕྲུག་ཁྲི་ཚོ་དྲུག་ཙམ་གསོ་སྐྱོང་བྱས། འདི་ལྟ་བུའི་སྤྱོད་ལམ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ང་ཚོ་ཐེག་པ་ཆེན་པོའི་ཆོས་ལུགས་པ་ཡིན་རུང་། ཁོ་མོའི་མདུན་ནས་ངོ་གནོང་དགོས་པ་ཞིག་རེད། ཆོས་ལུགས་ཆེན་པོ་ཁག་གི་བར་ལ་མཐུན་སྒྲིལ་བྱས་པའི་ཆ་རྐྱེན་འོག་ཏུ་སོ་སོའི་ལྟ་བ་མི་མཐུན་པ་རྣམས་གཅིག་དྲིལ་བྱེད་པའི་དགོས་པ་མེད། དེ་དང་མཉམ་དུ། ཆོས་ལུགས་དེས་བསྟན་དོན་གྱིས་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་འཛུགས་པའང་གནས་ལུགས་དང་མཐུན་པ་ཞིག་ཡིན། ང་ཚོ་བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མང་པོ་ཡོད་དེ། དཔེར་ན་རྙིང་མ་པ་དང་དགེ་ལུགས་པ་སོགས་ཚང་མས། རང་ཉིད་ཀྱི་ལྟ་བ་རྒྱུན་འཛིན་བྱ་བ་གཞིར་བཞག་གི་སྟེང་ནས། ལྟ་བ་དེ་དག་ནི་གནས་ལུགས་དང་མཐུན་པས་གཅིག་དག་མ་དང་གཅིག་རྫུན་མ་རེད་ཅེས་ཟེར་གྱིན་མེད། འདས་ཟིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། མི་རྣམས་ཤེས་རྒྱ་ཆུང་བའི་དབང་གིས་སྐྱུག་བྲོ་བའི་བྱ་སྤྱོད་མང་པོ་བྱུང་མྱོང་སྟེ། ཆོས་ལུགས་པ་དག་གི་བར་ལ་རྒྱང་བཀྱེད་དང་དམར་གསོད་བྱེད་པ་སོགས། འདི་ཚང་མ་ནི་མི་རྣམས་ལ་ཤེས་ཡོན་མེད་པའི་མཚོན་རྟགས་རེད། འགྲོ་བ་མིའི་རིགས་སོགས་ལ་ཕན་ཐོགས་པའི་ཆོས་ལུགས་ཡོད་དོ་ཅོག་ནི་ཆོས་ལུགས་ཡང་དག་ཡིན་ལ། མི་རྣམས་ཀྱི་ལུས་སེམས་བདེ་ཐང་དང་། འཕེལ་རྒྱས་ལ་ཕན་པ་མེད་པའི་ཆོས་ལུགས་དེ་དག་ནི་ཆོས་ལོག་ཡིན། འདི་ནི་ཆོས་ལུགས་དབྱེ་འབྱེད་ཀྱི་རྩ་བའི་ཐབས་ཚུལ་ཡང་ཡིན། མདོར་ན་སོ་སོའི་རིག་པས་དབྱེ་ཞིབ་བྱ་དགོས་པ་ལས་ང་མི་གཅིག་གིས་ཡང་དག་པའི་ཆོས་དང་ཆོས་ལོག་གཉིས་ཀྱི་དབྱེ་བ་ཐག་གཅོད་བྱ་དགོས་པའི་ངེས་པ་མེད་དོ། །
࿄ ༥༽ དྲི་བ། ང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན། ངས་ནང་ཆོས་སློབ་སྦྱོང་གི་གོ་རིམ་ཁྲོད་དུ། རྒྱུ་རྐྱེན་ཅི་ཡིན་མི་ཤེས་པར་ངའི་སེམས་པ་ནི། ཆུང་དུས་ལྟར་བག་ཕེབས་དང་ལྷོད་པོ་མེད་པར་ཉིན་བཞིན་བག་འཁུམས་དང་ཚབ་ཚུབ་ཏུ་འགྱུར་བཞིན་ཡོད། ངས་འདི་ལྟ་བུའི་གནས་ཚུལ་ལ་ཇི་ལྟར་ཁ་གཏད་དགོས།
࿉ ལན།༽ དེས་ན་ཅི་དྲག ངའང་ཅུང་ཙམ་ཚབ་ཚུབ་གྱུར་བྱུང༌། ༼དགོད་སྒྲ༽
ཁྱེད་ཀྱི་སེམས་ལྷོད་ལ་འབབ་མི་ཐུབ་པར་ཕལ་ཆེར་རྒྱུ་རྐྱེན་རིགས་གཉིས་ཡོད་རྒྱུ་རེད།
གཅིག་ནི་ཚེ་སྔོན་མའི་སྡིག་སྒྲིབ་ལ་རགས་ལས་པ་ཡིན། མངོན་པ་མཛོད་རང་འགྲེལ་དུའང༌། གལ་སྲིད་ཚེ་སྔོན་མར་འབུ་སྲིན་སོགས་སྐོར་འཕེན་བྱས་ཏེ་འབུ་སྲིན་དེ་དག་འཇིགས་སྣང་ཁྲོད་འཆི་རུ་བཅུག་ན། ཚེ་འདིར་སེམས་ཁམས་རྒྱུན་ལྡན་མེད་པར་འཇིགས་སྐྲག་གི་ཚོར་བ་དུས་རྒྱུན་སྐྱེ་བ་ཡིན་ཞེས་གསུངས་པ་ལྟར། གནད་དོན་འདི་རིགས་ནད་ལ་བལྟ་བ་དང་སྨན་འཐུང་བ་ཙམ་གྱིས་ནུས་པ་ཐོན་མི་ཐུབ་ལ་མི་གཞན་ལ་ཆོ་ག་སྒྲུབ་ཏུ་བཅུག་ཀྱང་ཕན་ཐོགས་པའི་ངེས་པ་མེད། རྒྱུ་མཚན་ནི་ཚེ་སྔོན་མར་བསགས་པའི་ལས་ཀྱི་འབྲས་བུ། རང་ཉིད་ཀྱིས་ངེས་པར་དུ་མྱོང་དགོས་པས་ཕྱི་རོལ་རྒྱུ་རྐྱེན་གྱིས་བསྒྱུར་བཅོས་གཏོང་དཀའ་བས་ཡིན། གལ་ཏེ་ཁྱོད་འདིའི་རིགས་ཡིན་ན་སྡིག་བཤགས་ཀྱི་བསྙེན་པ་མང་པོ་བཏོན་ནས། སྡིག་པ་དེ་དག་ག་ལེར་བཤགས་དགོས།
གཉིས་ནི་མིའི་ན་ཚོད་ཇེ་ཆེར་སོང་བ་དང་། ཕྱི་རོལ་གྱི་རྒྱུ་རྐྱེན་འདྲ་མིན་སྣ་ཚོགས་ཀྱི་དབང་གིས་སེམས་མི་བདེ་བ་ཡོང་གི་ཡོད། འདི་ལྟ་བུའི་གནས་ཚུལ་ནི་ཁྱོད་གཅིག་པུ་མ་ཡིན་པར། མི་མང་པོ་ཞིག་གིས་གནས་ཚུལ་འདིའི་རིགས་བརྒྱུད་དེ་ཉམས་མྱོང་འདི་ལྟར་བྱུང་བ་སྟེ། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་རང་ཉིད་ཀྱི་སེམས་སྐྱིད་ནའང་། ཅང་མ་འགོར་བར་སེམས་ལ་སྐྱོ་སྣང་སོགས་ཀྱང་འབྱུང་བ་ཡིན། འདི་འདྲའི་མཚམས་རེར་སྐྱིད་ལ་མཚམས་རེར་སྡུག་པའི་སྣང་ཚུལ་ནི། ནམ་རྒྱུན་གྱི་འཚོ་བ་སྙོམས་སྒྲིག་ལ་བརྟེན་ཏེ་བསྒྱུར་བཅོས་བྱ་ཐུབ། གལ་ཏེ་འདི་ལྟར་བསྒྱུར་བཅོས་བྱ་ཐུབ་ན་རིམ་གྱིས་རང་སེམས་བག་འཁུམས་དང་ཚབ་ཚུབ་མེད་པར་སྔོན་བཞིན་གུ་ཡངས་བག་ཕེབས་དང་ལྷོད་པོ་རང་དབང་དུ་གྱུར་ཡོང༌།
࿄ ༦༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་སྙི་ཆས་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། ད་ལྟ་མཐར་ཕྱིན་ནས་སྤྱི་གཉེར་ཁང་ཞིག་ཏུ་སྙི་ཆས་བཟོ་བཀོད་ལས་ཀ་གཉེར་བཞིན་ཡོད། ང་ལ་དྲི་བ་ཞིག་ཡོད་པ་ནི། ངས་རང་གི་ཕ་མ་གཉིས་ནང་ཆོས་ཕྱོགས་སུ་བློ་ཁ་བསྒྱུར་བའི་གོ་རིམ་ཁྲོད། ལས་རྒྱུ་འབྲས་དང་འགྲོ་བ་རིགས་དྲུག་སོགས་ཀྱི་གནས་ལུགས་བཤད་སྐབས། ལས་རྒྱུ་འབྲས་ཡོད་པ་དེ། ཁོ་ཚོས་ཁས་ལེན་ཡང་འགྲོ་བ་རིགས་དྲུག་ཡོད་པ་ནི་ཁས་གཏན་ནས་མི་ལེན། ཁོང་གཉིས་ཀྱིས་བཤད་པ་ལྟར་ན། ཚེ་འདི་ལ་སྐྱིད་ན་ཆོག་པ་ལས་ཚེ་ཕྱི་མར་བསམ་བློ་གཏོང་མི་དགོས་ཟེར། དེའི་རྐྱེན་གྱིས་ང་ལ་སེམས་ཁྲལ་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང༌། རྒྱུ་མཚན་ནི་ངས་རང་གི་ཕ་མ་གཉིས་ལ་དྲིན་ལན་འཇལ་ཐབས་ནི། ཁོང་གཉིས་ནང་ཆོས་ལ་བློ་ཁ་ཕྱོགས་རྒྱུ་དེ་ཡིན་པས་སོ། དེར་བརྟེན་ངས་ནམ་རྒྱུན་རང་ཉིད་ནུས་པ་ཆུང་དྲགས་འདུག་པས་ཡིན་སྙམ་གྱིན་ཡོད། དེས་ན་ངས་ཇི་ལྟར་བྱ་དགོས།
࿉ ལན།༽ ང་ཁྱེད་ཀྱི་སེམས་བསྐྱེད་ལ་ཡི་རངས་པ་ཡིན། ངོ་མ་རེད། བུ་ཕྲུག་རྣམས་ཀྱིས། རང་གི་ཕ་མར་དྲིན་ལན་འཇལ་འདོད་ན་ཐེག་པ་ཆེན་པོའི་དགོངས་པ་ལྟར་ན། ཕ་མ་ཚོ་ནང་ཆོས་ཀྱི་ཕྱོགས་སུ་བསྒྱུར་ཏེ་དགེ་བའི་བྱ་བ་སྒྲུབ་ཏུ་འཇུག་རྒྱུ་ནི་ཐབས་ལམ་བཟང་ཤོས་དེ་ཡིན། འདི་ནི་འཇིག་རྟེན་པའི་ལྟ་བ་དང་མི་མཐུན་ས་མང་པོ་ཡོད། འཇིག་རྟེན་པས་འདོད་པ་ལྟར་ན་རང་གི་ཕ་མ་གཉིས་ལ་ཁང་པ་བཟང་པོ་ཉོ་རྒྱུ་དང༌། ལྟོ་གོས་ལ་སེམས་ཁྲལ་མི་དགོས་པར་བྱས་ན་དྲིན་ལན་འཇལ་ཐུབ་པར་འདོད། ཡིན་ནའང་ཁོ་ཚོས་འདི་ཚང་མ་ལོ་ཁ་ཤས་ཀྱི་རིང་ལ་བཀོལ་ནས་ཟད་འགྲོ་བ་ཤེས་ཀྱི་མེད། དེའི་ཕྱིར་ཁྱོད་ཀྱིས་ཐེག་ཆེན་གྱི་དགོངས་པ་ལ་བརྟེན་ནས་ཕ་མའི་དྲིན་ལན་འཇལ་བ་ནི་ཤིན་ཏུ་དགའ་འོས་པ་ཞིག་རེད། ཁྱོད་ཀྱི་ཕ་མ་གཉིས་ཀྱི་དགེ་བ་ལས་བདེ་སྐྱིད་དང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ཁས་ལེན་སླ་ཡང༌། ཁོང་གཉིས་ཀྱིས་ཚེ་འདིའི་ལས་རྒྱུ་འབྲས་རྐྱང་རྐྱང་ཙམ་ལས། ཚེ་ཕྱི་མའི་ལས་དང་རྒྱུ་འབྲས་ཁས་མི་ལེན་ནའང་ཐང༌། སྔོན་ཆད་ངས་དབྱེ་ཞིབ་མང་པོ་བྱས་མྱོང༌། རྒྱ་ནག་གི་རོལ་རྩེད་གྲགས་སྐར་དང༌། རིག་གནས་པ་གྲགས་ཅན་སོགས་ཀྱིས་ཀྱང་ནང་ཆོས་ལ་དད་པ་ཡོད་ཟེར་ནས། ཚེ་འདི་ལ་དགེ་བའི་ལས་བསྒྲུབས་ན་ཚེ་འདིར་སྐྱིད་པ་ལས་ཚེ་ཕྱི་མ་ཡོད་པར་ཁས་མི་ལེན། འདི་ལྟ་བུའི་ལྟ་ཚུལ་ནི་གནས་ལུགས་དང་མི་མཐུན་པ་ཡིན། རྒྱུ་མཚན་གང་ཞེ་ན། གལ་ཏེ་ཁྱོད་ཀྱིས་དེ་རིང་གི་བདེ་སྐྱིད་ཙམ་ལས་མ་འོངས་པར་བསམ་བློ་མ་བཏང་ན། ཅིའི་ཕྱིར་དུ་སྨན་བཅོས་ཉེན་སྐྱོབ་དང་། རྒན་གསོ་ཉེན་སྐྱོབ་སོགས་ཉོས་ནས་རང་ཉིད་ཀྱི་ཚེ་མཇུག་ལ་གྲ་སྒྲིག་བྱས་པ་ཡིན། དེའི་རྐྱེན་གྱིས་ཚེ་ཕྱི་མར་བསམ་བློ་མི་གཏོང་བའི་མི་རྣམས་ནི་མཐོང་རྒྱ་ཤིན་ཏུ་ཆུང་བ་ཡིན། དུས་ཡུན་ཐུང་ངུའི་ནང་དུ་རང་གི་ཕ་མའི་བློ་ཁ་བསྒྱུར་དགོས་ན་དཀའ་ངལ་ངེས་ཅན་ཡོད། འོན་ཀྱང་ཁྱེད་ཀྱིས་དུས་རྒྱུན་དུ་ཡིད་མི་ཆད་པར་འབད་བརྩོན་བྱས་ན། ཉིན་ཞིག་རང་གི་ཕ་མ་གཉིས་ནང་ཆོས་སུ་བློ་ཁ་བསྒྱུར་ཐུབ་ནའང་ཐང༌། ངའི་མྱོང་ཚོར་གྱི་ཁྲོད་དུའང་བུ་ཕྲུག་མང་པོ་ཞིག་གིས། ལོ་གཅིག་དང་གཉིས་སོགས་བཅུ་ཕྲག་ཙམ་གྱི་བར་དུ་འབད་བརྩོན་བྱས་མཐར་རང་གི་ཕ་མ་གཉིས་ལྷག་བསམ་རྣམ་དག་གི་ནང་པའི་ཆོས་པ་རུ་བསྒྱུར་མྱོང༌། དེའི་རྐྱེན་གྱིས་ཁྱེད་ཀྱིས་མུ་མཐུད་དུ་འབད་བརྩོན་བྱ་དགོས། ཤུགས་སྣོན་བྱ་དགོས།
࿄ ༧༽ དྲི་བ། ངས་ལག་རྩལ་བཟོ་བཀོད་བྱེད་སྐབས། རང་གི་སྤྱི་གཉེར་ཁང་གིས། འཇར་པན་ཕྱོགས་ཀྱི་དྲྭ་གནས་སུ་འཆལ་རིས་མང་པོ་བསྐུར་བ་གོ་ཐོས་བྱུང་ཚེ། ངས་རང་གི་ལས་གྲོགས་རྣམས་ལ་འདི་ལྟར་བྱས་ན་ན་གཞོན་རྣམས་ཀྱི་སེམས་ཁམས་ལ་གནོད་སྐྱོན་ཐེབས་སྲིད་ཅེས་བཤད་ཀྱང༌། ཁོ་ཚོས་ངའི་བསམ་ཚུལ་དང་དུ་མི་ལེན་པར་། འཇར་པན་གྱི་མི་རྣམས་ལ་གནོད་སྐྱོན་མི་ཐེབས་པ་མ་ཟད་འདི་ལྟར་བྱས་ན། བཞུར་ཚད་འཐེན་ཐུབ་པ་དང་བཞུར་ཚད་འདི་དག་སྒོར་མོ་ལ་བསྒྱུར་ཆོག་པ་རེད་ཅེས་ཟེར། ངས་གནད་དོན་འདི་ལ་ངོས་འཛིན་ཡག་པོ་ཞིག་བྱེད་མ་ཤེས་པས་ཇི་ལྟར་བྱས་ན་དགའ།
࿉ ལན།༽ མི་སོ་སོའི་རིན་ཐང་གི་ལྟ་བ་མི་འདྲ་བས་འདི་ལ་འགྲོ་ལུགས་ངེས་གཏན་ཞིག་མེད་ནའང་ཐང་མོད། འོན་ཀྱང་ཐེག་པ་ཆེན་པོའི་དགོངས་དོན་ལྟར་ན་འཇར་པན་པ་དང་། རྒྱ་ནག་པ་སུ་ཡིན་ཡང་ཚང་མ་སེམས་ཅན་ཡིན་པས་ཕྱོགས་རིས་ཀྱི་ལྟ་བ་འཛིན་མི་རུང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་དུ། མི་ལ་ལ་ཨ་རི་བ་དང་འཇར་པན་པ་རྣམས་ལ་ཤིན་ཏུ་སྡང་བ་ཡིན། དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཕན་ཚུན་བར་ལ་དམག་འཁྲུག་སྣ་ཚོགས་བྱུང་བས། འདི་འདྲའི་དྲན་ཚུལ་སྐྱེས་པ་ལ་ཁག་ཡོད་པ་མ་རེད། འོན་ཀྱང་དེང་སང་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་དུས་རབས་ཡིན་པས་རྒྱལ་ཁབ་དང་མི་རིགས། པགས་མདོག་དཀར་ནག་གང་ཡིན་ཡང་། བྱང་ཆུབ་ཀྱི་སེམས་བསྐྱེད་དེ་འདྲ་མཉམ་གྱི་ལྟ་བ་འཛིན་དགོས། ང་ཚོའི་ནང་ཆོས་སུ་བཤད་པའི་བྱང་ཆུབ་ཀྱི་སེམས་ཀྱང་དོན་ངོ་མར་བརྩེ་གདུང་ཆེན་པོ་ཡིན། ད་ལྟའི་འཇིག་རྟེན་མིའི་བརྩེ་གདུང་ཆུང་ངུ་ཡིན། དེའི་ཁྱབ་ཁོངས་ནི་རང་གི་ཁྱིམ་མི་དང་རང་གི་ལས་གྲོགས་ཙམ་ཡིན། གལ་ཏེ་འདི་ལྟ་བུའི་བརྩེ་གདུང་མུ་མཐུད་དུ་རྒྱ་བསྐྱེད་དེ་འཛམ་གླིང་འདིའི་མི་རིགས་ཡོངས་དང་སེམས་ཅན་ཚང་མར་ཁྱབ་པ་ཡིན་ན་དངོས་གནས་སྤྲོ་འོས་པ་ཞིག་ཏུ་འགྱུར། དེང་སང་ཚན་རིག་པ་དག་གིས། ཀླད་ཁམས་ཞིབ་འཇུག་ལ་བརྟེན་ནས་མིའི་ཀླད་ཁམས་ཀྱི་ཆགས་ཚུལ་དེ་གཞན་ཕན་སྒྲུབ་པ་དང་འཚམ་པོ་ཡོད་པ་ཤེས་ཡོད། གལ་ཏེ་སྒེར་སེམས་རང་འདོད་ཀྱི་འཆལ་རིས་སོགས་བརྒྱུད་སྤྲོད་བྱས་ན། རང་ལ་རིམ་གྱིས་སྡུག་བསྔལ་སྐྱེད་འོང་ངེས་ཡིན། དེར་བརྟེན་མི་གཞན་པར་རོགས་རམ་དང་གཅེས་སྐྱོང་བྱ་རྒྱུ་ནི་མིའི་རིགས་ལ་མཚོན་ན་ཧ་ཅང་འཚམ་པོ་ཡོད། གལ་ཏེ་མི་ཞིག་ལ། གཞན་པར་ཕན་འདོད་ཀྱི་བསམ་བློ་ཡོད་ན་མི་དེ་ནམ་རྒྱུན་བདེ་ཞིང་སྐྱིད་པས། བྱ་བ་གང་ཞིག་ལེགས་འགྲུབ་མ་འོངས་ནའང་རང་གིས་ཧུར་ཐག་འབད་ཐག་བྱས་ཡོད་པས་འགྱོད་པ་སྐྱེ་མི་སྲིད། དེ་ལས་ལྡོག་སྟེ་གལ་ཏེ་ཁྱོད་རང་ཕྱོགས་ལ་དགའ་བ་ཙམ་གྱིས་ཡིན་ན། བྱ་བ་ཆུང་ངུ་རེ་ཡིས་རང་ཉིད་ལ། མི་གཞན་པས་དྲང་སྙོམས་བྱེད་ཀྱིན་མེད་སྣང་ཤར་ནས་འཚོ་བ་རོལ་པ་ནི་སྡུག་བསྔལ་རྐྱང་བ་ལས་བདེ་སྐྱིད་མི་ལྡན། དགའ་བ་ནི་རང་གིས་མི་གཞན་ལ་སྤྲོད་དགོས་པ་ཞིག་ལས་མི་གཞན་པས་རང་ལ་བྱིན་དགོས་པ་ཞིག་མིན་པས། ཁྱེད་ཀྱིས་སྤྱི་གཉེར་ཁང་དུ་བྱ་བ་སྒྲུབ་སྐབས། རང་ནུས་ཀྱིས་མི་གཞན་ལ་རོགས་རམ་བྱ་དགོས་པ་དང༌། འཇར་པན་དང་རྒྱ་ནག་གི་མི་སུ་ཡིན་ཡང་སྡུག་བསྔལ་མྱོང་མི་འདོད་པ་ཤེས་དགོས།
࿄ ༨༽ དྲི་བ། ང་ནི་པེ་ཅིན་སློབ་ཆེན་མཚན་ཉིད་ཚན་ཁག་ཆོས་ལུགས་རིག་པའི་རབ་འབྱམས་པ་ཞིག་ཡིན། ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ཡུལ་དུ་དར་ཁྱབ་ཏུ་འགྲོ་བ་དང༌། འཕེལ་རྒྱས་ཀྱི་རྣམ་པ་དེ་ལ་དཔྱད་འཇོག་ཅི་འདྲ་ཡིན།
࿉ ལན།༽ བོད་བརྒྱུད་ནང་བསྟན་རྒྱ་ཡུལ་དུ་སྤེལ་བ་ལ་ཉིན་རེ་བཞིན་རྒྱ་ཆེ་རུ་འགྲོ་སྲིད། གལ་ཏེ་ནང་བསྟན་ནི་ཕྱི་རྣམ་པ་ཙམ་ཡིན་ཚེ་བོད་བརྒྱུད་ནང་བསྟན་དར་སྤེལ་ཆེད་རྒྱ་ཡུལ་དུ་དགོན་པ་འཛུག་པའི་བྱ་འགུལ་སོགས་ཕལ་ཆེར་བྱེད་མི་ཆོག ཡིན་ནའང་། བོད་བརྒྱུད་ནང་བསྟན་གྱི་ཐོས་བསམ་སྒོམ་གསུམ་བྱེད་ཚུལ་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པས། རྒྱ་ཡུལ་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དང་། ཤེས་ཡོན་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱས་ཏེ་ད་སྐབས་སྤྲོ་བ་ཇེ་ཆེར་འཕེལ་ཡོད་པ་རེད། ད་སྔོན་སློབ་གྲོགས་དག་དང་ཁ་བརྡ་བྱེད་སྐབས་ཀྱང་བཤད་པ་ཡིན། ༡༩༨༧ ལོར་༧ ཆོས་རྗེ་ཡིད་བཞིན་ནོར་བུ་པེ་ཅིན་དུ་བྱོན་དུས། ནང་ལོག་གི་མི་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཐད་ཅི་ཡང་ཤེས་མེད་ཚོད་འདུག ཐ་ན་ང་ཚོ་ཆོས་གོས་གྱོན་པའི་མི་དག་སྣ་འཛོམས་ཚོང་རར་སོང་ན། ཞབས་ཞུ་བ་ཚང་མ་ཧ་ལས་ཤིང་། བྱ་བའི་ལས་མཚམས་བཞགས་སྟེ་ང་ཚོར་བལྟས། གོ་ལ་གཞན་གྱི་མི་སླེབས་སོང་སྙམ་གྱི་ཡོད། ཁོ་ཚོས་སྐྲ་སེར་མིག་ལྗང་ཅན་གྱི་ཕྱི་གླིང་པ་མཐོང་དུས་དེ་འདྲའི་ངོ་མཚར་སྐྱེ་བཞིན་མི་འདུག རྒྱུ་མཚན་ནི་སྐབས་དེར་པེ་ཅིན་དུ་ཕྱི་ཕྱོགས་སུ་སྒོ་ཕྱེས་ཚར་བས་ཕྱི་རྒྱལ་པ་དག་མཐོང་ཡང་ངོ་མཚར་མི་སྐྱེ་བ་རེད། འོན་ཀྱང་། ང་ཚོ་སླེབས་དུས་ཚང་མས་མཐོང་བ་དཀོན་པའི་དངོས་རྫས་ཤིག་ཏུ་བསམས་སྟེ་གཅིག་ལས་གཅིག་ལྷག་གིས། མཐའ་བསྐོར་ཏེ་སྐད་ཆ་མང་པོ་ལབ་སོང་། ཡིན་ཡང་། དེང་སྐབས་ནི་དེ་ལྟར་མ་ཡིན། བོད་ཀྱི་བླ་མ་མང་པོ་ཞིག་གིས། བོད་བརྒྱུད་ནང་བསྟན་རྒྱ་ཡུལ་དུ་དར་སྤེལ་དང་བསྟུན་ཏེ། བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་ངེས་ཅན་ཞིག་ལོན་སོང་། རྒྱ་ཡུལ་གྱི་གྲྭ་བཙུན། ཤེས་ལྡན་པ་མང་པོ་ཞིག་བོད་ཡུལ་དུ་སོང་སྟེ་ཆོས་ཞུ་བ་སོགས་བྱས་པས་ཕན་ཚུན་ལ། ནང་ཆོས་ཕྱོགས་ཀྱི་སློབ་སྦྱོང་གིས་འབྲེལ་བ་དམ་ཟབ་དུ་སོང་། འདི་ལྟ་བུའི་རྣམ་པ་ནི་མ་འོངས་པར་མུ་མཐུད་དུ་ཤུགས་སྣོན་བྱེད་པར་འགྱུར། བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱེད་པའི་མིའང་རིམ་བཞིན་ཇེ་མང་དུ་འགྲོ་ངེས། འདི་ལ་དགའ་འོས་ཀྱི་རིན་ཐང་ལྡན། ནང་ཆོས་ནི་མིའི་སེམས་ནང་གི་སློབ་གསོ་ཞིག་ཡིན། མི་རྣམས་འདི་ལ་བརྟེན་ཏེ་བདེ་སྐྱིད་ཐོབ་པ་དང་ཁེ་ཕན་ཐོབ་ཚེ། གནས་འདི་རུ་ནང་ཆོས་དར་རྒྱས་སུ་འགྲོ་ངེས། དེའི་ཕྱིར། རྗེས་སོར་ཟེར་སྡེར་སོགས་ཚན་རྩལ་བྱེད་ཐབས་བརྒྱུད་དེ། བོད་བརྒྱུད་ནང་བསྟན་ཤེས་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བར་བདག་ལ་ཡིད་ཆེས་ཡོད། ང་ཚོའི་འབད་འབུངས་ལ་བརྟེན་ཏེ་མིའི་རིགས་ལ་ཕན་པ་ཡོད་པའི་ནང་ཆོས་འདི་དར་སྤེལ་ཡང་དག་གཏོང་ཐུབ་པའི་སྨོན་འདུན་ཡོད།
࿄ ༩༽དྲི་བ། དེང་སྐབས་རྒྱ་ཡུལ་གྱི་མི་མང་པོ་ཞིག་གིས་བྱང་ཆུབ་ལམ་རིམ་ཆེན་མོར་སློབ་སྦྱོང་བྱེད་ཀྱིན་ཡོད། ཁྱེད་ཀྱིས་གཞུང་ལུགས་འདི་ནང་ཆོས་སྟེང་གོ་གནས་ཇི་འདྲ་ཟིན་པ་ངོ་སྤྲོད་དང་། རྒྱ་ཡུལ་གྱི་མི་རྣམས་ཀྱིས་གཞུང་འདིར་སློབ་སྦྱོང་བྱེད་པར་བསམ་འཆར་ཁ་ཤས་གསུང་རོགས།
࿉ ལན།༽ བྱང་ཆུབ་ལམ་རིམ་ཆེན་མོ་ནི་རྗེ་ཙོང་ཁ་པས་མཛད་པ་ཡིན། དེ་སྔོན་ཆོས་དཔོན་ཧྥ་ཙིན་ནས། གཞུང་འདི་རྒྱ་ཡིག་ཏུ་བསྒྱུར་བ་དང་ཁོང་ནི་རྒྱ་ཡུལ་གྱི་སྐད་གྲགས་ཆེ་བའི་ལོ་ཙཱ་པ་ཞིག་ཡིན། ཁོང་བོད་ཡུལ་དུ་ཕེབས་ཏེ་གཞུང་ལུགས་མང་པོ་བསྒྱུར་མྱོང་བ་དང་། འཇིག་རྟེན་འདིར་སྐུ་འཚོ་བཞུགས་སྐབས་མི་མང་པོས་ཁོང་གི་མཚན་ཙམ་ཡང་མི་ཤེས་། སྐུ་གཤེགས་རྗེས་ད་གཟོད་མི་རྣམས་ཀྱིས། ཁོང་གིས་རྒྱ་ཡུལ་དུ་མཛད་རྗེས་རྨད་དུ་བྱུང་བ་བཞག་ཡོད་པ་ཤེས་ནས། གཞུང་འདི་ཐོག་མར་ཐེ་ཝན་གྱི་ཆོས་དཔོན་རི་ཁྲང་གིས་འཆད་ཁྲིད་བྱས་ཤིང་། ང་ཚོའི་ནང་བསྟན་སློབ་གླིང་གི་མཁན་པོ་ཡེ་ཤེས་ཕུན་ཚོགས་ཀྱིས་ཀྱང་གཞུང་འདི་འཆད་ཁྲིད་བྱས་མྱོང༌། གོ་ཐོས་ལྟར་ན་རྒྱ་ཡུལ་གྱི་ནང་བསྟན་སློབ་གླིང་མང་པོ་དང་། སློབ་ཆེན་ཁ་ཤས་ཀྱིས་ཀྱང་ད་ལྟ་གཞུང་འདི་སློབ་སྦྱོང་བྱེད་ཀྱིན་ཡོད་ཟེར། གཞུང་འདིར་བྱང་ཆུབ་ལམ་གྱི་རིམ་པ་གསལ་བོར་བཤད་ཡོད་པས། འདི་ལ་སློབ་སྦྱོང་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ང་ཚོ་རྙིང་མ་པ་ལའང་། རྫོགས་ཆེན་སེམས་ཉིད་ངལ་གསོ་ཟེར་བའི་དཔེ་ཆ་ཞིག་ཡོད་ལ། དེའི་བརྗོད་བྱ་ཡང་གསང་སྔགས་ཀྱི་རིམ་པ་གཅིག་གིས་མཐོ་བ་མ་གཏོགས། བྱང་ཆུབ་ལམ་རིམ་ཆེན་མོ་དང་ཕལ་ཆེར་མཚུངས། དེའི་རྐྱེན་གྱིས་བྱང་ཆུབ་ལམ་རིམ་ཆེན་མོར་སློབ་སྦྱོང་བྱེད་པ་ལ། ངས་བསྟོད་པ་བྱེད་ཀྱིན་ཡོད་པ་དང་། ཁྱད་པར་དུ་གཞུང་འདིའི་ལྷག་མཐོང་ཆེན་མོའི་སྐོར་ལ། རྗེ་ཙོང་ཁ་པས་གཞུང་འདི་ཐོག་མར་མཛད་དུས། དེའི་གནས་ལུགས་གཏིང་ཟབ་པས་མི་གཞན་གྱིས་རྟོགས་དཀའ་བར་དགོངས་ནས། འབྲི་མཚམས་འཇོག་སྐབས། འཇམ་པའི་དབྱངས་སྐུ་དངོས་སུ་མཇལ་ནས་ཁོང་ལ་མུ་མཐུད་དུ་ཕྲིས་ཞེས་ལུང་བསྟན་པ་མ་ཟད། མ་འོངས་པར་གཞུང་འདི་རྟོགས་ཐུབ་པའི་གང་ཟག་འབྱུང་ཁོ་ཐག་ཡིན་ཞེས་གསུངས། དེར་བརྟེན་གཞུང་འདིའི་བྱིན་རླབས་ནི་བསམ་གྱིས་མི་ཁྱབ་པས། ཁྱེད་ཚོས་གཞུང་འདི་ལ་བརྟེན་ཏེ་ནང་ཆོས་ཀྱི་རྨང་གཞི་བཏིང་ན་ཕན་པ་རྒྱ་ཆེན་པོ་ཡོང་ངེས་ཅན་ཡིན།
࿄ ༡༠༽དྲི་བ། ང་ནི་པེ་ཅིན་སློབ་ཆེན་ལྷོ་ཨེ་ཚན་ཁག་གི་སྒྲ་རིག་ཆེད་སྦྱང་རབ་འབྱམས་པ་ཞིག་ཡིན། ང་རྫོགས་པ་ཆེན་པོ་བསྒོམ་པར་སྤྲོ་སྣང་ཆེན་པོ་ཡོད་པས། མཁན་པོ་ཁྱེད་ཀྱིས་རྫོགས་པ་ཆེན་པོ་ངོ་སྤྲོད་ཅིག་གནང་རོགས།
࿉ ལན།༽ ཡ་ཡ། དེ་ལྟར་ངོ་སྤྲོད་བྱེད་རྒྱུ་ཡོད་པ་མ་རེད།
࿄ ༡༡༽དྲི་བ། དེས་ན་ངོ་སྤྲོད་རགས་བསྡུས་ཤིག་བྱས་ན་ཆོག་གམ།
࿉ ལན།༽ ཆོག་གི དེས་ན་ཉུང་བསྡུས་ཙམ་ངོ་སྤྲོད་བྱ། རྫོགས་པ་ཆེན་པོ་འདི་ནི་ཐེག་པ་རིམ་པ་དགུའི་ནང་གི་ཆེས་མཐོ་བ་དེ་ཡིན་ལ། དེའི་སྒོམ་ཚུལ་ནི་ཤིན་ཏུ་སླ་བ་མ་ཟད་དེང་སྐབས་ཀྱི་མི་དང་ཧ་ཅང་འཚམས་པོ་ཡིན། ཚང་མས་ཤེས་གསལ་ལྟར་དེང་སྐབས་ཀྱི་མི་རྣམས་ལས་དོན་སྒྲུབ་པར་བྲེལ་འཚུབ་རྐྱང་རྐྱང་གི་ངང་དུ་དུས་འདའ་བཞིན་ཡོད་ལ། མི་ཚེ་ཐུང་ཐུང་འདིའི་རིང་ལ་རྒྱ་ཆེ་གཏིང་ཟབ་རྒྱ་མཚོ་ལྟ་བུའི་ནང་བསྟན་གཞུང་ལུགས་ལ། ཐོས་བསམ་མཐར་ཕྱིན་པ་ཞིག་བྱེད་ཐུབ་ཀྱིན་མེད། སྔོན་ཆོས་རྗེ་ཡིད་བཞིན་ནོར་བུས་ཨ་རིའི་པོ་ཧྲི་ཏུན་གྲོང་ཁྱེར་གྱི་ཆོས་ཚོགས་ཞིག་ཏུ་འདི་ལྟར་གསུངས་མྱོང༌། རྫོགས་པ་ཆེན་པོ་ནི། དེང་སྐབས་ཀྱི་མི་དང་འོས་ཤིང་འཚམ་ལ་ལྷག་པར་དུ་ཁྱེད་ཚོ་ལྟ་བུའི་གྲོང་ཁྱེར་ནང་དུ། བྲེལ་འཚུབ་བྱེད་བཞིན་པའི་མི་དང་ཧ་ཅང་འཚམ་པའི་ཟབ་ཆོས་ཞིག་ཡིན་ཞེས་གསུངས། སྐབས་དེར་རབ་འབྱམས་པ་ཞིག་གིས་ཅིའི་ཕྱིར་ཞེས་དྲིས་ཚེ། ཆོས་རྗེའི་ཞལ་ནས་རྒྱ་ཆེ་བའི་སྒོ་ནས་གཞུང་ལུགས་ཀྱི་བསྟན་དོན་མང་པོ་ལ་ཐོས་བསམ་བྱེད་དགོས་ན། དེ་མི་ཚེ་ཐུང་ངུའི་ནང་

日期: 2012-10-02

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༧༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
ལུགས་སྲོལ་འདི་ལོ་ཉིས་སྟོང་གོང་གི་རྒྱལ་པོའི་ལམ་ལུགས་ཀྱིས་སྲིད་སྐྱོང་སྟངས་ཤིག་ཡིན་པས་དེང་སང་གི་དམངས་གཙོའི་ལམ་ལུགས་དང་མི་མཐུན་མོད། འོན་ཀྱང་འདིར་བཤད་པ་ལྟ་བུའི་རྒྱལ་པོ་རང་ཉིད་མི་འོས་པའི་བྱ་བ་མི་བྱེད་པའི་བག་ཡོད་དང་ལྡན་པ། འབངས་རྣམས་ལ་བུ་བཞིན་དུ་བརྩེ་བ་སོགས་སྙིང་རྗེ་དང་ལྡན་པ་ཞིག་ཡིན་ན་ནི། ལམ་ལུགས་དེས་ཀྱང་འབངས་རྣམས་བདེ་ཞིང་སྐྱིད་པར་བསྐྱང་ཐུབ་སྟེ། དཔེར་ན། བོད་བཙད་པོའི་དུས་ཀྱི་སྐྱིད་པའི་གདུང་རབས་རྣམས་ཀྱི་སྐབས་ལྟ་བུ་དང་། ད་ལྟའི་འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་ལྟ་བུ་ཡིན། འོན་ཀྱང་སྔོན་གྱི་རྒྱལ་པོ་རྣམས་ཀྱིས་དེ་ལྟར་ལག་ལེན་དུ་བྱ་མ་ནུས་ནས་མཐར་དབང་ཆ་ཡོངས་རྫོགས་རྒྱལ་པོ་མི་གཅིག་གིས་མི་འཛིན་པར་མི་མང་ཡོངས་ཀྱིས་འཛིན་པའི་དམངས་གཙོའི་ལམ་ལུགས་འདི་བྱུང་བ་ཡིན། དེ་ལྟ་ནའང་ཟུང་དུ་འཇུག་ཚུལ་འདི་ནི་རྒྱལ་པོའི་ལམ་ལུགས་གཅིག་པུ་མ་ཡིན་པར་དེང་སང་གི་དམངས་གཙོའི་ལམ་ལུགས་དང་ཡང་ཟུང་འབྲེལ་བྱ་ཐུབ་ཏེ། དེའི་ལུགས་ཀྱི་ཆོས་སྲིད་གཉིས་ཀའི་དབང་ཆ་འཛིན་པ་པོ་དེ་རྒྱལ་པོ་མི་གཅིག་ཡིན་མི་དགོས་པའི་ཕྱིར་རོ། །
གཉིས་པ་ཆོས་སྲིད་ཁ་བྲལ་བཤད་པ་ལ། ཆོས་སྲིད་ཁ་བྲལ་གྱི་ངོ་བོ་ངོས་གཟུང་བ་དང་། དེའི་དོན་ལ་ནོར་བ་བསལ་བའོ། དང་པོ་ལ་བཞི་སྟེ། ཆོས་སྲིད་ཁ་བྲལ་ཞེས་པ་འདི་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བྱུང་བ་དང་། ཚུལ་ཇི་ལྟ་བུར་བྱུང་བ་དང་། དུས་ནམ་གྱི་ཚེ་རྒྱལ་ཁབ་གང་གི་ནང་དུ་བྱུང་བ་དང་། རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པའོ། དང་པོ་ཆོས་སྲིད་སོ་སོར་འབྱེད་དགོས་པའི་རྒྱུ་མཚན་ནི། དུས་རབས་དཀྱིལ་མའི་ནང་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེ་ཞིག་གིས་ཆོས་སྲིད་ཟུང་འཇུག་གི་སྲིད་ཇུས་ལག་ལེན་དུ་བསྟར། ཆོས་ལུགས་མི་འདྲ་བའམ་ཆོས་ཚོགས་ཕན་ཚུན་བར་དམག་འཁྲུག་མང་པོ་བྱུང་བས་སེམས་སུན་ནས་མཁས་པ་མང་པོས་ཆོས་སྲིད་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་དགོས་པའི་ལྟ་བ་རྩལ་དུ་བཏོན་པ་ལས་བྱུང་བའོ། །
གཉིས་པ་ཚུལ་ཇི་ལྟ་བུར་བྱུང་བ་ནི། ཆེས་ཐོག་མར་ལྟ་བ་དེ་ཅུང་ཟད་ཆ་ཚང་བའི་སྒོ་ནས་སྨྲ་བ་པོ་ནི། དུས་རབས་བཅུ་བདུན་པའི་ནང་དུ་བྱུང་བའི་དབྱིན་ཇིའི་སྙན་གྲགས་ཅན་གྱི་མཚན་ཉིད་རིག་པ་པ་ལྗོན་ལོ་ཁི་(Jo Johan Locke) (越翰‧洛克)ཞེས་པ་དེ་ཡིན། ཁོས་སྨྲས་པ། ཆོས་ལུགས་ནི་རྒྱལ་ཁབ་སྤྱིའི་དོན་ཆེན་མ་ཡིན་གྱི། སྤྱི་དམངས་ཀྱི་སྒེར་དོན་ཡིན། རྒྱལ་ཁབ་ཀྱིས་ཆོས་ཚོགས་སོ་སོ་ལ་ཉེ་རིང་མེད་པ་དང་འདྲ་མཉམ་དུ་བལྟ་བ་དང་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། འོན་ཀྱང་ཆོས་ཚོགས་ཀྱི་མཛད་སྒོས་སྤྱིའི་ཁེ་ཕན་ལ་གནོད་པ་མེད་པར་བྱ་ཞིང་། རང་གི་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱ་མི་རུང་བ་དང་དེར་མ་ཟད་ཚད་འཛིན་ངེས་ཅན་ཞིག་བྱ་དགོས་ཞེས་ཟེར། ཕྱིས་སུ་ཆོས་སྲིད་ཁ་བྲལ་འདི་ཨ་མི་རི་ཁའི་རྩ་ཁྲིམས་སུ་བཅས། དེ་ཡང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་སྟེང་དུ་ཐོག་མར་གནས་སྤོས་ནས་འོངས་པའི་མི་མང་དེ་རྣམས་ནི་སྔར་དབྱིན་ཇིར་ཆོས་ལུགས་སམ་ལྷའི་དབང་ཆའི་འོག་ཏུ་དཀའ་སྡུག་མྱང་བ་དག་ཡིན་པས་རྒྱལ་ཁབ་གསར་བ་འཛུགས་པ་ན་སྔར་གྱི་ལམ་ལུགས་དེ་ཡང་བསྐྱར་ལག་བསྟར་བྱེད་པར་མི་འདོད་པས་ཆོས་སྲིད་སོ་སོར་ཕྱེས་པ་ཡིན་ནོ། །
གསུམ་པ་དུས་ནམ་གྱི་ཚེ་རྒྱལ་ཁབ་གང་གི་ནང་དུ་བྱུང་བ་ནི། དུས་རབས་བཅོ་བརྒྱད་པའི་མཇུག་གི་དུས་སུ་ཨ་མི་རི་ཁའི་རྒྱལ་ཁབ་ཏུ་བྱུང་བ་ཡིན་ཏེ། ཕྱི་ལོ་༡༧༩༡ལོའི་ཟླ་བ་༩པའི་ཚེས་༢༤ཉིན་ཨ་རིའི་རྩ་ཁྲིམས་ཀྱི་ནང་དུ་བཀོད་པས་དུས་དེ་ནས་བཟུང་མགོ་ཚུགས་པ་ཡིན། ཚུལ་ཇི་ལྟར་བཀོད་ཅེ་ན། རྩ་ཁྲིམས་ཀྱི་ནང་དུ། རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཆོས་ལུགས་འཛུགས་པར་བྱེད་པའམ་ཆོས་ལུགས་རང་དབང་གི་མཛད་སྒོ་འགོག་པར་བྱེད་པའི་ཁྲིམས་བཅའ་བར་མི་བྱ་ཞེས་སྨྲས་སོ། །
འདི་ནི་སྔར་ཡོད་ཀྱི་རྩ་ཁྲིམས་ལ་དག་བཅོས་བྱས་པ་སྟེ། ཨ་རིའི་རྩ་ཁྲིམས་དོན་ཚན་དང་པོའི་དག་བཅོས་ཞེས་སུ་གྲགས་པ་དེ་ཡིན། དེ་ནས་བཟུང་ཨ་རིའི་མི་རྣམས་ཀྱིས་འདི་ཉིད་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་ཀྱི་རྩ་ཁྲིམས་ཀྱི་གཞི་འཛིན་ས་བྱེད། རྩ་ཁྲིམས་འདིའི་དབང་གིས་ཨ་མེ་རི་ཀའི་རྒྱལ་ཁབ་དེ་འཛམ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལས་ཆེས་ཐོག་མར་ཆོས་སྲིད་ཁ་བྲལ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཏུ་གྱུར་ཏོ། །
བཞི་པ་འདིའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ་ནི། ཨ་རིའི་མུ་ཤེ་ཀིན་ཁུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་ཁའོ་ལེ་(Thomas E. Cooley,)(托马斯‧柯林)ཞེས་པས་འདིའི་ངོ་བོ་ལ་འབྲེལ་བཤད་གསལ་པོ་ཞིག་བྱས་ཡོད་དེ། ཁོང་ན་རེ། རྩ་ཁྲིམས་དོན་ཚན་དང་པོའི་དག་བཅོས་ཀྱི་དངོས་དོན་ནི་ཁྲིམས་ཀྱི་རྣམ་པ་གང་གིས་ཀྱང་ཆོས་ཚོགས་གང་རུང་གཅིག་འཛུགས་པའམ་གསོལ་འདེབས་ཀྱི་ཆོ་ག་གང་རུང་ཞིག་ལ་ཆེད་དམིགས་ཀྱིས་གཅེས་སྐྱོང་བྱེད་མི་ཆོག་པ་དང་། སྲིད་གཞུང་གི་སྡེ་ཁག་གང་གིས་ཀྱང་ཆོས་ལུགས་ཀྱི་མཛད་སྒོ་ལ་བཙན་ཐབས་ཀྱིས་ཁྲལ་སྡུད་པ་དང་དམངས་ཚོགས་ལ་བཙན་གྱིས་གསོལ་འདེབས་ཀྱི་བྱེད་སྒོའི་ནང་དུ་ཞུགས་སུ་འཇུག་པ་དང་དམངས་ཚོགས་ཀྱིས་སྨོན་འདུན་བཟང་པོའི་ཀུན་སློང་གིས་སྤེལ་བའི་ཆོས་ལུགས་ཀྱི་མཛད་སྒོ་ལ་ཚད་འཛིན་བྱེད་པ་དང་དམངས་ཚོགས་ཀྱིས་རང་གི་ཆོས་ལུགས་དད་པ་མཚོན་པར་བྱེད་པ་ལ་ཚད་འཛིན་བྱེད་མི་ཆོག་པའི་དོན་ཡིན་ཞེས་ཟེར་རོ། །
འདིའི་དོན་ལ་གཉིས་ལས། དང་པོ་ནི། རྒྱལ་ཁབ་ཀྱི་ཆོས་ལུགས་འཛུགས་ཞེས་པ་ནི་ཆོས་ལུགས་གང་ཡང་རུང་བ་ཞིག་སྲིད་གཞུང་གིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་ཧྲིལ་པོའི་ཐུན་མོང་གི་ཆོས་ལུགས་ཡིན་པར་གཏན་ལ་ཕབ་པའི་དོན་ཡིན་ནོ། ། འདིའི་ཐད་ལ་མི་འགའ་རེས་ཡེ་ཤུ་ཆོས་ལུགས་དེ་ཨ་རི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བྱ་དགོས་པར་འདོད་པ་ལ། འཇམས་སུ་མེ་ཏུས་སོན་(James Madison Jr,) (麦迪森)གྱིས་དེ་མི་འཐད་པའི་ལན་དོན་ཚན་བཅོ་ལྔ་བཏབ་པ་འདི་ལྟ་སྟེ། གཅིག ། ང་ཚོའི་འདོད་པ་ནི། ཆེས་གཞི་རྩར་གྱུར་པ་དང་དགག་ཏུ་མེད་པའི་བདེན་དོན་ཞིག་ནི། ཆོས་ལུགས་སམ་ང་ཚོས་འཇིག་རྟེན་བྱེད་པ་པོ་ལ་འཁུར་བར་འོས་པའི་འགན་དང་འགན་དེ་ཇི་ལྟར་ལེགས་བསྒྲུབ་བྱ་བ་ནི་རིགས་པ་དང་དད་པ་ཁོ་ན་ལ་བརྟེན་ནས་སྣ་ཁྲིད་བྱ་དགོས་པ་ཞིག་ཡིན་གྱི། འཇིགས་སྐུལ་དང་གདུག་རྩུབ་གང་གིས་ཀྱང་མིན། མི་སོ་སོའི་ཆོས་ལུགས་ཀྱི་དད་པ་དེ་ངེས་པར་དུ་རང་ཉིད་ཀྱི་ཡིད་ཆེས་དང་ཤེས་བཞིན་གྱིས་ཐག་གཅོད་བྱ་དགོས་པ་ཡིན། འདི་ཉིད་མི་སོ་སོའི་ཁེ་དབང་ཡིན་པར་མ་ཟད་འཕྲོག་ཏུ་མེད་པའི་ཁེ་དབང་ཡིན། གང་གི་ཕྱིར་ན། མི་སོ་སོས་དངོས་པོའི་ངོས་འཛིན་དེ་རང་རང་གི་བསམ་གཞིག་ལ་བརྟེན་ནས་བྱ་དགོས་པ་ཡིན་གྱི། མི་གཞན་ཞིག་གིས་གཙོ་ཁྲིད་བྱ་རྒྱུ་མ་ཡིན། འཇིག་རྟེན་བྱེད་པ་པོ་ལ་ཇི་ལྟར་གུས་བཀུར་བྱ་བ་དེ་ངེས་པར་དུ་རང་ཉིད་ཀྱིས་དང་ལེན་ཡོད་པའི་ཐབས་ཚུལ་དེའི་སྒོ་ནས་བསྒྲུབ་དགོས་པ་ཡིན་ནོ། །
སྤྱི་དམངས་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པའི་སྔོན་རོལ་ནས་ཐོག་མར་རང་ཉིད་འཇིག་རྟེན་བྱེད་པ་པོའི་འབངས་མི་ཉིད་དུ་གྱུར་ཡོད་དགོས་ཏེ། དེ་གཉིས་ཕན་ཚུན་བརྟེན་པ་ཡིན། ཆོས་ལུགས་ལ་བཤད་ན། སྤྱི་དམངས་སྤྱི་ཚོགས་འཛུགས་པ་འདིས་ལྷན་སྐྱེས་སུ་ཡོད་པའི་དད་པའི་ཁེ་དབང་དེ་འགྲིབ་པར་མི་འགྱུར་ལ། ཆོས་ལུགས་ནི་སྤྱི་དམངས་སྤྱི་ཚོགས་ཀྱི་ངོས་འཛིན་གྱི་ཁོངས་རོལ་ནས་ཡོངས་སུ་བཀར་ན་ཆོག་གོ །
གཉིས། ཆོས་ལུགས་ནི་སྤྱིར་བཏང་གི་སྤྱི་དམངས་སྤྱི་ཚོགས་ཀྱི་དབང་ཆའི་ཁྱབ་ཚད་ཀྱི་ཕྱི་རོལ་ན་ཡོད་དགོས་ལ། དེ་བས་ཀྱང་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཆའི་ཁྱབ་ཚད་ཀྱི་ཕྱི་རོལ་ན་ཡོད་དགོས། ཕྱི་མ་འདི་སྔ་མ་ལས་ཐོན་པའི་དངོས་པོ་ཡིན་ཏེ། སྔ་མས་མངགས་བསྐོ་བྱས་པ་ཡིན། འདིའི་ཁྲིམས་འཁེལ་དབང་ཚད་དེ་སྔ་མ་ལས་བྱུང་ཞིང་དེར་མ་ཟད་ཚད་ཡོད་པ་ཞིག་ཡིན། རང་དབང་ཡོད་པའི་སྲིད་གཞུང་ཞིག་སྲུང་སྐྱོང་བྱེད་དགོས། སྲིད་གཞུང་གི་སྡེ་ཁག་སོ་སོའི་ལས་འགན་གྱི་དབང་ཆའི་ཁྱབ་ཚད་དབྱེ་འབྱེད་ལེགས་པོ་བྱ་དགོས། སོ་སོའི་དབང་ཚད་ལས་བརྒལ་ནས་མི་མང་གི་ཁེ་དབང་སྲུང་སྐྱོང་བྱེད་ཐབས་མེད་པའི་གནས་སུ་འགྱུར་པ་ནི་དེ་བས་ཀྱང་བྱ་མི་རུང་། གལ་ཏེ་བརྒལ་བར་གྱུར་ན། དབང་སྒྱུར་པ་ལ་མི་མང་གིས་བྱིན་པའི་དབང་ཆ་ལས་བརྒལ་བར་གྱུར་པས་གཏུམ་རྒྱལ་ཡིན། མི་མང་གིས་འདི་འདྲའི་དབང་སྒྱུར་པ་ཞིག་དང་ལེན་བྱས་ན་བྲན་གཡོག་ཡིན། གང་གི་ཕྱིར་ཞེ་ན། ཁོང་ཅག་ལ་དབང་སྒྱུར་བྱེད་ཀྱི་བཅའ་ཁྲིམས་དང་དབང་སྒྱུར་བར་བྱེད་པའི་དབང་ཆ་ཐམས་ཅད་མི་མང་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །
གསུམ། སྔོན་བྱུང་གི་ལོ་རྒྱུས་ལ་མཐོང་ཆུང་བྱ་བ་དང་བརྗེད་དུ་མི་རུང་། ཡེ་ཤུ་ཆོས་ལུགས་བཙུགས་ཤིང་དེ་ལས་གཞན་པའི་ཆོས་ལུགས་ཕྱིར་ཕུད་པའི་ཟུང་འཇུག་གི་སྲིད་དབང་གིས་ཀྱང་ཁོང་ཚོས་ཁས་བླངས་པའི་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་དེ་ཁོ་ན་འཛུགས་ཤིང་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་པ་ལས་སླ་བོའི་སྒོ་ནས་འདོར་བར་བྱེད་པ་འདི་ཁྱོད་ཀྱིས་མ་མཐོང་ངམ། ཡང་ན་ཟུང་འཇུག་གི་སྲིད་དབང་གཅིག་གིས་ཁོང་ཚོའི་སྤྱི་དམངས་ལ་བཙན་ཤུགས་ཀྱིས་ནོར་རྫས་ཀྱི་སུམ་ཆ་གཅིག་ཁོང་ཚོས་བཙུགས་པའི་ལས་ཁུངས་ལ་འབུལ་དུ་འཇུག་ཅིང་། སླར་ཡང་དེ་རྣམས་ལ་བཙན་ཤུགས་ཀྱིས་འདི་དང་འདྲ་བའི་ལས་ཁུངས་གཞན་ཡང་དང་ལེན་བྱེད་དུ་མི་འཇུག་གམ། །
བཞི། གལ་ཏེ་མི་རྣམས་ཀྱི་རང་དབང་དང་སྒེར་ཚུགས་ཀྱི་རང་བཞིན་འདི་སྐྱེས་ནས་འདྲ་མཉམ་ཡིན་ན། འོ་ན་མི་རེ་རེ་བཞིན་དུ་འདྲ་མཚུངས་ཀྱི་ཆ་རྐྱེན་འོག་ཏུ་སྤྱི་དམངས་སྤྱི་ཚོགས་འདིའི་ནང་དུ་འཇུག་འོས་པ་ཡིན་ཏེ། རང་བཞིན་གྱིས་ཐོབ་པའི་ཁེ་དབང་དེ་མི་གཞན་རྣམས་ལས་ཇེ་མང་དུ་འགྱུར་བའམ་ཇེ་མང་དུ་འགྱུར་རྒྱུ་ཅི་ཡང་མེད། དེ་བས་ཀྱང་མི་རེ་རེ་བཞིན་དུ་རང་ཉིད་ཀྱིས་ཤེས་བཞིན་གྱི་བསམ་པས་རང་གི་ཆོས་ལུགས་འདེམ་ག་བྱེད་པའི་ཁེ་དབང་དེ་ཐོབ་འོས་པ་ཡིན། ང་ཚོ་ལ་རང་ཉིད་ཀྱིས་ཆེས་བཟང་བ་དང་ཆེས་འཕགས་པར་ངོས་འཛིན་བྱས་པའི་ཆོས་གདམ་ང་བྱ་བའི་རང་དབང་ཡོད། འོན་ཀྱང་མི་གཞན་རྣམས་ཀྱིས་དེ་ལྟར་དུ་དང་ལེན་མི་བྱེད་པའི་ལྟ་བ་གཟུང་ཆོག་པའི་ཁེ་དབང་ལ་དགག་པ་བྱ་མི་རུང་། གལ་ཏེ་རང་དབང་འདི་ལ་ཧམ་སྤྱོད་བྱས་ན། དེ་འཇིག་རྟེན་བྱེད་པ་པོ་ལ་སིམ་འཛུལ་བྱས་པ་ཡིན་གྱི། མི་གཞན་ལ་མིན། ད་ལམ་བཏོན་པའི་ཆོས་ལུགས་ཀྱི་ཁྲིམས་གཞི་འདི་བཅའ་ཁྲིམས་ཡོངས་རྫོགས་ཀྱི་རྨང་གཞིར་གྱུར་པའི་འདྲ་མཉམ་གྱི་རྩ་དོན་དང་འགལ་བར་གྱུར་འདུག་གོ །
ལྔ། ཁྲིམས་གཞི་འདིས་དོན་གྱིས་ཅི་ཞིག་སྟོན་པ་ནི། ཡང་ན་ས་གནས་དཔོན་རིགས་ཀྱིས་ཆོས་ལུགས་ཀྱི་བདེན་དོན་ལ་ཚོད་འཛིན་བྱེད་པའི་གོ་ཐོབ་ཅན་གྱི་ཁྲིམས་དཔོན་བྱ་རུང་བ་དང་། ཡང་ན་ཆོས་ལུགས་དེ་སྤྱི་པའི་སྲིད་ཇུས་ཁྱབ་སྤེལ་དུ་གཏོང་བའི་ཤེད་འཕྲུལ་ཞིག་ཏུ་བྱ་རུང་བ་དེ་ཡིན་མོད། འོན་ཀྱང་དེ་གཉིས་ཀའང་འཛམ་གླིང་ཡོངས་ཀྱི་རིམ་བྱུང་གི་དབང་སྒྱུར་པ་རྣམས་ཀྱིས་རྫུན་བཟོའམ་བརྫུས་མ་བྱས་པར་གྱུར་ཏོ། །
དྲུག །ཡེ་ཤུ་ཆོས་ལུགས་ཀྱི་ཆོས་འདི་འཇིག་རྟེན་སྤྱིར་བཏང་གི་སྟོབས་ཤུགས་ལ་བརྟེན་པ་གཏན་ནས་མིན། ཁོའི་གནས་པ་དང་འཕེལ་བ་འདི་མིས་བྱས་པའི་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་པ་ལས་བྱུང་བ་ཞིག་མ་ཡིན་གྱི། དེ་ལས་ལྡོག་སྟེ་མིའི་རིགས་དང་འགལ་ཟླར་ལངས་པ་ལས་གྲུབ་པ་ཞིག་ཡིན། དོན་གྱི་ཆ་ནས་བཤད་ན། ཆོས་ལུགས་འདི་མིའི་སྲིད་ཇུས་ཀྱིས་གསར་དུ་མཐོང་བ་མ་ཡིན། སྲིད་ཇུས་ཡོད་པའི་སྔ་རོལ་ནས་གནས་ཤིང་ཀུན་གྱིས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ནོ། །

མུར་འགོད།

日期: 2012-10-01

来自: ཨ་མའི་གླེབས་རིལ།

主题: འཕྲོད་བསྟེན་རྒྱུན་ཤེས།

༄༅། ། ༼ གལ་ཆེའི་གསལ་བསྒྲགས་ཞིག ༽
༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་འགོག་གི་སློབ་གསོ་མྱུར་དུ་སྤེལ་ནས་མི་རྣམས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་ཞབས་འདེགས་ཞུ་དགོས། འདི་ནི་ང་ཚོ་མི་རེ་རེ་བཞིན་གྱི་འགན་འཁྲི་ཡིན་པ་བརྗེད་མི་རུང་། དེ་ཡང་སྤྱི་ཟླ་༡༢པའི་ཚེས་༡ཉིན་མོ་ནི་རྒྱལ་སྤྱིའི་༼ ཨེ་ཛིའི་ ༽ ༼愛滋病༽༼AIDS༽ནད་དུག་གི་ཉིན་མོ་སྟེ། འགྲོ་བ་མི་རྣམས་ཀྱིས་ནད་ངན་འདི་ཉིད་ལ་དོ་སྣང་ཆེས་ཆེར་བྱ་བའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཉིན་མོ་འདི་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་གི་ཉིན་མོ་རུ་གཏན་འབེབས་བྱས་ཤིང་། འཛམ་བུའི་གླིང་གི་རྒྱལ་ཁབ་དང་མི་དམངས་ཚང་མས་ཉིན་མོ་འདིར་ད་ཡོད་ཀྱི་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་པ་རྣམས་ལ་སེམས་ཁུར་དང་རོགས་རམ་གནང་ཞིང་། མ་འོངས་པའི་མི་རབས་རྣམས་ཀྱི་མགོ་ཐོག་ཏུ་ནད་ཀྱི་འཇིགས་པ་འདི་མི་ཡོང་བའི་ཐབས་སུ་རྣམ་པ་སྣ་ཚོགས་ཀྱི་ལས་འགུལ་དང་དྲིལ་བསྒྲགས་རྒྱ་ཆེན་པོའི་ངང་ནས། ༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་ནི་ང་ཚོས་ཆེས་དོ་སྣང་བྱ་དགོས་པའི་གནས་ཤིག་ཡིན་པ་རྟོགས་ཐུབ། དེ་ཡང་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་ཅེས་པ་ནི་སྙིགས་མའི་ལྟ་སྤྱོད་ཆེས་ཆེར་བདོ་བའི་དུས་མཐའི་འཇིག་རྟེན་འདིར་སྐྱེ་བོ་ཕོ་མོ་རྣམས་ཀྱི་ཀུན་སྤྱོད་ལྷག་པར་འཆལ་ཞིང་ཁྱོ་ཤུག་གི་དམ་ཚིག་ཞིག་རལ་དུ་གྱུར་པའི་དབང་གིས་མི་རྣམས་ཀྱི་ཚེ་སྲོག་ལ་རྒོལ་བར་བྱེད་པའི་ནད་དུག་གི་རིགས་ཤིན་ཏུ་མང་པོ་མཆེད་འབྱམས་སུ་འགྲོ་བཞིན་ཡོད་པའི་ནང་གི་ཆེས་འཇིགས་སུ་རུང་བའི་ནད་དུག་ཉག་གཅིག་དེ་ཡིན་ལ ། ནད་དུག་འདི་ནི་སྤྱི་ལོ་༡༩༨༡ལོར་ནུབ་ཕྱོགས་ཀྱི་གསོ་རིག་ཆེད་ལས་མཁས་པ་རྣམས་ཀྱིས་གསར་དུ་ཤེས་རྟོགས་བྱུང་བའི་གསོ་མི་རུང་བའི་ནད་དུག་དེ་ཡང་ཡིན། ནད་དུག་འདི་ལ་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་གཤེད་མ་རུ་གྲགས་པ་ཡང་དོན་ལ་གནས་པ་སྟེ། རྒྱལ་སྤྱིའི་འཕྲོད་བསྟེན་རྩ་འཛུགས་ཚོགས་པ་ནས་དྲིལ་བསྒྲགས་གནང་བའི་ཡིག་ཆ་ལྟར་ན། སྤྱི་ལོ་༡༩༨༡ལོ་ནས་སྤྱི་ལོ་༢༠༠༦ལོའི་བར་གྱི་ལོ་ངོ་ཉེར་དྲུག་གི་དུས་ཡུན་ནང་ནད་དུག་དེས་འཛམ་བུ་གླིང་འདི་ནས་སྐྱེ་བོ་ཕོ་མོ་ས་ཡ་ཉི་ཤུ་རྩ་ལྔ་ལྷག་ཙམ་གྱི་ཚེ་སྲོག་འཕྲོག་པ་རེད། ལོ་ངོ་ཉེར་དྲུག་གི་ནང་ཤི་ཚད་དེའི་དབང་དུ་བྱས་ན་ཆ་སྙོམ་ལོ་རེར་མི་གྲངས་དགུ་འབུམ་དྲུག་ཁྲི་ལྷག་ཙམ་གྱི་ཚེ་སྲོག་ནད་ངན་དེའི་འོག་ནས་ཤོར་བཞིན་ཡོད་པ་དང་། ཟླ་བ་རེར་མི་གྲངས་བརྒྱད་ཁྲི་ལྷག་ཙམ་ནད་ངན་དེས་སྡུག་ཤི་ཐེབས་བཞིན་ཡོད་པ་ལགས། ད་དུང་ནད་དུག་དེའི་ཡ་ང་བའི་མནར་གཅོད་དང་སྡུག་བསྔལ་མྱོང་བཞིན་པ་ཡང་མི་གྲངས་ས་ཡ་བཞི་བཅུ་ལས་བརྒལ་ཟིན་ལ། ཆ་སྙོམ་ལོ་རེར་མི་ས་ཡ་གཉིས་དང་འབུམ་བདུན་ལྷག་ལ་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་ངན་དེ་གསར་དུ་འགོས་ཁྱབ་བྱུང་གི་ཡོད། འཛམ་བུའི་གླིང་གི་ཚན་རིག་པའམ་གསོ་རིག་ཆེད་ལས་མཁས་པ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་ཡོངས་ནས་ནད་འདི་གསོ་བཅོས་ཞིབ་འཇུག་དང་གསོ་བཅོས་སྐོར་ལ་ལོ་རེར་ཨ་སྒོར་དུང་ཕྱུར་༥༠༠༠ཙམ་གཏོང་བཞིན་ཡོད།༼མཆན།༽ཚན་རིག་གི་བརྟག་ཐབས་བརྒྱུད་དེ་ནད་དུག་འདི་སེལ་ཐབས་ཀྱི་གཉེན་པོ་བྱེད་ཐུབ་པའི་བཅོས་ཐབས་དང་སྨན་རྫས་ཅི་ཡང་རྙེད་མེད། དེ་བས་ནད་དུག་འདིས་ཟིན་པའི་ད་ལྟའི་ཉམ་ཐག་པའི་སྐྱེ་བོ་ཕོ་མོ་བགྲང་གིས་མི་ལང་བ་འདི་རྣམས་དང་། མ་འོངས་པའི་ལས་ངན་དེ་དག་གིས་ནད་དུག་འདིའི་ཡ་ང་བའི་མནར་གཅོད་མྱོང་བཞིན་འཆི་ལམ་དུ་འགྲོ་རྒྱུ་ལས་གསོན་པའི་རེ་བ་ཞིག་གཏན་ནས་མེད་དོ། །
དེ་ཡང་ནད་དུག་འདི་ལུས་ཕུང་ནང་དུ་ཞུགས་རྗེས་དེ་མ་ཐག་ནད་རྟགས་ལྕི་མོའི་རིགས་ཅི་ཡང་ཕྱིར་མི་མངོན་མོད། ཡིན་ན་ཡང་སྐར་ཆ་གཅིག་ཙམ་ཡང་མི་འགོར་བར་ནད་དུག་དེས་ལུས་འཚོ་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཁྲག་གི་དྭངས་མ་རྣམས་ཟ་བའི་འགོ་འཛུགས་པ་ཡིན་ཞིང་། ཡུན་གྱིས་ཁྲག་གི་དྭངས་མ་དེ་ཉུང་དུ་སོང་ཚེ་མི་ལུས་ཀྱི་རང་བྱུང་ནད་འགོག་ནུས་པ་ཡང་ཇེ་ཞན་དུ་གྱུར་ཏེ། མཆིན་ནད་དང་། གློ་ནད། རྒྱུན་མཐོང་གི་ཆམ་རིམས་སོགས་ནད་རིགས་ཤིན་ཏུ་མང་པོའི་སྣ་འདྲེན་ཡང་བྱེད་ཡོང་བ་ཡིན། ཟླ་ངོ་ཁ་ཤས་ཀྱི་རྗེས་སམ། ཡང་ན་ལོ་ངོ་འགའ་ཤས་ཀྱི་རྗེས་སུ་ལུས་ཟུངས་སུ་གྱུར་པའི་ཁྲག་གི་དྭངས་མ་དང་། ལུས་ཀྱི་ནད་འགོག་ནུས་པ་ཡོད་ཚད་རྩ་མེད་དུ་སོང་སྟེ། གཟུགས་པོའི་ཆ་ཤས་སྐྲང་བ། ལུས་ལ་ཚ་བ་འབར་བ། མགོ་བོ་ན་བ། གཟུགས་གཞི་སྐམ་རིད་དུ་འགྱུར་བ། སྐྱི་པགས་ལ་གཡའ་འཕྲུག་ལང་བ། ལུས་ཡོངས་ཆུ་ཐོར་གྱིས་གང་བ། ལྕེ་དང་མཚན་མ་ཡན་ལག་རྣམས་རྣག་གིས་ཟ་བ་སོགས་ནད་རྟགས་ལྕི་མོའི་རིགས་ཕྱིར་མངོན་པ་ན། ད་གཟོད་རང་ཉིད་ཀྱི་ལུས་ཕུང་ལ་གསོ་མི་རུང་བའི་ནད་དུག་གིས་ཟིན་ཡོད་པ་ཚོར་ཏེ། ཉིན་གྱི་ཟས་བརྗེད། དགོང་མོའི་གཉིད་ཡལ་ཏེ། སེམས་ཀྱི་ནང་དུ་བཟོད་དུ་མེད་པའི་སྡུག་བསྔལ་གྱི་ཚོར་བ་དང་། འཇགས་ཐབས་བྲལ་བའི་འགྱོད་གདུང་དང་ངོ་ཚའི་སེམས་ཚོར་གྱིས་དུས་རྟག་ཏུ་མནར་ཏེ་ཡོང་བ་ཡིན། ཡིན་ན་ཡང་སྐབས་དེར་ཐོན་ཚེ་ཡོད་ཚད་འཕྱིས་ཟིན་པ་རེད། གསོ་མི་རུང་བའི་ལུས་ཀྱི་ནད་དུག་དང་། ཡལ་ཐབས་བྲལ་བའི་སེམས་ཀྱི་སྡུག་བསྔལ་དེ་དག་གིས་ཡུན་རིང་བོར་མནར་ཏེ། མཐར་ཤ་ཟད་རུས་སྐམ་ངང་ཤིན་ཏུ་རྙེད་དཀའ་བའི་རང་ཉིད་ཀྱི་ཚེ་སྲོག་གི་རྒྱུན་ཐག་འདི་ཆད་རྒྱུར་གདོན་མི་ཟ། ད་དུང་ཡ་ང་བའི་ནད་ངན་དེའི་འོག་ནས་རང་ཉིད་གཅིག་པུ་འཆི་ལམ་དུ་འགྲོ་དགོས་པ་ཙམ་མ་ཡིན་པར་རང་ཉིད་ལ་ནད་དུག་དེ་ཡོད་ཚེ་རང་གི་ཆུང་མ་ལ་ཡང་ནད་ངན་དེ་འགོས་ངེས་ཅན་ཡིན་ཞིང་། ཆུང་མ་ལ་འགོས་ཚེ་ཕྲུག་གུ་ལ་ཡང་ནད་དུག་དེ་རང་བཞིན་གྱིས་ཡོད་ངེས་ཅན་ཡིན་ནོ། །
མདོར་ན་སུ་ཞིག་ལ་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་དེ་འགོས་ཚེ་དེའི་མི་རབས་མི་བརྒྱུད་དང་བཅས་པ་ལ་གསོན་པའི་རེ་བ་དང་འཚོ་གནས་ཀྱི་བདེ་སྐྱིད་ཅིག་གཏན་ནས་ཡོད་མི་སྲིད། ད་དུང་ང་ཚོ་བོད་མི་རིགས་ལྟ་བུ་གྲངས་ཉུང་མི་རིགས་ཤིག་ལ་ནད་དུག་འདི་འགོས་ཁྱབ་ཆེན་པོ་བྱུང་ཚེ་ལོ་ངོ་ཁ་ཤས་ལས་མི་དགོས་པར་མི་རིགས་ཡོངས་རྫོགས་ནད་ངན་དེའི་འོག་ནས་རྩ་མེད་དུ་འགྲོ་བར་ཡང་ཐེ་ཚོམ་གཏན་ནས་མེད་དོ། །
གྲོགས་པོ་ལགས། གལ་ཏེ་ཁྱེད་རང་རང་ཉིད་ཀྱི་མི་ཡུལ་གྱི་བདེ་སྐྱིད་ཀྱི་འཚོ་བ་འདི་ལ་དུང་བ་ཞིག་ཡིན་ན། གསོ་མི་རུང་བའི་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་གི་འཇིགས་པ་འདི་དང་རིང་དུ་ཁ་འབྲལ་བར་གྱིས་ཤིག
གྲོགས་པོ་ལགས། གལ་ཏེ་ཁྱེད་རང་རང་ཉིད་ཀྱི་བུ་རབས་ཚ་བརྒྱུད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལ་ལོངས་སྤྱོད་ཐུབ་པར་སྨོན་པ་ཞིག་ཡིན་ན། ཡ་ང་བའི་གཉན་ནད་རེག་དུག་གི་འཇིགས་པ་འདི་དང་ཁ་འབྲལ་བར་གྱིས་ཤིག
གྲོགས་པོ་ལགས། གལ་ཏེ་ཁྱེད་རང་བོད་མི་རིགས་ལ་དགའ་དུང་དང་མི་རིགས་ཀྱི་ལ་རྒྱ་ཡོད་པ་ཞིག་ཡིན་ན། གདོན་འདྲེ་ལྟ་བུའི་ནད་ངན་གྱི་འཇིགས་པ་འདི་དང་རིང་དུ་ཁ་འབྲལ་བར་གྱིས་ཤིག
སྙིང་ནས་བརྩེ་བའི་སྤུན་གྲོགས་ལགས། གསོ་མི་རུང་བའི་ནད་དུག་གི་འཇིགས་པ་འདི་ལས་ཐར་བར་བྱེད་དགོས་ན་ད་ལྟ་ཉིད་ནས་འགོ་རྩོམ་དགོས་པ་ལས། སྐར་ཆ་གཅིག་ཙམ་ཡང་ཕྱི་བཤོལ་དང་འཐུས་ཤོར་འབྱུང་མི་རུང་སྟེ། གདོན་འདྲེ་ལྟ་བུའི་གསོ་མི་རུང་བའི་ནད་ངན་དེས་གང་ས་གང་ནས་མིའི་རིགས་ཀྱི་རིན་ཐང་བྲལ་བའི་ཚེ་སྲོག་ཁྱུར་མིད་དུ་གཏོང་ཆེད་ང་ཚོར་འཇབ་སྒུག་བྱས་ནས་བསྡད་འདུག་པ་མ་ཡིན་ནམ། ཆེད་ལས་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་ན། ༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་གི་འགོས་ལམ་གཙོ་བོ་ནི། གཞང་ཁང་འགྲིམ་པ། དུད་ནག་འཐེན་པ།
༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་པའི་ཁྲག་ལུས་ལ་རྒྱག་པ། ༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་པས་བྱིས་པར་ནུ་མ་བསྣུན་པ། ༼ ཨེ་ཛིའི་ ༽ ༼愛滋病༽
༼AIDS༽ནད་པ་ལ་བེད་སྤྱོད་བྱས་པའི་སྨན་ཁབ་སྤྱོད་པ་འདི་དག་ཡིན་པ་རེད། དེ་དག་ལས་ཀྱང་ཆེས་ཚབ་ཆེ་བ་ནི་གཞང་ཁང་འགྲིམ་པ་དང་། དུད་ནག་འཐེན་པ་ཞིབ་འཇུག་ལས་གསལ་བ་ལྟར་ན་
༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་གི་བརྒྱ་ཆ་དགུ་བཅུ་ཙམ་ནི་ཚུལ་མིན་གྱི་འཁྲིག་སྤྱོད་ལས་འགོས་ཁྱབ་བྱུང་གི་ཡོད་པ་རེད་འདུག ༼མཆན།༽ འདི་གཉིས་པོ་ཡིན།
གྲོགས་པོ་ལགས། ཁྱོད་ཀྱིས་མགོ་བོ་ཡར་དགྱེ་སྟེ་ཕྱོགས་བཞིར་ལྟོས་དང་། ཟས་ཁང་ལས་ཀྱང་མང་བའི་གཞང་ཁང་གིས་གྲོང་ཁྱེར་དང་། གྲོང་བརྡལ། ཐ་ན་གྲོང་གསེབ་རྣམས་སུ་ཡང་ཁྱབ་འདུག་ལ། དུད་ནག་བཙོང་འཐེན་བྱེད་སའི་ཆང་ཁང་དང་གར་ཁང་ཡང་གང་ས་གང་དུ་སྦས་བསྐུང་བྱས་འདུག་པ་སྟེ། ད་ལྟའི་ཆར་འཛམ་གླིང་ནས་དུད་ནག་གི་གནད་དོན་ཐད་ཨང་བཅུ་བཞི་པ་ཡིན་པའི་ཀྲུང་གོ་རྒྱལ་ཁབ་གཅིག་པུར་ཡང་གྲོང་ཁྱེར་དང་རྫོང་ཁང་ས་ཁུལ་༢༡༠༢ཙམ་གྱི་ནང་དུ་མི་མངོན་པའི་རྣམ་པའི་འོག་ནས་དུད་ནག་བཙོང་འཐེན་བྱེད་སའི་གནས་གཞི་བཙུགས་ཡོད་པ་དང་། དུད་ནག་འཇིབ་འཐེན་བྱེད་མཁན་གྱི་མི་གྲངས་དེ་ཡང་ཁྲི་བརྒྱ་དང་ལྔ་ལས་བརྒལ་བཞིན་ཡོད་ལ་ལོ་རེར་བརྒྱ་ཆ་དྲུག་ལྷག་འཕར་བཞིན་ཡོད། ཁྱད་པར་དུ་བོད་ཡུལ་ལྟ་བུ་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པའི་ཡུལ་གྲུ་དག་གི་སྨད་འཚོང་མ་རྣམས་ནི་འཁྲིག་སྤྱོད་སྐབས་ཀྱི་འཕྲོད་བསྟེན་གྱི་འདུ་ཤེས་དང་གཙང་སྦྲའི་ཡོ་ཆས་གང་ཡང་མེད་པའི་ནད་ངན་གྱི་རྐྱལ་བ་ཁོ་ན་ཡིན་ཟེར། གལ་ཏེ་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་ཅན་གྱི་སྨད་འཚོང་མ་ཞིག་ལ་བསྟེན་པ་ཡིན་ན་ནད་དུག་དེ་ཕོག་རྒྱུར་ཐེ་ཚོམ་གཏན་ནས་མེད་ལ། ནད་དུག་དེ་ཕོག་པའི་སྐྱེས་པ་དང་ལུས་འབྲེལ་བྱུང་བའི་བུད་མེད་ཐམས་ཅད་ལ་ཡང་ནད་ངན་དེ་འགོས་ངེས་ཡིན།
གྲོགས་པོ་ལགས། གལ་ཏེ་ཁྱེད་རང་རང་ཉིད་ཀྱི་བུ་རབས་ཚ་བརྒྱུད་ལ་འགན་ཁུར་ཤེས་མཁན་ཞིག་ཡིན་ན། ཅིས་ཀྱང་དུག་སྦྲུལ་གྱི་ཚང་ལྟ་བུའི་གནས་འདི་གཉིས་ངེས་པར་དུ་གཏན་སྤོང་བྱེད་རོགས།
གྲོགས་པོ་ལགས། ཁྱོད་ཀྱིས་དེ་ལྟར་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་དུག་གི་འཇིགས་པ་དང་། དེའི་འགོས་ལམ་གཙོ་བོ་དག་ཤེས་རྟོགས་བྱུང་རྗེས། ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱི་ངོ་ཤེས་དང་གྲོགས་པོ་གྲོགས་མོ་རྣམས་ལ་ཡང་འཛེམ་དོགས་མེད་པར་གསལ་བཤད་གནང་རོགས་གྱིས་དང་། ཁྱེད་ཀྱིས་ཁོང་ཚོ་ཡང་ཉེན་ཁའི་གནས་ལས་སྐྱོབ་ཐུབ་སྲིད། གལ་ཏེ་མི་གཅིག་ཉེན་ཁའི་གནས་འདི་ལས་སྐྱོབ་ཐུབ་པ་ཡིན་ན་དེ་ནི་སྤྱིར་བཏང་གི་ཉེན་ཁ་ལས་བསྐྱབས་པ་ཙམ་མ་ཡིན་པར་མི་གཅིག་གི་ཚེ་སྲོག་གམ་མི་རབས་ཤིག་གི་བརྒྱུད་པ་ཉེན་ཁའི་གནས་ལས་བསྐྱབས་པ་ཡིན་པས་བླ་ན་མེད་པའི་དགེ་བ་ཡང་ཡིན་ངེས་སོ། །
ཚོགས་པ་དང་མི་སྒེར་རྣམས་ལ་བསྐུར་རོགས། གྲོགས་པོ་ཚོ།

༆ ། ༼ ཡ་ང་བའི་གཏམ་རྒྱུད་ཅིག ། ༽
རྒྱ་གར་ནས་ཕ་མ་གཉིས་དང་ཕྲུ་གུ་གསུམ་སྟེ་མི་ལྔ་ལས་གྲུབ་པའི་ཁྱིམ་ཚང་ཞིག་ཡོད་ལ། བཟའ་མི་ལྷན་འཛོམས་ཀྱི་དུས་སྐབས་དེར་ནི་ཕ་མ་བུ་ཕྲུག་དག་གི་ཕན་ཚུན་བར་དུ་བརྩེ་བ་དང་དུང་བ། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། རླབས་ཆེ་བའི་སེམས་བྱུང་དེ་དག་གི་དབང་གིས་ཁྱིམ་ཚང་འདིའི་ཕྱི་ནང་བར་གསུམ་དུ་བརྗོད་མི་ཤེས་པའི་དྲོད་ཁོལ་ཞིག་གིས་ཁྱབ་འདུག འདི་ནི་མི་ཡུལ་གྱི་བདེ་སྐྱིད་དང་འཚོ་བ་རེད། ལོ་ཟླའི་ཕྲེང་བ་རེ་རེ་བཞིན་ཕར་ཕར་འདས་ཟིན་ཅིང་། དེ་རིང་ནི་ཉིན་ག་གེ་མོ་ཞིག་རེད། ཨ་ཕ་ཨ་མ་གཉིས་ནས་ཕྲུ་གུ་གསུམ་པོར་ཁ་ཟས་ཞིམ་པོའི་སྟོན་མོ་བཤམས། གནས་ཚུལ་ཅི་ཞིག་འབྱུང་རྒྱུ་ཡིན་པ་མི་ཤེས་པའི་ཕྲུ་གུ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁ་ཟས་ལ་རོལ། ཕྲུ་གུ་ཚོ་ཁ་ཟས་ཀྱིས་ཚིམ་ནས་གཉིད་དུ་ཡུར་བ་ན། ཕ་མ་གཉིས་ཀྱིས་རང་གི་རྐེ་ལ་ཞགས་ཐག་བསྐོན་ནས་བར་སྣང་དུ་དཔྱང་། ཅུང་ཙམ་འདས་པ་དང་ཁྱིམ་ཚང་དེ་ནི་འཇམ་ཐིང་ངེ་རུ་སོང་བ་དང་། ཁོར་ཡུག་ནི་ཡ་ང་བ་ཞིག་ཏུ་གྱུར། ཕ་མ་གཉིས་ཀྱི་བེམ་པོ་བར་སྣང་དུ་འཕྱང་འདུག་ལ། ཕྲུ་གུ་གསུམ་པོ་ཡང་གཏན་དུ་གཉིད་ལ་ཡུར། རྒྱུ་མཚན་ནི། ཕ་མ་གཉིས་ཀྱིས་ཁ་ཟས་དེ་དག་གི་ནང་དུ་སྲོག་ལ་རྒོལ་བའི་བཙན་དུག་གི་སྦྱོར་བ་བཏབ་ཡོད་པའི་ཕྱིར་གཉིད་གཏན་ནས་སད་མི་སྲིད། བརྩེ་བ་དང་དུང་བ། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། ཚད་མེད་པའི་དྲོད་ཁོལ་འཛོམས་པའི་ཁྱིམ་ཚང་ཞིག་འདི་ལྟར་གློ་བུར་དུ་ཡ་ང་བའི་སྐྱོ་གར་ཞིག་གིས་མཇུག་རྫོགས་སོང་།
ཡ་ང་བའི་སྐྱོ་གར་འདིའི་འབྱུང་རྐྱེན་ནི་སྐབས་དེར་ཕ་མ་གཉིས་ནས་རང་གི་བཟའ་མི་དག་ལ་༼ ཨེ་ཛིའི་ནད་ ༽ ༼愛滋病༽ ༼AIDS༽དུག་འགོས་ཡོད་པ་ཤེས་པ་དེ་རེད། ཕ་མ་གཉིས་ལ་ཤེས་རྟོགས་འདི་བྱུང་རྗེས་འཚོ་གནས་ཀྱི་ཡིད་ཆེས་དང་གསོན་པའི་རེ་བ་ཡོད་ཚད་བཟོད་ཐབས་བྲལ་བའི་སེམས་གཅོང་དང་ངོ་ཚས་བརླགས་ཏེ་ཡ་ང་བའི་སྐྱོ་གར་དེ་འཁྲབས་པ་རེད། ང་ཚོས་སྐྱོ་གར་འདིའི་སྟེང་ནས་༼ ཨེ་ཛིའི་ནད་ ༽ ༼愛滋病༽ ༼AIDS༽ནི་ཆེས་ཡ་ང་ཞིང་བཟོད་པར་དཀའ་བའི་ནད་རིགས་ཤིག་ཡིན་པ་ཤེས་ཐུབ།

༆ ། ཉེ་ཆར་ཡུལ་ཤུལ་དུ་བུ་མོ་གཅིག་ལ་༼ ཨེ་ཛིའི་ནད་ ༽ ༼愛滋病༽ ༼AIDS༽དུག་འགོས་འདུག་ཟེར། མོས་ནན་གྱིས་བཤད་དོན། ང་ལ་ནད་འདི་རྒྱ་མི་ཞིག་དང་ལུས་འབྲེལ་བྱས་པས་ཕལ་ཆེར་དེ་ལས་འགོས་པ་རེད། དེ་ནས་ནད་འདི་མངོན་དུ་མ་གྱུར་བར་ད་ལྟའི་བར་དུ་བོད་རིགས་སྐྱེས་པ་སུམ་ཅུ་ཙམ་དང་འབྲེལ་བ་བྱས་པ་ཡིན་ཟེར། འདི་ནི་དངོས་གནས་འཇིགས་སུ་རུང་བའི་གཏམ་ཞིག་རེད། ནད་པ་དང་ལུས་འབྲེལ་བྱས་ན་ནད་འདི་བརྒྱ་ཆ་བདུན་ཅུ་འགོས་ངེས་ཡིན་པས་མྱུར་དུ་ཁྱབ་བསྒྲགས་དང་བརྒྱུད་སྐུལ་ཤུགས་ཆེན་སྤེལ་རོགས། །

༆ ། མཚོ་སྔོན་ན་བོད་ཀྱི་བུད་མེད་སྨད་འཚོང་མ་ཞིག་ལ། ༼ ཨེ་ཛིའི་ནད་ ༽ ༼愛滋
病༽༼AIDS༽དུག་ཡོད་པ་ཤེས་ནས། མོ་ལ་སྐད་ཆ་དྲིས་དུས། མོ་དང་ལུས་འབྲེལ་ཡོད་པའི་བོད་ཀྱི་ཕོ་གསར་༢༠༠ལྷག་ཡོད་ཟེར་ནས་མོས་བཤད་འདུག ད་ནི་བོད་མི་རིགས་བརྒྱུད་པ་དང་བཅས་པ་རྩད་ནས་གཅོད་པའི་ཡ་ང་བའི་གནས་ཚུལ་མང་པོ་འདུག བོད་པ་ཚང་ཤིན་ཏུ་འཇིགས་སུ་རུང་བའི་ཉེན་ཁ་ལ་སླེབས་འདུག བརྒྱུད་བསྐུལ་བྱེད་རྒྱུ་གལ་ཆེའོ། །

༆ ། མིང་བརྗོད་འདོད་མེད་པའི་གཞིས་རྩེ་གྲོང་བརྡལ་གྱི་ན་གཞོན་བུ་མོ་ཞིག་གིས་བཤད་རྒྱུར། ནད་འདི་དང་པོ་གང་ནས་འགོས་པ་ངས་ཀྱང་བཤད་ཚོད་མི་ཐིག ད་དུང་༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽རེག་དུག་གི་འགོས་ནད་ཡིན་པའི་བརྟག་དཔྱད་མཇུག་འབྲས་ཐོན་མ་སོང་། འོན་ཀྱང་ནད་རྟགས་སོགས་ལ་གཞིགས་ན་༼ཨེམ་ཆིས་༽སྨན་པས་བཤད་པའི་རེག་དུག་ནད་རྟགས་དང་གཅིག་མཚུངས་རེད་ཤག གལ་ཏེ་འགོས་ནད་དེ་ཡིན་ན་ངའི་ལུས་པོར་ནད་རྟགས་ཐོན་ནས་ལོ་གཅིག་ཕྱེད་ཙམ་འགོར་བའི་རིང་། བོད་རིགས་སྐྱེས་པ་རྒན་གཞོན་མེད་པར་སུམ་བརྒྱ་ཡས་མས་ཙམ་ལ་ལུས་འབྲེལ་ཡོད་པས་སེམས་ཁྲལ་ཧ་ཅང་ཆེ་ཟེར། །

༆ ། ༼ ཨེ་ཛིའི་ ༽ ༼愛滋病༽ ༼AIDS༽ནད་ངན་འབྱུང་ཁུངས་ཀྱི་གཙོ་བོ་ནི་སྨད་ཚོང་མར་ལུས་འབྲེལ་བྱས་པ་ལ་བརྟེན་ནས་བྱུང་བ་རེད་འདུག ད་སྐབས་རྒྱ་ཡུལ་ནས་ནད་ངན་ཅན་གྱི་རྒྱ་མོ་དང་སོ་སོའི་ཟས་གོས་ཀྱིས་ཕོངས་པའི་རྒྱ་མོ་མང་པོ་བོད་ཡུལ་ལ་གནས་སྤོ་བྱེད་ཅིང་བོད་ཡུལ་སྨད་ཚོང་མའི་བསྟི་གནས་སུ་འགྱུར་བཞིན་ཡོད་ལ། དེ་བཞིན་དུ་དུད་ནག་འཐེན་མཁན་གྱི་རྒྱ་རིགས་མང་པོ་ཡང་བོད་ཡུལ་དུ་སླེབ་ཀྱིན་ཡོད། ཁོང་ཚོ་དང་ལྷན་དུ་ནད་ངན་དེ་རིགས་ཀྱང་བོད་ཡུལ་དུ་སླེབས་པ་རེད། དེས་ན་སྨད་ཚོང་མ་ལ་ལུས་འབྲེལ་གཏན་འགོག་བྱེད་རྒྱུ་དང་དུད་ནག་རང་ཉིད་ཀྱི་ཁོག་ཏུ་འགྲོ་བར་བཀག་འགོག་བྱེད་དགོས་འདུག །

༼ གནས་ཚུལ་འདི་ཐམས་ཅད་རང་རིགས་སྤུན་སྲིང་རྣམས་ལ་ཕན་རེའི་དྲྭ་ཐོག་ཡོད་པ་རྣམས་ཕྱོགས་བསྡུས་བྱས་ནས་འགོད་པ་ཞིག་ཡིན་ནོ། ། ༽

日期: 2012-09-27

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས།
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།

དྲུག་པ་ཆོས་སྲིད་ཟུང་འཇུག་གི་ཆོས་ལུགས་ནི། རྒྱལ་པོ་དེའི་རྒྱལ་ཁབ་ན་སྔར་ནས་ཡོད་པའི་ཕྱི་ནང་གི་ཆོས་ལུགས་སམ་གྲུབ་མཐའ་གང་ཞིག་ཡིན་ཡང་སྔ་ཚུལ་བཞིན་དུ་བསྒྱུར་བཅོས་མི་བྱ་བར་རང་སོར་གཞག་ཅིང་། དེ་རྣམས་ཕན་ཚུན་གཅིག་གི་ནང་དུ་གཅིག་བསྡུ་བ་སོགས་ཀྱིས་མི་བསྲེ་བ་དང་། གཅིག་གིས་གཅིག་ལ་གནོད་པ་བྱེད་དུ་མི་འཇུག་པར་འདྲ་མཉམ་གྱི་སྒོ་ནས་བསྐྱང་བར་བྱ་དགོས་པར་གསུངས་ཏེ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། དེ་ཕྱིར་ཕྱི་རོལ་མུ་སྟེགས་ཚུན། ། རྒྱལ་པོའི་ཡུལ་ན་གང་གནས་པའི། ། གནའ་བོའི་གྲུབ་མཐའ་རང་རང་གི ། སྔ་ཚུལ་དེ་བཞིན་རྒྱལ་པོས་བསྲུང་། ། ཕན་ཚུན་བསྲེ་བར་མི་བྱ་ལ། ། ཕན་ཚུན་གནོད་དུ་མི་འཇུག་པར། ། སོ་སོར་མ་ཉམས་བསྐྱང་བ་ན། ། སྐྱེ་རྒུ་སྐྱོང་བའི་ཚུལ་ལུགས་ཡིན། ། ཞེས་དང་། གསར་རྙིང་གྲུབ་མཐའི་ཆོས་ལུགས་ནི། ། ཡབ་མེས་དུས་ཀྱི་སྲོལ་གང་ཡིན། ། དེ་ཉིད་ཁོ་ན་གཙོ་བོར་འཛིན། ། གཞན་དུ་གྱུར་ན་མི་བདེ་འཕེལ། ། ཞེས་གསུངས། དེ་བཞིན་དུ་རྒྱལ་པོ་རང་ཉིད་གང་ལ་དད་པའི་ཆོས་ལུགས་སམ་གྲུབ་མཐའ་དེ་ཉིད་གཅེས་པར་བཟུང་ནས་དེ་ལས་གཞན་པའི་ཆོས་ལུགས་སམ་གྲུབ་མཐའ་ལ་དད་པ་བྱེད་མཁན་གྱི་འབངས་རྣམས་ལ་གནོད་པ་བྱེད་མི་རུང་སྟེ། གལ་ཏེ་དེ་ལྟར་བྱས་ནས་འབངས་ཀྱིས་རྒྱལ་པོ་ལ་རྒོལ་བ་གང་བྱུང་བ་ཐམས་ཅད་རྒྱལ་པོ་རང་ཉིད་ཀྱི་ལན་པ་ཡིན་གྱི། འབངས་རྣམས་ཀྱི་ལན་པ་མ་ཡིན་པས་རྒྱལ་པོས་འབངས་ལ་དྲག་གནོན་སོགས་བྱེད་མི་འོས་པར་གསུངས་ཏེ། དེ་ཉིད་ལས། རང་གི་གྲུབ་མཐའ་གཅེས་བཟུང་ནས། ། གྲུབ་མཐའ་གཞན་ལ་གནོན་བྱེད་ན། ། དེ་ལ་འཁུ་བ་ཅི་བྱུང་ཡང་། ། འཁོར་གྱི་སྐྱོན་མིན་རྒྱལ་པོའི་སྐྱོན། ། ཞེས་གསུངས་སོ། །
ལུགས་འདི་སྤྱིར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ཡང་ཆོས་དང་ཁྲིམས་གཉིས་ཀྱི་བར་ན་དབྱེ་མཚམས་གསལ་པོ་ཡོད་པས་གོང་དུ་བཤད་པ་བཞིན་ཁྲིམས་ཀྱིས་ཆོས་ལ་གནོད་པ་མི་བྱེད་ཅིང་ཆོས་ཀྱིས་ཁྲིམས་ལ་ཐེ་གཏོགས་བྱེད་མི་རུང་བར་གསུངས་ཏེ། དེ་ཉིད་ལས། རྒྱལ་པོས་བླ་མར་བཟུང་རྣམས་ཀྱིས། ། རྒྱལ་པོ་དེ་ཉིད་ཚེ་འདི་དང་། ། ཁྱད་པར་འཇིག་རྟེན་གཞན་དག་ཏུ། ། བདེ་བའི་ཐབས་ལ་ཡང་དག་བསམ། ། ཆོས་མིན་བྱས་ན་མི་རིགས་ཞེས། ། རྒྱལ་པོ་ལ་ནི་གཞེན་སྐུལ་གདབ། ། ཆོས་དང་མཐུན་པའི་བྱ་བ་ལ། ། ཇི་ལྟར་ནུས་པར་བཀོད་པར་བྱ། ། སྲོག་ལ་བབ་པའི་ཆད་ལས་སོགས། ། ལུགས་དང་མི་འགལ་འགའ་ཞིག་ལས། ། འཇིག་རྟེན་ཁྲིམས་ཀྱི་བྱ་བ་ལ། ། ངོ་ཆེན་བླ་མས་གསུང་མི་བྱ། ། ཞེས་རྒྱལ་པོས་འབངས་ལ་གནོད་འཚེ་དང་རྒྱལ་ཁབ་ཉམས་ཆུང་ལ་བཙན་འཛུལ་དང་ལྐོག་རྔན་ལེན་པ་སོགས་དམ་པའི་ཆོས་ཀྱི་དོན་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་དང་འགལ་བའི་བྱ་བ་བྱེད་ན་དེ་ལྟར་མི་རུང་ཞེས་སྨྲས་ཏེ། དྲང་བདེན་སོགས་ཆོས་ཀྱི་ལམ་ལ་ཅི་ནུས་ཀྱིས་འགོད་ཅིང་། འབངས་ལ་སྲོག་ཐོག་གི་ཆད་པ་གཅོད་ན་དེ་ལ་སྲོག་ཆད་མི་གཅོད་པའི་ཞུ་བ་བྱས་ཀྱང་དེ་རྒྱལ་པོའི་ཁྲིམས་ལུགས་དང་མི་འགལ་ཏེ། སྲོག་ཆད་གཅོད་པ་འདི་ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལ་མེད་པའི་ཕྱིར། དེ་འདྲ་འགའ་རེ་ལས་གཞན་རྒྱལ་ཁྲིམས་བཞིན་དུ་ལག་ལེན་འདེབས་དགོས་པས་བླ་མས་ངོ་ཆེན་ཞུ་མི་རུང་བར་གསུངས། གལ་ཏེ་ངོ་ཆེན་ཞུས་ཀྱང་རྒྱལ་པོས་བླ་མ་ལ་འགྲེལ་བཤད་ལེགས་པོ་བྱས་ཏེ་ཁྲིམས་ལུགས་ལྟར་དུ་བྱ་དགོས་པ་ལས། བླ་མས་གསུངས་ཀྱང་རྒྱལ་པོས་ཁྲིམས་དང་འགལ་བའི་བྱ་བ་ནམ་ཡང་མི་བྱ་བར་གསུངས་ཏེ། དེ་ཉིད་ལས། གལ་ཏེ་ཕ་མའམ་བླ་མས་ཀྱང་། ། མི་འོས་པ་ཡི་ཞུ་སྦྱོར་ན། ། རྒྱལ་པོས་དེ་ལ་གནད་བཀྲོལ་ཏེ། ། ཁྲིམས་འགལ་བྱ་བ་སྐབས་མི་དབྱེ། ། ཞེས་གསུངས། རྒྱལ་པོས་ཐོག་མར་བླ་མ་བརྟེན་པའི་སྐབས་ནས་ཀྱང་ཆོས་ཁོ་ན་མ་གཏོགས་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་མི་སྒྲུབ་པ་དང་ཁྲིམས་ལ་ཐེ་གཏོགས་མི་བྱེད་པ་ཞིག་བསྟེན་དགོས་པར་གསུངས་ཏེ། དེ་ཉིད་ལས། བསླབ་ལྡན་མང་ཐོས་རྣལ་འབྱོར་ཅན། ། ཆོས་ཀྱི་བྱ་བར་གཅིག་ཏུ་གཞོལ། ། ཁྲིམས་ཀྱི་ཞུ་སྣ་མི་བྱེད་པ། ། དེ་འདྲ་ཡོངས་འཛིན་བླ་མར་བྱ། ། ཞེས་གསུངས་སོ། ཚུལ་འདིས་རྒྱལ་ཁྲིམས་ཀྱི་རྩ་བ་ཐམས་ཅད་ཆོས་ཁོ་ན་ལ་བརྟེན་པ་དང་། སྤྱིར་བཏང་མི་རྣམས་ཀྱིས་ཆོས་ལུགས་ཕྱོགས་རིས་པ་གཅིག་ཁོ་ན་ཞིག་ལ་དད་ཞེན་དྲག་པོ་བྱེད་ཅེས་པའི་ནུབ་ཕྱོགས་ཀྱི་ཆོས་སྲིད་ཟུང་འཇུག་གི་མཚན་ཉིད་དེ་དག་དང་རྩ་བ་ནས་མི་མཐུན་པར་ཤིན་ཏུ་གསལ་ཞིང་། དེར་མ་ཟད་ཆོས་དང་ཁྲིམས་གཉིས་ཀ་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པ་མི་བྱེད་པར་རང་རང་གི་ས་ནས་གནས་པ་དང་མི་མང་གིས་ཆོས་ལུགས་གང་ལ་དད་པ་བྱེད་སྔར་མུས་བཞིན་རང་དབང་དུ་འཇོག་པ་རྣམས་ཨ་རི་སོགས་དེང་སང་གི་ཆོས་སྲིད་ཁ་བྲལ་གྱི་ལམ་ལུགས་ལའང་འདི་ལས་ལྷག་པ་ཅི་ཡང་མེད་པ་ཞིག་ཏུ་སྣང་ངོ་། །
འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་པོ་སེ་ཆེན་རྒྱལ་པོའི་དབུ་བླ་མཛད་སྐབས་སེ་ཆེན་རྒྱལ་པོས་བོད་ཀྱི་གྲུབ་མཐའ་ཐམས་ཅད་ས་སྐྱ་བར་བསྒྱུར་ཞུས་པ་ན། ཆོས་རྒྱལ་འཕགས་པས། རང་རང་གི་ཆོས་ལུགས་གང་ཡང་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་གསུངས་ནས་མ་གནང་བའང་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ལ། གཞན་ཡང་སེ་ཆེན་རྒྱལ་པོས་བླ་མ་ཆོས་རྒྱལ་འཕགས་པ་ལ་ཆོས་ཞུ་བ་དང་མི་ཉུང་ངུ་ཙམ་ལས་མེད་པའི་སྐབས་སུ་བླ་མ་གུང་ལ་བཞུགས། རྒྱལ་པོ་འོག་ཏུ་བཞུགས། རྒྱལ་བརྒྱུད་དང་མག་པ་དང་མི་དཔོན་དང་མི་དམངས་འཚོགས་དུས་མི་ནོན་པས་རྒྱལ་པོ་གུང་ལ་བཞུགས། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མས་ཅི་གསུང་དང་དུ་ལེན། བླ་མ་ལ་མ་ཞུས་པར་རྒྱལ་པོས་ལུང་མི་གནང་། བྱ་བ་ཆེ་ཆུང་གཞན་ལ་བླ་མ་སྙིང་རྗེ་ཆེ་བས་ཞུ་ངོ་འཚོལ་དུ་འོང་ན་རྒྱལ་ཁམས་མི་ནོན་པས་བླ་མའི་གསུང་དང་ཞལ་འཇུག་མི་མཛད་ཅེས་གསུངས་པ་འདི་དག་ཀྱང་བོད་ཀྱི་ཆོས་སྲིད་ཟུང་འཇུག་གི་ལུགས་དང་མཐུན་པར་བྱས་པ་ཞིག་གོ །
བདུན་པ་ཆོས་སྲིད་ཟུང་འཇུག་གི་འབྲས་བུ་བཤད་པ་ནི། རྒྱལ་པོས་འབངས་རྣམས་བྱམས་པས་བསྐྱངས་པའི་དབང་གིས་རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་བར་གསུངས་ཏེ། དེ་ཉིད་ལས། འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཚེས་གྲངས་དང་། སྐར་མ་དང་། བཀྲ་ཤིས་ཀྱི་ལས་བརྩམས་པ་ཐམས་ཅད་མཐུན་པར་འགྱུར་ཏེ། དེས་ན་དེ་ལ་མིའམ། མི་མ་ལགས་པ་གླགས་ཚོལ་བ་རྣམས་ཀྱིས་ཀྱང་གླགས་མི་རྙེད་པར་འགྱུར་ལགས་སོ། །
འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཆར་ཡང་དུས་དུས་སུ་འབབ་པར་འགྱུར་དེ། དེས་དེའི་ཁམས་སུ་ལོ་ལེགས་པར་ཏེ། མུ་གེའི་དགོན་པ་འབྱུང་བར་མི་འགྱུར་ལགས་སོ། །
ལོ་ཏོག་ཆབ་འཚལ་བར་འགྱུར་བའི་རྐྱེན་སེར་བ་དང་། བྱེ་བ་དང་། ནེ་ཙོ་དང་། བྱི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་བ་ལགས་སོ། །
གཅན་གཟན་མི་སྲུན་པ་རྣམས་ཀྱང་ཉུང་དུ་འགྱུར། ཚེགས་ཆུང་ངུས་ཀྱང་དེ་ལ་གནོད་པར་སེམས་པའི་དགྲ་རྣམས་རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་ཉེས་པས་ཕུང་ཞིང་བས་པ་དང་། མ་མཆིས་པར་འགྱུར་ལགས་སོ། །
རྒྱལ་པོ་ཆེན་པོ་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟར་སྐྱེ་དགུ་སྐྱོང་བ་ནི་འཇིག་རྟེན་ན་ངེས་པ་རྣམས་ལ་ནོངས་པ་མ་མཆིས་པར་འགྱུར་ལགས་ཏེ། ལུས་ཞིག་ནས་གུམ་པའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་ལགས་སོ། །
ཞེས་གསུངས་སོ། །
འདི་རྣམས་ནི་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ཏུ་བྱུང་བའི་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་ཡོངས་སུ་གྲགས་པ་སྟེ། ལོ་༦༠༠ལྷག་ཅིག་གི་རིང་ལ་རིམ་པར་བྱུང་བའི་ཆོས་སྲིད་ཟུང་འཇུག་བྱ་ཚུལ་ཐུན་མོང་མ་ཡིན་པའི་ལུགས་སྲོལ་དེ་གའོ། །
ལུགས་སྲོལ་འདི་ལ་རྒྱལ་པོས་སྲིད་སྐྱོང་ཚུལ་མཁས་པ་རྣམས་ཀྱི་བློ་གྲོས་དང་སྔོན་གྱི་དམ་པ་རྣམས་ཀྱི་བསྟན་བཅོས་ལ་བརྟེན་དགོས་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་ཁོ་ན་ལ་བསམ་བློ་གཏོང་དགོས་པ་དང་། རྒྱལ་པོ་རང་ཉིད་ཀྱིས་ཉེས་པ་བྱས་ན་རང་ཉིད་ཀྱིས་རང་ཉིད་ཚར་གཅོད་དགོས་པ་འདི་རྒྱལ་པོ་རང་ཉིད་ལ་རང་ཤེས་རང་རྟོགས་ལྡན་ཞིང་རང་གིས་རང་འཆོས་པ་ཡིན་པས་ཤིན་ཏུ་ལེགས་ལ། ཁྲིམས་ཀྱི་སྐབས་སུ་དབང་པོ་ཉམས་པར་མི་བྱེད་པ་དང་། སྲོག་ཐོག་གི་ཆད་པ་མི་གཅོད་པ་ནི་ཆེས་སྔོན་ཐོན་གྱི་ཁྲིམས་ལུགས་ཤིག་སྟེ། རྒྱལ་ཁབ་བམ་ཡུལ་གཞན་ལ་མཚོན་ན། ༡༨༤༩ལོར་རོམ་(Rome)སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲོག་ཆད་ཀྱི་ལུགས་སྲོལ་མེད་པར་བཟོས། ཁོང་ཚོའི་རྩ་ཁྲིམས་དེ་འཛམ་གླིང་ཐོག་ཐེངས་དང་པོར་བྱུང་བའི་སྲོག་ཆད་མི་གཅོད་པ་གསལ་བར་བཀོད་པའི་རྩ་ཁྲིམས་ཡིན་ཞེས་ཟེར། ༡༨༤༦ལོར་ཨ་རིའི་མུ་ཤེ་ཀིན་(Michigan){密歇根} ཁུལ་གྱིས་སྲོག་ཆད་མེད་པར་བཟོས། ༡༩༧༧ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དངོས་སུ་གྲོས་ཆོད་བྱུང་སྟེ། འཛམ་གླིང་རྒྱལ་ཁབ་ཡོངས་རྫོགས་ཀྱིས་རིམ་གྱིས་སྲོག་ཆད་མེད་པར་བཟོ་བའི་དམིགས་ཡུལ་ཐོག་ཏུ་སླེབས་པའི་རེ་བ་བཏོན། ད་ལྟ་རྒྱལ་ཁབ་༩༥ཙམ་གྱིས་སྲོག་ཆད་མེད་པར་བཟོས་ཟིན། རྒྱ་ནག་གི་ལོ་རྒྱུས་ཐོག་ཐང་གི་སྐབས་སུ་སྲོག་ཆད་མེད་པ་ཅུང་ཟད་བཟོས་ཀྱང་ཕྱིས་སུ་སྲོག་ཆད་གཅོད་ལུགས་ཧ་ཅང་ཡ་ང་བ་མང་པོ་དར་བར་གྱུར་ཏེ། མེས་བསྲེགས་ཏེ་གསོད་པ། པགས་པ་བཤུས་ནས་གསོད་པ། དེ་བས་ཀྱང་འཇིགས་སུ་རུང་བ་ནི། མིའི་ལུས་ཀྱི་ཤ་ཡོངས་རྫོགས་གྲི་ཁམ་ཆུང་ངུ་ཆུ་ངུར་བཅད་དེ་དལ་བུའི་ངང་འཆིར་འཇུག་པ་སྟེ། ཉིན་གསུམ་གྱི་རིང་ལ་གྲི་ཁམ་༣༦༠༠རེ་བཅད་དེ་གསོད་པར་བྱེད། ཁྲིམས་འདི་དག་ལོ་སྟོང་ལྷག་གི་རིང་ལ་ཡོངས་ཁྱབ་ཏུ་ལག་ལེན་བཏབ་ནས་མཐར། ༡༩༠༥ལོར་གཟོད་ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གི་ཁྲིམས་ཡིག་ཐོག་ནས་མེད་པར་བཟོས། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་པོའི་ལུགས་ལ་ལོ་༢༥༠༠ལྷག་གི་སྔོན་ནས་སྲོག་ཆད་དང་ཡན་ལག་ཉམས་པར་མི་བྱ་བར་གསུངས་པ་དང་། རང་རེས་ལོ་སྟོང་ལྷག་གི་གོང་ནས་བཙད་པོའི་རྒྱལ་རབས་ཀྱི་སྐབས་སུ་ཡན་ལག་མི་གཅོད་པ་དང་སྲོག་ཆད་མི་གཅོད་པ་རྒྱལ་པོས་བཀས་བསྒྲགས་པ་ནི་ཆེས་ངོ་མཚར་བའི་གནས་སུ་སྣང་ལ། དཔྱ་ཁྲལ་གྱི་དྲུག་ཆ་གཅིག་ཅེས་པ་དེ་བརྒྱ་ཆའི་དབང་དུ་བྱས་ན་བརྒྱ་ཆ་བཅུ་བདུན་ཙམ་ཞིག་ཡིན། དེང་སང་གི་མི་སྒེར་ཐོབ་ཁྲལ་ལ་བརྒྱ་ཆ་བཞི་བཅུ་ཞེ་ལྔ་མན་ཆད་ཅི་རིགས་པ་ཞིག་འདུག་པས་དེ་དང་བསྡུར་ན་ཁྲལ་མི་ཆེ་ཞིང་། དཔྱ་ཁྲལ་བསྡུས་པ་རྣམས་ཀྱང་སླར་མང་ཚོགས་ཀྱི་ཆེད་དུ་ཕྱིར་གཏོང་དགོས་པ་དང་། རྒྱལ་པོ་རང་ཉིད་ཀྱིས་ནོར་ལ་མི་རྟག་པའི་འདུ་ཤེས་བཞག་ནས་འདོད་ཆུང་ཆོག་ཤེས་བྱ་དགོས་པ་དང་། ཆོས་དང་ཁྲིམས་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་པར་བྱ་བ་དང་། ཆོས་ལུགས་ཀྱི་དད་པ་ཐམས་ཅད་རང་སོར་གཞག་པ་སོགས་ནི་ཤིན་ཏུ་སྔོན་ཐོན་གྱི་བསམ་བློ་དང་ལམ་ལུགས་དེང་སང་གི་མི་རྣམས་ཀྱིས་ཀྱང་ཡིད་སྨོན་བྱ་བའི་གནས་སུ་སྣང་ངོ་། །
དེས་ན་དེང་སང་འགའ་ཞིག་གིས་ནུབ་ཕྱོགས་ཀྱི་དུས་རབས་དཀྱིལ་མའི་སྐབས་ཀྱི་ཆོས་སྲིད་ཟུང་འཇུག་གི་རྣམ་གཞག་ཅུང་ཟད་རེ་གོ་ཐོས་སུ་བྱུང་བ་ཙམ་ཞིག་བློ་ཡུལ་དུ་བཟུང་ནས། ཆོས་སྲིད་ཟུང་འཇུག་ཅེས་པའི་མིང་ཐོགས་ཚད་ཚང་མ་དེ་ཁོ་ན་ལྟ་བུ་ཞིག་ཡིན་སྙམ་སྟེ། དགག་གཞག་མང་པོ་བྱེད་ཁུལ་བགྱིད་པ་ནི། དཔེར་ན་ད་ལམ་འགའ་རེ་གཞན་གྱི་གཡམ་ལ་བརྒྱུག་ནས་ཆོས་ལུགས་ཞེས་པའི་མིང་ཐོགས་ཚད་ཐམས་ཅད་གཅིག་ཏུ་བཟུང་སྟེ་དགག་པ་བྱེད་པ་དང་འདྲ་སྟེ། རང་གི་ཕ་མེས་ཀྱི་རིག་གཞུང་ན་ཅི་ཡོད་ཙམ་ཡང་མི་ཤེས་པར་གཞན་གྱི་ཟེར་སྒྲོས་ལ་བསྐྱར་ཟློས་ཡིད་ཁེངས་ནས་གླུ་བརྒྱ་ངག་གཅིག་གིས་ལེན་པ་འདི་འདྲའི་རིགས་རྣམས་ལ་སྙིང་པོ་རྡུལ་ཙམ་ཡང་མི་འདུག་པས་ཞིབ་འཇུག་ཅུང་ཟད་རེ་བྱས་ནས་ད་གདོད་གཏམ་སྨྲ་བ་འདི་གལ་ཆེ་བར་སྣང་། །
མུར་འགོད།

日期: 2012-09-27

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༥༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
དྲུག་པ་ཆོས་སྲིད་ཟུང་འཇུག་གི་ཆོས་ལུགས་ནི། རྒྱལ་པོ་དེའི་རྒྱལ་ཁབ་ན་སྔར་ནས་ཡོད་པའི་ཕྱི་ནང་གི་ཆོས་ལུགས་སམ་གྲུབ་མཐའ་གང་ཞིག་ཡིན་ཡང་སྔ་ཚུལ་བཞིན་དུ་བསྒྱུར་བཅོས་མི་བྱ་བར་རང་སོར་གཞག་ཅིང་། དེ་རྣམས་ཕན་ཚུན་གཅིག་གི་ནང་དུ་གཅིག་བསྡུ་བ་སོགས་ཀྱིས་མི་བསྲེ་བ་དང་། གཅིག་གིས་གཅིག་ལ་གནོད་པ་བྱེ
ད་དུ་མི
་འཇུག་པར་འདྲ་མཉམ་གྱི་སྒོ་ནས་བསྐྱང་བར་བྱ་དགོས་པར་གསུངས་ཏེ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། དེ་ཕྱིར་ཕྱི་རོལ་མུ་སྟེགས་ཚུན། ། རྒྱལ་པོའི་ཡུལ་ན་གང་གནས་པའི། ། གནའ་བོའི་གྲུབ་མཐའ་རང་རང་གི ། སྔ་ཚུལ་དེ་བཞིན་རྒྱལ་པོས་བསྲུང་། ། ཕན་ཚུན་བསྲེ་བར་མི་བྱ་ལ། ། ཕན་ཚུན་གནོད་དུ་མི་འཇུག་པར། ། སོ་སོར་མ་ཉམས་བསྐྱང་བ་ན། ། སྐྱེ་རྒུ་སྐྱོང་བའི་ཚུལ་ལུགས་ཡིན། ། ཞེས་དང་། གསར་རྙིང་གྲུབ་མཐའི་ཆོས་ལུགས་ནི། ། ཡབ་མེས་དུས་ཀྱི་སྲོལ་གང་ཡིན། ། དེ་ཉིད་ཁོ་ན་གཙོ་བོར་འཛིན། ། གཞན་དུ་གྱུར་ན་མི་བདེ་འཕེལ། ། ཞེས་གསུངས། དེ་བཞིན་དུ་རྒྱལ་པོ་རང་ཉིད་གང་ལ་དད་པའི་ཆོས་ལུགས་སམ་གྲུབ་མཐའ་དེ་ཉིད་གཅེས་པར་བཟུང་ནས་དེ་ལས་གཞན་པའི་ཆོས་ལུགས་སམ་གྲུབ་མཐའ་ལ་དད་པ་བྱེད་མཁན་གྱི་འབངས་རྣམས་ལ་གནོད་པ་བྱེད་མི་རུང་སྟེ། གལ་ཏེ་དེ་ལྟར་བྱས་ནས་འབངས་ཀྱིས་རྒྱལ་པོ་ལ་རྒོལ་བ་གང་བྱུང་བ་ཐམས་ཅད་རྒྱལ་པོ་རང་ཉིད་ཀྱི་ལན་པ་ཡིན་གྱི། འབངས་རྣམས་ཀྱི་ལན་པ་མ་ཡིན་པས་རྒྱལ་པོས་འབངས་ལ་དྲག་གནོན་སོགས་བྱེད་མི་འོས་པར་གསུངས་ཏེ། དེ་ཉིད་ལས། རང་གི་གྲུབ་མཐའ་གཅེས་བཟུང་ནས། ། གྲུབ་མཐའ་གཞན་ལ་གནོན་བྱེད་ན། ། དེ་ལ་འཁུ་བ་ཅི་བྱུང་ཡང་། ། འཁོར་གྱི་སྐྱོན་མིན་རྒྱལ་པོའི་སྐྱོན། ། ཞེས་གསུངས་སོ། །
ལུགས་འདི་སྤྱིར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ཡང་ཆོས་དང་ཁྲིམས་གཉིས་ཀྱི་བར་ན་དབྱེ་མཚམས་གསལ་པོ་ཡོད་པས་གོང་དུ་བཤད་པ་བཞིན་ཁྲིམས་ཀྱིས་ཆོས་ལ་གནོད་པ་མི་བྱེད་ཅིང་ཆོས་ཀྱིས་ཁྲིམས་ལ་ཐེ་གཏོགས་བྱེད་མི་རུང་བར་གསུངས་ཏེ། དེ་ཉིད་ལས། རྒྱལ་པོས་བླ་མར་བཟུང་རྣམས་ཀྱིས། ། རྒྱལ་པོ་དེ་ཉིད་ཚེ་འདི་དང་། ། ཁྱད་པར་འཇིག་རྟེན་གཞན་དག་ཏུ། ། བདེ་བའི་ཐབས་ལ་ཡང་དག་བསམ། ། ཆོས་མིན་བྱས་ན་མི་རིགས་ཞེས། ། རྒྱལ་པོ་ལ་ནི་གཞེན་སྐུལ་གདབ། ། ཆོས་དང་མཐུན་པའི་བྱ་བ་ལ། ། ཇི་ལྟར་ནུས་པར་བཀོད་པར་བྱ། ། སྲོག་ལ་བབ་པའི་ཆད་ལས་སོགས། ། ལུགས་དང་མི་འགལ་འགའ་ཞིག་ལས། ། འཇིག་རྟེན་ཁྲིམས་ཀྱི་བྱ་བ་ལ། ། ངོ་ཆེན་བླ་མས་གསུང་མི་བྱ། ། ཞེས་རྒྱལ་པོས་འབངས་ལ་གནོད་འཚེ་དང་རྒྱལ་ཁབ་ཉམས་ཆུང་ལ་བཙན་འཛུལ་དང་ལྐོག་རྔན་ལེན་པ་སོགས་དམ་པའི་ཆོས་ཀྱི་དོན་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་དང་འགལ་བའི་བྱ་བ་བྱེད་ན་དེ་ལྟར་མི་རུང་ཞེས་སྨྲས་ཏེ། དྲང་བདེན་སོགས་ཆོས་ཀྱི་ལམ་ལ་ཅི་ནུས་ཀྱིས་འགོད་ཅིང་། འབངས་ལ་སྲོག་ཐོག་གི་ཆད་པ་གཅོད་ན་དེ་ལ་སྲོག་ཆད་མི་གཅོད་པའི་ཞུ་བ་བྱས་ཀྱང་དེ་རྒྱལ་པོའི་ཁྲིམས་ལུགས་དང་མི་འགལ་ཏེ། སྲོག་ཆད་གཅོད་པ་འདི་ཆོས་སྲིད་ཟུང་འཇུག་གི་ཁྲིམས་ལ་མེད་པའི་ཕྱིར། དེ་འདྲ་འགའ་རེ་ལས་གཞན་རྒྱལ་ཁྲིམས་བཞིན་དུ་ལག་ལེན་འདེབས་དགོས་པས་བླ་མས་ངོ་ཆེན་ཞུ་མི་རུང་བར་གསུངས། གལ་ཏེ་ངོ་ཆེན་ཞུས་ཀྱང་རྒྱལ་པོས་བླ་མ་ལ་འགྲེལ་བཤད་ལེགས་པོ་བྱས་ཏེ་ཁྲིམས་ལུགས་ལྟར་དུ་བྱ་དགོས་པ་ལས། བླ་མས་གསུངས་ཀྱང་རྒྱལ་པོས་ཁྲིམས་དང་འགལ་བའི་བྱ་བ་ནམ་ཡང་མི་བྱ་བར་གསུངས་ཏེ། དེ་ཉིད་ལས། གལ་ཏེ་ཕ་མའམ་བླ་མས་ཀྱང་། ། མི་འོས་པ་ཡི་ཞུ་སྦྱོར་ན། ། རྒྱལ་པོས་དེ་ལ་གནད་བཀྲོལ་ཏེ། ། ཁྲིམས་འགལ་བྱ་བ་སྐབས་མི་དབྱེ། ། ཞེས་གསུངས། རྒྱལ་པོས་ཐོག་མར་བླ་མ་བརྟེན་པའི་སྐབས་ནས་ཀྱང་ཆོས་ཁོ་ན་མ་གཏོགས་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་མི་སྒྲུབ་པ་དང་ཁྲིམས་ལ་ཐེ་གཏོགས་མི་བྱེད་པ་ཞིག་བསྟེན་དགོས་པར་གསུངས་ཏེ། དེ་ཉིད་ལས། བསླབ་ལྡན་མང་ཐོས་རྣལ་འབྱོར་ཅན། ། ཆོས་ཀྱི་བྱ་བར་གཅིག་ཏུ་གཞོལ། ། ཁྲིམས་ཀྱི་ཞུ་སྣ་མི་བྱེད་པ། ། དེ་འདྲ་ཡོངས་འཛིན་བླ་མར་བྱ། ། ཞེས་གསུངས་སོ། ཚུལ་འདིས་རྒྱལ་ཁྲིམས་ཀྱི་རྩ་བ་ཐམས་ཅད་ཆོས་ཁོ་ན་ལ་བརྟེན་པ་དང་། སྤྱིར་བཏང་མི་རྣམས་ཀྱིས་ཆོས་ལུགས་ཕྱོགས་རིས་པ་གཅིག་ཁོ་ན་ཞིག་ལ་དད་ཞེན་དྲག་པོ་བྱེད་ཅེས་པའི་ནུབ་ཕྱོགས་ཀྱི་ཆོས་སྲིད་ཟུང་འཇུག་གི་མཚན་ཉིད་དེ་དག་དང་རྩ་བ་ནས་མི་མཐུན་པར་ཤིན་ཏུ་གསལ་ཞིང་། དེར་མ་ཟད་ཆོས་དང་ཁྲིམས་གཉིས་ཀ་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པ་མི་བྱེད་པར་རང་རང་གི་ས་ནས་གནས་པ་དང་མི་མང་གིས་ཆོས་ལུགས་གང་ལ་དད་པ་བྱེད་སྔར་མུས་བཞིན་རང་དབང་དུ་འཇོག་པ་རྣམས་ཨ་རི་སོགས་དེང་སང་གི་ཆོས་སྲིད་ཁ་བྲལ་གྱི་ལམ་ལུགས་ལའང་འདི་ལས་ལྷག་པ་ཅི་ཡང་མེད་པ་ཞིག་ཏུ་སྣང་ངོ་། །
འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་པོ་སེ་ཆེན་རྒྱལ་པོའི་དབུ་བླ་མཛད་སྐབས་སེ་ཆེན་རྒྱལ་པོས་བོད་ཀྱི་གྲུབ་མཐའ་ཐམས་ཅད་ས་སྐྱ་བར་བསྒྱུར་ཞུས་པ་ན། ཆོས་རྒྱལ་འཕགས་པས། རང་རང་གི་ཆོས་ལུགས་གང་ཡང་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་གསུངས་ནས་མ་གནང་བའང་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ལ། གཞན་ཡང་སེ་ཆེན་རྒྱལ་པོས་བླ་མ་ཆོས་རྒྱལ་འཕགས་པ་ལ་ཆོས་ཞུ་བ་དང་མི་ཉུང་ངུ་ཙམ་ལས་མེད་པའི་སྐབས་སུ་བླ་མ་གུང་ལ་བཞུགས། རྒྱལ་པོ་འོག་ཏུ་བཞུགས། རྒྱལ་བརྒྱུད་དང་མག་པ་དང་མི་དཔོན་དང་མི་དམངས་འཚོགས་དུས་མི་ནོན་པས་རྒྱལ་པོ་གུང་ལ་བཞུགས། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མས་ཅི་གསུང་དང་དུ་ལེན། བླ་མ་ལ་མ་ཞུས་པར་རྒྱལ་པོས་ལུང་མི་གནང་། བྱ་བ་ཆེ་ཆུང་གཞན་ལ་བླ་མ་སྙིང་རྗེ་ཆེ་བས་ཞུ་ངོ་འཚོལ་དུ་འོང་ན་རྒྱལ་ཁམས་མི་ནོན་པས་བླ་མའི་གསུང་དང་ཞལ་འཇུག་མི་མཛད་ཅེས་གསུངས་པ་འདི་དག་ཀྱང་བོད་ཀྱི་ཆོས་སྲིད་ཟུང་འཇུག་གི་ལུགས་དང་མཐུན་པར་བྱས་པ་ཞིག་གོ །
བདུན་པ་ཆོས་སྲིད་ཟུང་འཇུག་གི་འབྲས་བུ་བཤད་པ་ནི། རྒྱལ་པོས་འབངས་རྣམས་བྱམས་པས་བསྐྱངས་པའི་དབང་གིས་རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་བར་གསུངས་ཏེ། དེ་ཉིད་ལས། འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཚེས་གྲངས་དང་། སྐར་མ་དང་། བཀྲ་ཤིས་ཀྱི་ལས་བརྩམས་པ་ཐམས་ཅད་མཐུན་པར་འགྱུར་ཏེ། དེས་ན་དེ་ལ་མིའམ། མི་མ་ལགས་པ་གླགས་ཚོལ་བ་རྣམས་ཀྱིས་ཀྱང་གླགས་མི་རྙེད་པར་འགྱུར་ལགས་སོ། །
འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཆར་ཡང་དུས་དུས་སུ་འབབ་པར་འགྱུར་དེ། དེས་དེའི་ཁམས་སུ་ལོ་ལེགས་པར་ཏེ། མུ་གེའི་དགོན་པ་འབྱུང་བར་མི་འགྱུར་ལགས་སོ། །
ལོ་ཏོག་ཆབ་འཚལ་བར་འགྱུར་བའི་རྐྱེན་སེར་བ་དང་། བྱེ་བ་དང་། ནེ་ཙོ་དང་། བྱི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་བ་ལགས་སོ། །
གཅན་གཟན་མི་སྲུན་པ་རྣམས་ཀྱང་ཉུང་དུ་འགྱུར། ཚེགས་ཆུང་ངུས་ཀྱང་དེ་ལ་གནོད་པར་སེམས་པའི་དགྲ་རྣམས་རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་ཉེས་པས་ཕུང་ཞིང་བས་པ་དང་། མ་མཆིས་པར་འགྱུར་ལགས་སོ། །
རྒྱལ་པོ་ཆེན་པོ་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟར་སྐྱེ་དགུ་སྐྱོང་བ་ནི་འཇིག་རྟེན་ན་ངེས་པ་རྣམས་ལ་ནོངས་པ་མ་མཆིས་པར་འགྱུར་ལགས་ཏེ། ལུས་ཞིག་ནས་གུམ་པའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་ལགས་སོ། །
ཞེས་གསུངས་སོ། །
འདི་རྣམས་ནི་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ཏུ་བྱུང་བའི་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་ཡོངས་སུ་གྲགས་པ་སྟེ། ལོ་༦༠༠ལྷག་ཅིག་གི་རིང་ལ་རིམ་པར་བྱུང་བའི་ཆོས་སྲིད་ཟུང་འཇུག་བྱ་ཚུལ་ཐུན་མོང་མ་ཡིན་པའི་ལུགས་སྲོལ་དེ་གའོ། །
ལུགས་སྲོལ་འདི་ལ་རྒྱལ་པོས་སྲིད་སྐྱོང་ཚུལ་མཁས་པ་རྣམས་ཀྱི་བློ་གྲོས་དང་སྔོན་གྱི་དམ་པ་རྣམས་ཀྱི་བསྟན་བཅོས་ལ་བརྟེན་དགོས་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་ཁོ་ན་ལ་བསམ་བློ་གཏོང་དགོས་པ་དང་། རྒྱལ་པོ་རང་ཉིད་ཀྱིས་ཉེས་པ་བྱས་ན་རང་ཉིད་ཀྱིས་རང་ཉིད་ཚར་གཅོད་དགོས་པ་འདི་རྒྱལ་པོ་རང་ཉིད་ལ་རང་ཤེས་རང་རྟོགས་ལྡན་ཞིང་རང་གིས་རང་འཆོས་པ་ཡིན་པས་ཤིན་ཏུ་ལེགས་ལ། ཁྲིམས་ཀྱི་སྐབས་སུ་དབང་པོ་ཉམས་པར་མི་བྱེད་པ་དང་། སྲོག་ཐོག་གི་ཆད་པ་མི་གཅོད་པ་ནི་ཆེས་སྔོན་ཐོན་གྱི་ཁྲིམས་ལུགས་ཤིག་སྟེ། རྒྱལ་ཁབ་བམ་ཡུལ་གཞན་ལ་མཚོན་ན། ༡༨༤༩ལོར་རོམ་(Rome)སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲོག་ཆད་ཀྱི་ལུགས་སྲོལ་མེད་པར་བཟོས། ཁོང་ཚོའི་རྩ་ཁྲིམས་དེ་འཛམ་གླིང་ཐོག་ཐེངས་དང་པོར་བྱུང་བའི་སྲོག་ཆད་མི་གཅོད་པ་གསལ་བར་བཀོད་པའི་རྩ་ཁྲིམས་ཡིན་ཞེས་ཟེར། ༡༨༤༦ལོར་ཨ་རིའི་མུ་ཤེ་ཀིན་(Michigan){密歇根} ཁུལ་གྱིས་སྲོག་ཆད་མེད་པར་བཟོས། ༡༩༧༧ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དངོས་སུ་གྲོས་ཆོད་བྱུང་སྟེ། འཛམ་གླིང་རྒྱལ་ཁབ་ཡོངས་རྫོགས་ཀྱིས་རིམ་གྱིས་སྲོག་ཆད་མེད་པར་བཟོ་བའི་དམིགས་ཡུལ་ཐོག་ཏུ་སླེབས་པའི་རེ་བ་བཏོན། ད་ལྟ་རྒྱལ་ཁབ་༩༥ཙམ་གྱིས་སྲོག་ཆད་མེད་པར་བཟོས་ཟིན། རྒྱ་ནག་གི་ལོ་རྒྱུས་ཐོག་ཐང་གི་སྐབས་སུ་སྲོག་ཆད་མེད་པ་ཅུང་ཟད་བཟོས་ཀྱང་ཕྱིས་སུ་སྲོག་ཆད་གཅོད་ལུགས་ཧ་ཅང་ཡ་ང་བ་མང་པོ་དར་བར་གྱུར་ཏེ། མེས་བསྲེགས་ཏེ་གསོད་པ། པགས་པ་བཤུས་ནས་གསོད་པ། དེ་བས་ཀྱང་འཇིགས་སུ་རུང་བ་ནི། མིའི་ལུས་ཀྱི་ཤ་ཡོངས་རྫོགས་གྲི་ཁམ་ཆུང་ངུ་ཆུ་ངུར་བཅད་དེ་དལ་བུའི་ངང་འཆིར་འཇུག་པ་སྟེ། ཉིན་གསུམ་གྱི་རིང་ལ་གྲི་ཁམ་༣༦༠༠རེ་བཅད་དེ་གསོད་པར་བྱེད། ཁྲིམས་འདི་དག་ལོ་སྟོང་ལྷག་གི་རིང་ལ་ཡོངས་ཁྱབ་ཏུ་ལག་ལེན་བཏབ་ནས་མཐར། ༡༩༠༥ལོར་གཟོད་ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གི་ཁྲིམས་ཡིག་ཐོག་ནས་མེད་པར་བཟོས། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་པོའི་ལུགས་ལ་ལོ་༢༥༠༠ལྷག་གི་སྔོན་ནས་སྲོག་ཆད་དང་ཡན་ལག་ཉམས་པར་མི་བྱ་བར་གསུངས་པ་དང་། རང་རེས་ལོ་སྟོང་ལྷག་གི་གོང་ནས་བཙད་པོའི་རྒྱལ་རབས་ཀྱི་སྐབས་སུ་ཡན་ལག་མི་གཅོད་པ་དང་སྲོག་ཆད་མི་གཅོད་པ་རྒྱལ་པོས་བཀས་བསྒྲགས་པ་ནི་ཆེས་ངོ་མཚར་བའི་གནས་སུ་སྣང་ལ། དཔྱ་ཁྲལ་གྱི་དྲུག་ཆ་གཅིག་ཅེས་པ་དེ་བརྒྱ་ཆའི་དབང་དུ་བྱས་ན་བརྒྱ་ཆ་བཅུ་བདུན་ཙམ་ཞིག་ཡིན། དེང་སང་གི་མི་སྒེར་ཐོབ་ཁྲལ་ལ་བརྒྱ་ཆ་བཞི་བཅུ་ཞེ་ལྔ་མན་ཆད་ཅི་རིགས་པ་ཞིག་འདུག་པས་དེ་དང་བསྡུར་ན་ཁྲལ་མི་ཆེ་ཞིང་། དཔྱ་ཁྲལ་བསྡུས་པ་རྣམས་ཀྱང་སླར་མང་ཚོགས་ཀྱི་ཆེད་དུ་ཕྱིར་གཏོང་དགོས་པ་དང་། རྒྱལ་པོ་རང་ཉིད་ཀྱིས་ནོར་ལ་མི་རྟག་པའི་འདུ་ཤེས་བཞག་ནས་འདོད་ཆུང་ཆོག་ཤེས་བྱ་དགོས་པ་དང་། ཆོས་དང་ཁྲིམས་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་པར་བྱ་བ་དང་། ཆོས་ལུགས་ཀྱི་དད་པ་ཐམས་ཅད་རང་སོར་གཞག་པ་སོགས་ནི་ཤིན་ཏུ་སྔོན་ཐོན་གྱི་བསམ་བློ་དང་ལམ་ལུགས་དེང་སང་གི་མི་རྣམས་ཀྱིས་ཀྱང་ཡིད་སྨོན་བྱ་བའི་གནས་སུ་སྣང་ངོ་། །
དེས་ན་དེང་སང་འགའ་ཞིག་གིས་ནུབ་ཕྱོགས་ཀྱི་དུས་རབས་དཀྱིལ་མའི་སྐབས་ཀྱི་ཆོས་སྲིད་ཟུང་འཇུག་གི་རྣམ་གཞག་ཅུང་ཟད་རེ་གོ་ཐོས་སུ་བྱུང་བ་ཙམ་ཞིག་བློ་ཡུལ་དུ་བཟུང་ནས། ཆོས་སྲིད་ཟུང་འཇུག་ཅེས་པའི་མིང་ཐོགས་ཚད་ཚང་མ་དེ་ཁོ་ན་ལྟ་བུ་ཞིག་ཡིན་སྙམ་སྟེ། དགག་གཞག་མང་པོ་བྱེད་ཁུལ་བགྱིད་པ་ནི། དཔེར་ན་ད་ལམ་འགའ་རེ་གཞན་གྱི་གཡམ་ལ་བརྒྱུག་ནས་ཆོས་ལུགས་ཞེས་པའི་མིང་ཐོགས་ཚད་ཐམས་ཅད་གཅིག་ཏུ་བཟུང་སྟེ་དགག་པ་བྱེད་པ་དང་འདྲ་སྟེ། རང་གི་ཕ་མེས་ཀྱི་རིག་གཞུང་ན་ཅི་ཡོད་ཙམ་ཡང་མི་ཤེས་པར་གཞན་གྱི་ཟེར་སྒྲོས་ལ་བསྐྱར་ཟློས་ཡིད་ཁེངས་ནས་གླུ་བརྒྱ་ངག་གཅིག་གིས་ལེན་པ་འདི་འདྲའི་རིགས་རྣམས་ལ་སྙིང་པོ་རྡུལ་ཙམ་ཡང་མི་འདུག་པས་ཞིབ་འཇུག་ཅུང་ཟད་རེ་བྱས་ནས་ད་གདོད་གཏམ་སྨྲ་བ་འདི་གལ་ཆེ་བར་སྣང་། །
མུར་འགོད།

日期: 2012-09-26

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༄༅། ། དད་མོས་དང་མི་ཚེ།
ས་གནས། པེ་ཅིན་སློབ་ཆེན་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་།
དུས་ཚོད། ༢༠༡༠ལོའི་ཟླ༦པའི་ཚེས༢༤ཉིན་གྱི་ཕྱི་དྲོར།
མི་སྣ། མཁན་པོ་བསོད་ནམས་དར་རྒྱས།
དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ།
ཕྱི་དྲོ་བཟང༌། པེ་ཅིན་སློབ་ཆེན་གྱི་བསམ་གཏན་རིག་པའི་ཚན་ཁག་དང༌། རྨོ་སློབ་ཚན་ཁག གསོ་བ་རིག་པའི་ཚན་ཁག་སོགས་ཚོགས་པ་མང་པོ་ཞིག་གི་དགེ་སློབ་དག་དང་མཉམ་དུ། བསམ་བློ་བརྗེ་རེས་བྱ་རྒྱུར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང༌། ང་ཚོ་གནས་འདིར་ལྷན་འཛོམས་བྱུང་བ་ནི་ལས་དབང་ཞིག་རེད། ཅུང་ཟབ་ས་ནས་བཤད་ན་སྔོན་བསགས་ཀྱི་ལས་སྨོན་ཞིག་ཀྱང་རེད། སངས་རྒྱས་ཀྱིས་གསུངས་པ་ནང་བཞིན། གལ་ཏེ་རྒྱུ་དང་རྐྱེན་སྣ་ཚོགས་མ་འཛོམས་ན་ཆོས་ཐམས་ཅད་གྲུབ་ཐབས་མེད། དེར་བརྟེན། ང་ཚོ་འདི་ནས་མཉམ་གཅིག་ཏུ་བགྲོ་གླེང་དང། འབྲེལ་བ་བྱ་རྒྱུ་འདི་ཡང་རང་རེ་ཚོའི་བར་གྱི་ལས་སྐལ་ཞིག་རེད། དེ་རིང་ཚང་མར་འཆད་ཁྲིད་བྱ་རྒྱུ་ནི་དད་མོས་དང་མི་ཚེ་ཞེས་པ་དེ་ཡིན། འོ་ན་དད་མོས་ཞེས་པ་གང་ཡིན་ཞེ་ན། མདོར་བསྡུས་ཏེ་བཤད་ན་གཞན་གྱི་ལྟ་ཚུལ་ལམ། ཆོས་ལུགས་ཤིག་གམ། དམིགས་བསལ་གྱི་དགའ་ཕྱོགས་ཞིག་ལ་རང་གིས་ཀུན་སྤྱོད་ཀྱི་ཁ་ཕྱོགས་དང་མིག་ལྟོས་བྱེད་པ་དེ་ཡིན། དེར་དབྱེ་ན་དངོས་པོའི་དད་མོས་དང༌། མི་ཆོས་དད་མོས། ཆོས་ལུགས་དད་མོས་སོགས་སྣ་མང་ཡང༌། ཡང་དག་པའི་དད་མོས་ནི་སྤྱི་ཚོགས་སུ་མེད་དུ་མི་རུང་བ་ཞིག་ཡིན། གལ་ཏེ་ཡང་དག་པའི་དད་མོས་དེ་ཡོད་
ན། མི་རྣམས་ལ་ད་གཟོད་སྤྱོད་པ་དང་བསམ་བློ་ཡང་དག་ཡོད་པ་ཡིན། དེ་མིན་ན་སྤྱི་ཚོགས་ལ་ཉེས་སྐྱོན་དང་འགལ་འདུ་ཇེ་མང་དུ་འགྲོ་བ་རེད། དེའི་ཕྱིར་ན། དེང་དུས་ཀྱི་སྐབས་འདིར་དད་མོས་ལ་བསམ་གཞིག་བྱ་རྒྱུར་དགོས་པ་ཆེན་པོ་ཡོད་པ་ཡིན།
དང་པོ། དད་མོས་དང་རྨོངས་དད་ཀྱི་ཁྱད་པར།
དད་མོས་ལ་རིགས་མང་ཡང་ང་རང་ནང་པ་ཞིག་ཡིན་པའི་ཆ་ནས། དེ་རིང་གཙོ་བོ་ཆོས་ལུགས་ཀྱི་དད་མོས་དེ་བཤད་རྒྱུ་ཡིན། དེང་སྐབས་འཛམ་གླིང་འདིར་ཆོས་ལུགས་སྣ་ཚོགས་ཡོད་ཀྱང༌། ཆོས་ལུགས་སོ་སོ་ལ་བསྟན་དོན་ཡང་མི་འདྲ་བ་རེ་ཡོད། ཆོས་ལུགས་གང་ཞིག་ལ་དད་མོས་ཡོད་ན་དེ་ལ་རྗེས་དཔག་གི་ཤེས་རབ་རེ་དགོས་པ་རེད། དེང་སང་མི་རྣམས་ཀྱི་དད་མོས་དེ་རྨོངས་དད་ཀྱི་རྗེས་སུ་སོང་ནས། ཁོ་ཚོ་དགོན་པ་ཞིག་ཏུ་སླེབས་པའམ། བླ་མ་ཞིག་དང་མཇལ་བའམ། ཡང་ན་དགེ་འདུན་པའི་འདུས་སྡེ་ཞིག་དང་འཕྲད་དུས་སེམས་ལ་ལྷིང་འཇགས་དང་དགའ་བདེ་ཐོབ་པ་དེ་། རང་གི་དད་མོས་ལ་ངོས་འཛིན་གྱིན་ཡོད། དད་མོས་འདིའི་རིགས་ནི། ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྒྱུར་སླ་བས་རྗེས་དཔག་གི་དད་མོས་མིན། འོ་ན་དད་མོས་གང་དེ་བརྟན་པ་ཡིན་ཞེ་ན། དཔེར་ན་ཁྱོད་ཀྱིས་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་ཡིད་ཆེས་ཡོད་པ་དེ་ལ། བློ་གྲོས་ཀྱི་རྩལ་གྱིས་བརྟག་དཔྱད་དང་གཤིབ་བསྡུར་བྱས་ནས། ཁམས་གསུམ་ན་ཆེས་རླབས་ཆེ་བ་ནི། སངས་རྒྱས་དང་དེས་བསྟན་པའི་དམ་ཆོས་ཡིན་པར་རྟོགས་པ་དེ་ཡིན། འདི་ལྟ་བུའི་ཡིད་ཆེས་ནི། ལུས་ཀྱི་རྣམ་འགྱུར་དང་ངག་གིས་བཤད་པ་ཙམ་མ་ཡིན་པར། ནང་སེམས་ཀྱི་གཏིང་རུམ་ན་ཡོད་ཅིང་། དེ་ལ་ཕྱིར་མི་ལྡོག་པའི་དད་མོས་ཟེར། འདིར་བཞུགས་ཀྱི་ཤེས་ཡོན་པ་རྣམ་པས། འདི་ལྟ་བུའི་ཡིད་ཆེས་ལ་རེ་སྙེགས་བྱེད་དགོས་པ་རེད། དེ་ལྟར་མིན་ཚེ་རང་གི་དད་མོས་དེ་བླུན་རྨོངས་ཅན་དང་རྨོངས་དད་དུ་སོང་ནས། ནམ་ཞིག་རང་ཉིད་ཀྱི་བློར་མི་འབབ་པའི་དོན་རྐྱེན་དང་འཕྲད་ཚེ་རང་གི་དད་མོས་རྟེན་ལ་དད་ལོག་སྐྱེ་སྲིད། དེར་བརྟེན། རང་གི་རིག་པ་དང་། ཡང་དག་པའི་ལྟ་བ་ལས་བྱུང་བའི་དད་མོས་ལ་རང་ཉིད་བརྟེན་འོས་པ་ཞིག་ཡིན། ང་རང་གི་ངོས་ནས་བཤད་ན། ལོ་མང་པོ་ཞིག་ལ་ཡིག་བསྒྱུར་གྱི་ལས་ཀ་གཉེར་བ་དང་མཉམ་དུ། གཞན་ལ་ནང་ཆོས་འཆད་ཁྲིད་བྱས་པ་ཡིན། གོ་རིམ་འདིའི་ཁྲོད་ནས་ཡང་དག་པའི་ལྟ་བ་ནི་ཧ་ཅང་གཙོ་ཆེ་བ་ཤེས་བྱུང༌། དེང་དུས་ཀྱི་སྤྱི་ཚོགས་འདི་ནི་སྙན་གྲགས་དང་རྒྱུ་ནོར་རྐྱང་རྐྱང་ལ་འབད་འབུངས་བྱེད་བཞིན་ཡོད་པ་དང༌། དཔེར་ན་གྲུག་སྐར་(球星)དང་གྲགས་སྐར་(明星)དག་ལ་མི་ཁྲི་སྟོང་མང་པོས་ཡིད་སྨོན་དང་འཚོལ་སྙེག་བྱས་པ་ལྟ་བུ་ཡིན། དེ་ལྟར་རེ་སྨོན་དང་འཚོལ་སྙེག་བྱེད་པའི་དམིགས་ཡུལ་ནི། རང་ཉིད་གྲགས་སྐར་དུ་འགྱུར་འདོད་པ་མིན་པར་གྲགས་སྐར་དང་མཉམ་དུ་སྐད་ཆ་རེ་གཉིས་བཤད་པ་དང༌། མཉམ་དུ་པར་རེ་ལེན་རྒྱུ་ཙམ་རེད། འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ན་དོན་སྙིང་ཅི་ཡང་མི་འདུག ཁོ་ཚོས་ཀྱང་རྒྱུ་མཚན་མ་ཤེས་པར་ཅི་དྲན་འདི་དྲན་མེད་པར་འཚོལ་སྙེག་བྱས་པ་ཡིན་ནའང་ཐང༌། མདོར་ན་སྤྱོད་པ་འདི་རིགས་ནི་ཡང་དག་མ་ཡིན་པའི་དད་མོས་ཡིན། ཁྱོད་ཚོ་ཚང་མས་དུས་ཡུན་རིང་པོའི་ནང་དུ་རིག་ཚན་དང་དངོས་ཚན་སོགས། རིག་གཞུང་མང་པོར་ཞིབ་འཇུག་བྱས་པས་རིག་པ་རྣོ་མྱུར་ཅན་རྐྱང་རྐྱང་ཡིན་རྒྱུ་རེད། འདི་ལྟ་བུའི་ཤེས་རབ་ནི། དང་པོ་འབྲེལ་ཡོད་ཤེས་བྱ་ལ་ཉན་དགོས་པ་དང་དེ་ནས་ཤེས་རྟོགས་དང༌། བསམ་གཞིག ཞིབ་དཔྱོད་བྱས་ཚེ་མཇུག་མཐར་རང་རྒྱུད་ལ་ཤེས་རིག་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་འགྲོ་བ་རེད། དེ་ནི་ནང་བསྟན་གྱི་ཐོས་བསམ་སྒོམ་གསུམ་དང་འདྲ་མཚུངས་ཡིན། ཁྱོད་ཚོར་འདི་འདྲའི་ཤེས་རབ་བཟང་པོ་ཡོད་དུས། རང་ཉིད་ཀྱི་དད་མོས་དེ་ལ་བརྟག་དཔྱད་ལེགས་པར་བྱས་ཏེ་རྨོངས་དད་མིན་པར་ཡང་དག་པའི་ལྟ་བ་བསྐྱེད་ཐུབ་ན། ཁྱོད་རང་ཉིད་དང་སྤྱི་ཚོགས་ཀྱི་ཚོགས་པ་གང་ལ་མཚོན་ནས་བཤད་ནའང་། ཡར་རྒྱས་དང་མདུན་བསྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་ངེས།
གཉིས་པ། ཆོས་ལུགས་དང་ཚན་རིག་བར་གྱི་འབྲེལ་བ།
༡ ཆོས་ལུགས་མེད་པའི་ཚན་རིག་ནི་ཞ་བོ་ཡིན།
ཤེས་ཡོན་པ་ཞིག་ཡིན་ནས་བཟུང་ཆོས་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཨེ་དབྱིན་སུ་ཐན་གྱིས་ཆོས་ལུགས་མེད་པའི་ཚན་རིག་ནི་ཞ་བོ་དང༌། ཚན་རིག་མེད་པའི་ཆོས་ལུགས་ནི་ལོང་བ་ཡིན་ཞེས་བཤད་མྱོང་བ་རེད། སྐད་ཆ་འདི་ལ་འགྲེལ་ལུགས་མི་འདྲ་བ་ཡོད་ཀྱང༌། ངས་བསམས་ན། ཚིག་གོང་མ་ནི་ཚན་རྩལ་ལས་བྱུང་བའི་གསར་གཏོད་དང་། གསར་རྙེད་འདི་དག་ལ་ཆོས་ལུགས་ཀྱི་ཕྱོགས་སྟོན་མེད་ན། ཚན་རྩལ་དེ་ཉིད་རྨོངས་པ་ཡིན་ཞེས་པའི་དོན་ཡིན་སྙམ། རྒྱུ་མཚན་གང་ཞེ་ན། སངས་རྒྱས་ཆོས་ལུགས་དང་། རུའུ་ལུགས་དེ་བཞིན་ཡེ་ཤུའི་ཆོས་ལུགས་སོགས། ཆོས་ལུགས་ཚང་མར་ལེགས་པའི་ཕྱོགས་རེ་ཡོད་པས་ཡིན། གལ་ཏེ་ཚན་རིག་ལ་ཆོས་ལུགས་ཀྱི་མཛུབ་སྟོན་མེད་པར་གང་བྱུང་དུ་འཕེལ་རྒྱས་སོང་ན། མཇུག་མཐར་མིའི་རིགས་ཀྱིས་རང་ཉིད་བརླག་པར་བྱེད་པའི་རྒྱུར་འགྱུར་བ་ཡིན། དེར་བརྟེན། དེང་སྐབས་ཀྱི་ཤེས་ཡོན་པ་དང་། ཁྱད་པར་དུ་ཚན་རིག་ལས་ཀའི་མི་སྣ་ཚང་མས། ཆོས་ལུགས་ལ་ཞིབ་འཇུག་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། གལ་ཏེ་ཁྱོད་ལ་ཡང་དག་པའི་དད་མོས་མེད་པར། གང་བྱུང་དུ་དཔལ་འབྱོར་འཚོལ་སྙེག་བྱས་ན། སྤྱི་ཚོགས་འདིའི་སྟེང་གི་ལས་དོན་དང་རྒྱུ་དངོས། སྙན་གྲགས། གོ་གནས་སོགས་འཛོམས་སྲིད་ཀྱང་། དེ་དག་གིས་ཁྱོད་ལ་བདེ་སྐྱིད་སྟེར་ནུས་པའི་ངེས་པ་མེད། དེང་སྐབས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་རང་སྲོག་བཅད་སོང༌། ཁེ་ལས་པ་ཆེན་པོ་ཞིག་ཐོག་ཁང་ནས་མཆོངས་སོང༌། དབུ་ཁྲིད་ཆེན་པོ་ཞིག་གིས་དུག་འཐུང་སོང་ཞེས་པ་སོགས་སྡོམ་རྩིས་མང་པོ་འདུག ལོ་འདི་ཚོ་དང་སྔོན་གྱི་ལོ་བཅུ་ཡས་མས་བསྡུར་ན། མི་རྣམས་ཀྱི་བདེ་སྐྱིད་མཚོན་གྲངས་ཇེ་ཉུང་ཡིན་པ་དང༌། རང་སྲོག་གཅོད་པའི་ཚད་ཇེ་མང་ནས་ཇེ་མང་ཡིན། དེའི་རྒྱུ་མཚན་ནི། མི་རྣམས་ཀྱི་དད་མོས་ལོག་ལམ་དུ་སོང་ནས་རང་ཉིད་ལ་སྲུང་སྐྱོབ་ཙམ་ལས། གཞན་གྱི་ཁེ་ཕན་ལ་བརྩི་མཐོང་མི་བྱེད་པ་དང༌། སྤྱི་ཚོགས་ཀྱི་འཆམ་མཐུན་ལའང་སེམས་ཁུར་མི་བྱེད་པས་སོ། །
དེ་ལྟར་ཡིན་ཚེ། ཕྱི་རོལ་གྱི་འཚོ་བའི་ཆ་རྐྱེན་འཕེལ་ནས་མིག་མདུན་དུ་ཁྲ་ཁྲ་རིག་རིག་ཅི་ཙམ་སྣང་ཡང་ནང་སེམས་ནི་ནམ་ཡང་སྔངས་སྐྲག་དང༌། རེ་དོགས། སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་ཡིན། རྒྱུ་མཚན་དེའི་ཕྱིར་སྤྱི་ཚོགས་ལ་ཆོས་ལུགས་ཀྱི་ཡང་དག་པའི་དད་མོས་རེ་དགོས་ངེས་པ་ཡིན། དེ་ལྟར་མིན་ཚེ་དངོས་པོའི་དཔལ་ཡོན་ཇི་ལྟར་འཕེལ་ནའང་། མི་ཆོས་སྤྱོད་ལམ་དེ་མར་འགྲིབ་འགྲོ་བ་དང་། དེ་ལྟར་ན་རིམ་གྱིས་མིའི་རིགས་རང་གིས་རང་ཉིད་ཀྱང་བརླག་པར་བྱེད་དོ། །
དུས་རྒྱུན་ང་རང་ཁེར་རྐྱང་ངམ། ཡང་ན་མི་གཞན་ལ་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ། དད་པའི་ཕན་ཡོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཁྱད་པར་དུ་དེང་སྐབས་ཀྱི་མི་མང་པོ་ཞིག་ལ་ཆ་མཚོན་ན། རང་རྒྱུད་ལ་ནང་ཆོས་ཀྱི་འདུ་ཤེས་རེ་སྐྱེས་ན་དོན་སྙིང་ཆེན་པོ་འདུག གལ་ཏེ་མི་ཚེ་འདིར་དམ་པའི་ཆོས་ལ་འབྲེལ་བ་ཙམ་ཡང་འཇོག་མ་ཐུབ་པར་འཇིག་རྟེན་ཕ་རོལ་ཏུ་སོང་ན། རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་བ་བཞིན་ཧ་ཅང་ཡིད་ཕངས་དགོས་པ་ཞིག་ཡིན། དེང་དུས་ཀྱི་མི་ཚང་མས། ནམ་རྒྱུན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འཚོལ་སྙེག་བྱས་བྱས་མཐར་ཅི་ཡང་ཐོབ་མེད་ཅིང་། ལག་སྟོང་དུ་འགྱོད་གདུང་བྱེད་བཞིན་བསྡད་ཡོད་པའི་གནས་ཚུལ་འདི་ལྟ་བུ་ནི། ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་རེད། ཚང་མས་དོན་མེད་ཀྱི་བྱ་བཞག་ཉི་ཚེ་བ་ཙམ་ལ་མགོ་མི་འཁོར་བར། མིག་རྒྱང་རིང་པོས་འགྲན་ཟླ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྙིང་རྗེ་དང་ཤེས་རབ་ལ་བརྩོན་པའི་རེ་བ་ཡོད།
༡ ནང་བསྟན་གྱི་སྙིང་རྗེ་ཆེན་པོའི་ཁྱད་ཆོས།
ནང་བསྟན་གྱི་ཤེས་རབ་དང་སྙིང་རྗེ་ནི། ཆོས་ལུགས་གཞན་ལས་ཁྱད་དུ་འཕགས་པ་རེད། ཆོས་ལུགས་གཞན་དག་གིས་ཀྱང་མིའི་རིགས་ལ་བྱེད་ནུས་ངེས་ཅན་འདོན་བཞིན་ཡོད། ཁྱད་པར་དུ་ཨ་རི་ལྟ་བུའི་ནུབ་ཕྱོགས་རྒྱལ་ཁབ་ཚོ་ལ་མཚོན་ན། ཡེ་ཤུའི་ཆོས་ལུགས་མཛུབ་སྟོན་གྱིས་མི་རྣམས་ཀྱི་སྡུག་བསྔལ་མང་པོ་བསལ་ནས། སེམས་ལ་སློབ་གསོ་ཐེབས་ཀྱི་ཡོད། འོན་ཀྱང་ཁས་མི་ལེན་ཐབས་མེད་པ་ཞིག་ནི། ཆོས་ལུགས་ཁ་ཤས་ཤིག་གི་བསྟན་དོན་ནི། མིའི་རིགས་སྲུང་སྐྱོབ་དར་སྤེལ་ཙམ་ལས། གཞན་སེམས་ཅན་དག་ལ་སྲུང་སྐྱོབ་བྱེད་ཀྱིན་མེད་པ་འདི་ནི། སྙིང་རྗེ་ཆེན་པོའི་ཁྱབ་རྒྱས་འདང་མེད་པས་རེད། འོ་ན། རྒྱུ་མཚན་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱམས་སྐྱོང་བྱེད་དགོས་ཤེ་ན། སེམས་ཅན་ཚང་མའི་ཚེ་སྲོག་ནི་ང་ཚོ་མིའི་རིགས་དང་འདྲ་བར་རིན་ཐང་ཅན་ཡིན་པ་དང༌། དེ་མཚུངས་སུ་ཁོ་ཚོ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པའི་ཕྱིར་རོ། །
སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་འཇོམས། ། ཞེས་གསུངས་པ་ལྟར། སེམས་ཅན་འདི་ཚོ་གཏི་མུག་དང་མ་རིག་པའི་དབང་དུ་སོང་ནས། རང་གི་སྡུག་བསྔལ་འདོར་འདོད་ཀྱང་དེའི་རྒྱུ་སྒྲུབ་མི་ཤེས་པས། སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང༌། བདེ་བ་ཐོབ་འདོད་ཀྱང་རང་གི་བདེ་བ་དེ་དགྲ་ལྟར་འཇོམས་པ་ཡིན། དེ་བཞིན་དུ་དེང་དུས་ཀྱི་མི་མང་པོ་ཞིག་གིས་ཀྱང་། ཕྱིས་འབྱུང་གི་སློབ་གསོ་དང་། འཚོ་བ་སོགས་ཀྱི་རྐྱེན་གྱིས་བདེ་སྐྱིད་འཚོལ་སྙེག་ཀྱི་རྒྱུ་རྐྱེན་རྩ་བ་ནས་ཤེས་ཀྱི་མི་འདུག འདིར་བཞུགས་ཀྱི་སློབ་ཆེན་གྱི་སློབ་མ་རྣམ་པ། ཁྱེད་ཚོས་འབད་བརྩོན་གྱིས། ཤེས་ཡོན་པའི་སྡེ་ཁག་རབས་དང་རིམ་པ་བརྒྱུད་ནས། བདེ་བླག་ངང་པེ་ཅིན་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད། དེས་ན་འཇིག་རྟེན་གྱི་བྱ་བཞག་ཕྱོགས་ནས་རྒྱལ་ཁ་ཐོབ་ངེས་རེད། ཡིན་ན་ཡང་སློབ་གྲྭ་འདིར་སླེབས་རྗེས། ཁྱེད་ཚོས་བདེ་སྐྱིད་འཐོབ་པའི་རྒྱུ་ནི་དགེ་ལས་དང༌། སྡུག་བསྔལ་བསལ་བའི་རྒྱུ་ནི་སྡིག་པ་སྤངས་པ་ཡིན་པར་འདང་རྒྱག་ཨེ་མྱོང༌། གལ་ཏེ་དགེ་བ་ལས་ནི་བདེ་བ་དང་། མི་དགེ་ལས་ནི་སྡུག་བསྔལ་འབྱུང་བ་ཙམ་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་ཡང་མ་ཤེས་ན། འཇིག་རྟེན་གྱི་མི་ཚང་མས་ཁྱོད་ལ་མཐོང་ཆེན་ཇི་ལྟར་བྱས་ཀྱང༌། ཕྱོགས་གཞན་ཞིག་ནས་གླེང་ན་ཁྱོད་ཤེས་ཡོན་པའི་གྲལ་དུ་མི་ཚུད་པའི་ཉེན་ཁའང་ཡོད་པ་ཡིན། འདི་ལྟ་བུའི་བདེ་སྡུག་གི་རྒྱུ་རྐྱེན་ནི། སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ན་ཁས་ལེན་དགོས་པ་མིན་པར། སྡིག་པ་བསྒྲུབས་ན་སྡུག་བསྔལ་འབྱུང་བ་དང་། དགེ་བ་བསྒྲུབས་ན་བདེ་སྐྱིད་འབྱུང་བ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན། དཔེར་ན་དུག་འཐུང་ན་ལུས་སེམས་ལ་གནོད་པ་དང་། སྨན་མཆོག་འཐུང་ན་འདུ་བ་བཞིའི་ནད་ཡིན་ཡང་སངས་དྲག་ཏུ་འགྱུར་བ་ནང་བཞིན་ཡིན། འདི་ནི་རྒྱུ་འབྲས་ཀྱི་སྒྲིག་སྲོལ་ཞིག་ཡིན་པ་ལས། སངས་རྒྱས་ཀུན་ནུས་ཡིན་པས། འཇིག་རྟེན་གྱི་མི་ཚང་མའི་བདེ་སྡུག་ལ་དབང་སྒྱུར་བྱེད་བཞིན་ཡོད་པ་མིན།
༢ ནང་བསྟན་ཤེས་རབ་ཀྱི་ཁྱད་ཆོས།
ནང་བསྟན་ལ་བྱམས་སྙིང་རྗེ་ཆེན་པོ་ལས་གཞན། ད་དུང་ཤེས་རབ་ཀྱང་གཞན་ལས་ཁྱད་དུ་འཕགས་པ་ཡོད། དོན་དམ་དང་ཀུན་རྫོབ་བདེན་པ་གཏན་ལ་དབབ་པ་དེ་ལ་སྐྱོན་ཆ་ཕྲན་བུའང་རྙེད་མི་ཐུབ། ཀུན་རྫོབ་བདེན་པའི་ཐད་ནས་བཤད་ན། དེང་གི་འཇིག་རྟེན་ཁོངས་གཏོགས་ཀྱི་ཤེས་བྱ་སྣ་ཚོགས་སྟེ། གནམ་རིག་དང༌། ས་ཁམས། སྐྱེ་དངོས། སྐྱེ་ཁམས། དངོས་ལུགས། རྫས་འགྱུར་སོགས། ཚང་མ་སྟོན་པས་ཆོས་གཞུང་དུ་གནའ་སྔ་མོ་ནས་བཀོད་ཟིན་པ་རེད། དཔེར་ན་དུས་ཀྱི་འཁོར་ལོ་ལས་དཔྱད་ཆས་སོགས་ཅིའང་མེད་པའི་ཆ་རྐྱེན་འོག་ཏུ། ལོ་རེ་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པ་དང་ཉི་མའི་འཁོར་བགྲོད། ཉི་འཛིན། ཟླ་འཛིན་སོགས་ཚན་རིག་དང་བསྡུར་ན་དུས་ཚོད་གཅིག་ཙམ་ཡང་ཁྱད་པར་མེད་པ་མ་ཟད། ད་དུང་དགུ་ཚིགས་ཁྱིམ་རྒྱུད་དང་ཉི་མའི་བར་གྱི་གཏིང་ཟབ་པའི་འབྲེལ་བའང་ཡང་དག་པར་ངོ་སྤྲོད་བྱས་ཡོད་པ་རེད། འདི་ལྟ་བུའི་གསར་རྙེད་ནི། གནམ་རིག་པའི་ལོ་རྒྱུས་སྟེང་གི་མི་གཅིག་གིས་ཀྱང་རྙེད་མེད་པ་དང་། དེ་ནས་བཟུང་དེང་དུས་ཀྱི་མཁས་པ་རྣམས་ཀྱི་ཡོངས་ཁྱབ་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པ་རེད། ད་དུང་ནང་བསྟན་གྱི་གསོ་བ་རིག་པ་ཡང་ཧ་ཅང་སྔོན་ཐོན་གྱི་གྲས་སུ་ཡོད། དེང་དུས་ཀྱི་ནུབ་ཕྱོགས་གསོ་རིག་དང་། རྒྱ་ནག་གསོ་རིག་གི་སྔོ་སྨན་སྡེབ་སྦྱོར་སོགས་སྨན་ཡིག་ལས་རྙེད་པའི་དངོས་པོ་དག བོད་ཀྱི་གསོ་རིག་རྒྱུད་བཞི་ལས་སྔ་མོ་ནས་གསལ་བཤད་བྱས་ཡོད་པ་རེད། རྩོམ་རིག་མཁས་དབང་ལོའུ་ཞིན་གྱིས་མདོ་མཛངས་བླུན་དང་ས་སྡེ་ལྔ་སོགས་ཆོས་གཞུང་ལ་བལྟས་རྗེས་སངས་རྒྱས་ལ་ཡིད་སྨོན་སྐྱེས་པ་རེད། ཁོས་གྲོགས་པོ་དག་ལ་བཤད་རྒྱུར། སྟོན་པ་ཤཱཀྱ་ཐུབ་པ་ནི་དངོས་གནས་རླབས་ཆེན་གྱི་འཕགས་པ་ཞིག་རེད། ངས་དུས་རྒྱུན་དུ་ཐག་གཅོད་དཀའ་བའི་མི་ཚེའི་གནད་དོན་དག་ཁོང་གིས་སྔ་མོ་ནས་ཕལ་ཆེར་ཚང་མ་མཁྱེན་འདུག ངོ་མ་རླབས་ཆེན་གྱི་འཕགས་པ་རེད་ཅེས་གསུངས་མྱོང༌བ་རེད། འདིར་བཞུགས་ཀྱི་ཤེས་ཡོན་པ་རྣམས་ཀྱིས། ནང་ཆོས་ལ་གཏིང་ཟབ་པའི་རྒྱུས་ལོན་དང་ཞིབ་འཇུག་དགོས་ངེས་ཡིན། ཤེས་ཡོན་པའི་བཟང་ཆ་ནི། ཡོན་ཏན་གསར་པ་རྒྱུད་ལ་ལེན་སླ་བ་དང་། ཞིབ་འཇུག་གི་བསམ་བློས་རྙེད་པའི་འབྲས་བུར་འགྱུར་བ་མེད་པ་ཡིན་པ་དང༌། ཤེས་ཡོན་པའི་སྐྱོན་ཆ་ནི་ལོག་ལྟ་ཆེ་བ་དང་དོགས་པའི་བསམ་བློ་དུས་རྒྱུན་སྐྱེས་པ་ཡིན། དོགས་པ་ཅུང་ཙམ་ཡང་མི་སྐྱེས་པའི་ངེས་པའང་མེད་དེ། བསམ་གཏན་པས། དོགས་པ་ཆེ་ལ་རྟོགས་པ་མཐོ། ། དོགས་པ་ཆུང་ལ་རྟོགས་པ་དམའ། ། དོགས་པ་མེད་ན་རྟོགས་པ་མེད། ། ཅེས་དུས་རྒྱུན་དུ་བཤད་སྲོལ་ཡོད་པ་རེད། གལ་ཏེ་ཁྱོད་ལ་དོགས་པ་ཆེན་པོ་ཡོད་ན་ནང་བསྟན་ཞིབ་འཇུག་གི་ཁྲོད་ནས་ཐོབ་པའི། གྲུབ་འབྲས་ངེས་ཤེས་ཁྱད་འཕགས་སྐྱེས་ནས་རང་རྒྱུད་ཀྱི་ཐེ་ཚོམ་དང་རྨོངས་མུན་རྨང་ནས་སེལ་ཐུབ། དེ་ལྟར་མིན་ཚེ་དེང་སང་གི་མི་ལ་ལ་ཞིག་དང་འདྲ་བར། ནང་བསྟན་ལ་གོ་བ་ཅུང་ཙམ་ཡང་ལོན་མེད་པར་མི་བཤད་དགུ་བཤད་དང་། རང་སྣང་གང་ཤར་གྱིས་སྐུར་འདེབས་བྱེད་བཞིན་པ་དང་གཅིག་མཚུངས་རེད། བྱེད་སྟངས་འདི་རིགས་ནི་དངོས་གནས་སྐྱི་གཡའ་བ་ཞིག་རེད། ཧྲ་ཧྲི་པེ་ཡའི་༼དབྱར་འབྲིང་དགོང་མོའི་རྨི་ལམ།༽ལས། ཁྱོད་ཀྱིས་མི་ཤེས་པའི་གནས་ལུགས་ལ་ནམ་ཡང་རྨོངས་ཚོད་ཀྱིས་དཔྱད་གཏམ་སྤེལ་མི་རུང། དེ་ལྟར་མིན་ཚེ་ཁྱོད་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་གིས། ནོར་འཁྲུལ་ལ་ཁ་གསབ་བྱེད་རྒྱུའི་ཉེན་ཁ་ཡོད་ཅེས་གསུངས་ཡོད། དེར་བརྟེན། ཁྱོད་ཚོས་ཆོས་ལུགས་གང་ཡིན་ཡང་ཞིབ་འཇུག་བྱེད་པའི་སྐབས་སུ་འདྲ་མཉམ་དང་། ཕྱོགས་རིས་མེད་པའི་སྒོ་ནས་ཞིབ་འཇུག་བྱ་རྒྱུ་གལ་ཆེ་བ་ཡིན། སངས་རྒྱས་ཀྱིས་ཀྱང་ངེས་པར་དུ་ངའི་བསྟན་པ་ལ་འཇུག་དགོས་ཞེས་བསྒོས་ཡོད་པ་མ་རེད། མི་སུ་ཡིན་ཡང་ཆོས་ལུགས་ལ་དད་པ་ཡོད་མེད་རང་མོས་དང་། ཆོས་ལུགས་གང་ལ་དད་དགོས་པ་རང་དབང་གིས་གདམ་གསེས་བྱ་ཆོག་པ་རེད། གདམ་གསེས་ཀྱི་བརྒྱུད་རིམ་ཁྲོད་དུ་རབ་ན་བདེན་དོན་གཙོར་འཛིན་བྱ་དགོས། གལ་ཏེ་བླུན་པོ་དག་གི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་གཞན་བཤད་རྗེས་ཟློས་དང་ཆུ་སྣ་གར་ཁྲིད་བྱས་ན། མཇུག་མཐར་གྲུབ་འབྲས་བཟང་པོ་ཞིག་ཐོབ་ཐུབ་རྒྱུ་མ་རེད། དེའི་ཕྱིར། ཚང་མས་དད་མོས་གདམ་གསེས་བྱེད་སྐབས། ངེས་པར་དུ་ཤེས་རབ་ཀྱི་བརྟག་དཔྱད་ལ་བརྟེན་ནས། ཆོས་ལུགས་དེའི་བསྟན་དོན་གཞོམ་གཞིག་བྲལ་བ་ཞིག་ཡིན་མིན་ལ་བལྟ་དགོས་པ་རེད། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པས་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན། ཞེས་པའི་ཚིག་འདི་ལ་མྱོང་ཚོར་ཙམ་ཡང་མེད་ན། ཤོག་བུའི་སྟེང་དུ་དམག་ཇུས་འགོད་པ་ལྟ་བུ་ལས་དོན་སྙིང་ཆེན་པོ་མེད་པ་ཡིན། གཞུང་ལུགས་ཀྱི་གཏན་ཚིགས་ལ་བརྟེན་ཏེ་སྟོང་ཉིད་ཀྱི་སྙིང་དོན་ཤེས་པར་འགྱུར་ལ། ད་གཟོད་ཁྱོད་ཀྱིས་སྣང་སྟོང་དབྱེར་མེད་ཀྱི་རྟོགས་པ་གསལ་ལྷང་ངེ་བ་དེའང་རྙེད་ཐུབ། དེ་ནི་སྒྲ་ཚིག་ཙམ་གྱིས་མཚོན་མི་ཐུབ། གོ་རྟོགས་འདིས་དབང་དུ་བྱས་ན། སེམས་ཅན་རྣམས་དང་སངས་རྒྱས་ལ་ཁྱད་པར་མེད་པ་གསལ་བོར་ཤེས་ཐུབ་པ་ཡིན། བསམ་གཏན་བླ་མ་ཏ་མོའི་ ༼གནས་ལུགས་རྟོགས་པའི་བསྟན་བཅོས།༽ ཞེས་པ་ལས། སེམས་ཅན་དག་དང་སངས་རྒྱས་ནི། ། ཆུ་དང་ཆབ་རོམ་ཁྱད་པར་ཙམ། ། ཞེས་གསུངས་པ་ལྟར་སེམས་ཅན་རྣམས་དང་། སངས་རྒྱས་ཀྱི་བར་དུ་ཡོལ་བ་གཅིག་གིས་ཆོད་པ་ལྟ་བུ་ཡིན། མདོ་སྡེ་རྒྱན་ལས། སེམས་ཅན་སངས་རྒྱས་ཁྱད་པར་ནི། ། རིག་དང་མ་རིག་ཙམ་དུ་ཟད། ། ཅེས་གསུངས་པ་ལྟར་རོ། ། འདི་བཤད་སླ་ཡང་སྒྲུབ་དགོས་ན་དེ་ལྟར་སླ་མོ་ཞིག་མིན། སེམས་ཅན་ཐམས་ཅད་མ་རིག་པ་དང་ཉོན་མོངས་པའི་རྟོག་པས་བསྒྲིབས་ནས། རང་གི་སེམས་ཀྱི་རང་བཞིན་སྐད་ཅིག་ཙམ་ཡང་མ་མཐོང་བར། དུས་རྟག་ཏུ་བླུན་རྨོངས་ཀྱི་དབང་དུ་གྱུར་ནས་འཁོར་བ་རིགས་དྲུག་སྟེ། སྲིད་པའི་རྒྱ་མཚོའི་རྦ་རླབས་ཀྱི་ཀློང་ནས་ནམ་ཡང་ཐར་ཐུབ་ཀྱིན་མེད། དེར་བརྟེན་ང་ཚོ་འགྲོ་བ་མི་དང་། ཁྱད་པར་དུ་ཚན་རིག་ལས་ཀའི་མི་སྣ་ཞིག་ཡིན་ཕྱིན། ཡང་དག་པའི་ཆོས་ལུགས་ལ་དད་མོས་ལས་བྱུང་བའི་བླང་དོར་གསལ་ཤེས་ཀྱི་ཤེས་རབ་རེ་དགོས་ངེས་ཡིན། དེ་ལྟ་བུའི་ཤེས་རབ་ཀྱི་འབྱུང་ཁུངས་ནི་ཡང་དག་པའི་ཆོས་ལུགས་ཀྱི་དད་མོས་དེ་ཡིན། གལ་ཏེ་འདི་དག་མེད་ཚེ་ཚན་རིག་ལག་རྩལ་ཇི་ལྟར་འཕེལ་ཡང་མིའི་རིགས་བརླག་བྱེད་ཀྱི་རྒྱུ་ཁོ་ན་ཙམ་ལས་མ་འདས།
༢ ཚན་རིག་མེད་པའི་ཆོས་ལུགས་ནི་ལོང་བ་ཡིན།
དེའི་ལྡོག་ཕྱོགས་ནས་བཤད་ན། ཆོས་ལུགས་ལའང་ཚན་རིག་གི་མཛུབ་ཁྲིད་དགོས་པ་རེད། ཆོས་ལུགས་གང་ཞིག་ཡིན་ཡང་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་དར་ཁྱབ་བྱུང་ནས། སྐལ་ལྡན་སེམས་ཅན་དག་གི་རྒྱུད་ལ་སྤྲད་དགོས་ན། ངེས་ཅན་གྱི་སྒྲིག་འཛུགས་ཅན་དང་། ཚད་ལྡན་ཅན་སོགས་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པ་དང༌། དེ་དང་མཉམ་དུ་ཚན་རིག་གིས་ཀྱང་ཆོས་ལུགས་དེའི་བསྟན་དོན་ལ་དཔང་རྟགས་འདོན་སྤྲོད་བྱ་ཐུབ་དགོས། དེ་ལྟར་མིན་ཚེ་འཇིག་རྟེན་པ་དག་གིས་དང་ལེན་བྱེད་དཀའ་བ་རེད། དེ་སྔོན་རྒྱ་བརྒྱུད་ནང་བསྟན་དུ། ཐའེ་ཤུ་བླ་མ་སོགས་ཀྱིས་ནང་བསྟན་དར་སྤེལ་བྱེད་ཆེད། འཇིག་རྟེན་པའི་ནང་ཆོས་ཞེས་པ་དེ་ནན་གྱིས་བཤད་པ་རེད། འདིའི་རིགས་ལ་ང་རང་ཉིད་ལ་ལྟ་ཚུལ་གཉིས་ཡོད། འཇིག་རྟེན་པའི་ནང་ཆོས་ཞེས་པ་ཧ་ཅང་ཁྱབ་བརྡལ་བྱས་ཏེ། ཆོས་པ་དག་འཇིག་རྟེན་ཐ་མལ་པར་གྱུར་ཆེས་ཏེ་ཚོང་ཁེ་སོགས་བྱས་ན། གདོད་མའི་ནང་བསྟན་གྱི་དགོངས་དོན་ལ་འགལ་བ་འབྱུང་སྲིད། གལ་ཏེ་དཀོན་མཆོག་གསུམ་ལ་དད་པ་ཞེས་པ་དགའ་སེམས་དང་། དུངས་སེམས་སོགས་ཀྱིས་མཚོན་པར་བྱས་ན་གོ་བ་ལོག་ལམ་དུ་འགྲོ་བ་དང༌། དེ་ལྟ་བུའི་འཇིག་རྟེན་པའི་ནང་ཆོས་ནི་ལུགས་མཐུན་ཞིག་མིན། གལ་ཏེ་རྩ་བའི་དགོངས་དོན་མི་འགྱུར་བའི་རྨང་གཞིའི་སྟེང་དུ་། དེང་དུས་ཀྱི་མིང་ཚིག་གིས་སྟོན་པ་ཤཱཀྱ་ཐུབ་པའི་གཏིང་ཟབ་པའི་བསྟན་པ་ལ་འགྲེལ་བཤད་བྱས་ཏེ། དཔེར་ན་སེམས་ཅན་དང་གང་ཟག་ལ་སྲོག་ཆགས་ལྟ་བུར་བཤད་ན་མི་རྣམས་ཀྱིས་རྒྱུས་ལོན་སླ་བར་མ་ཟད། དེ་ལ་བརྟེན་ནས་ཆོས་ལ་འཇུག་པར་བྱས་ན་གལ་ཆེ་བ་ཡིན།
༣ དེང་སྐབས་ཀྱི་དད་པ་ནོར་བ་དང་ཀུན་སྤྱོད་ཉམས་པ།
དེང་དུས་ཀྱི་མི་རྣམས་ནི་གནའ་སྔ་མོའི་མི་དང་མི་འདྲ་བར་ཞིབ་འཇུག་གི་དུས་ཚོད་དང་བསམ་གཞིག་གི་སྟོང་ཆ། དབྱེ་ཞིབ་ཀྱི་ནུས་ཤུགས་ཡོད་པ་ཡིན། ཁོ་ཚོ་ནི་ཁེ་ཕན་གྱི་བསམ་པ་དྲག་ཆེ་བས་མི་ཚེ་ཐུང་ཐུང་འདི་ཡང་། དངོས་པོའི་འགྲན་རྩོད་ཀྱི་དབང་དུ་ཤོར་བ་རེད། འདི་ལ་དེང་སང་གི་ཟེར་སྒྲོས་སུ། ཨ་ཧྥེ་རི་ཁའི་གླིང་གི་ཤྭ་ཁྲས་ཉིན་རེ་བཞིན་ཞོགས་པར། དེ་རིང་ངས་ཆེས་མྱུར་བའི་མགྱོགས་ཚད་ཀྱིས་མ་བྲོས་ན་སྲོག་ཆགས་གཞན་པས་ཟ་བར་བྱེད་དོ་། སྙམ་པ་དང༌། སེང་གེ་ཡིས། དེ་རིང་ངས་ཆེས་མྱུར་བའི་འགྲོས་ཚད་ཀྱིས་མ་བདའ་ན་མུ་གེར་འཆི་བ་ཡིན་སྙམ་པའི་དཔེ་ལྟར་སེམས་ཅན་ཚང་མའི་ངེས་གཏན་གྱི་དམིགས་ཡུལ་མི་འདྲ་ནའང་། རྩ་བའི་ཆ་ནས་ཚང་མ་རང་ཉིད་ཀྱི་ཆེད་དུ་ཡིན། དེང་སྐབས་སློབ་གྲྭ་ཆེན་མོ་དང་ཚོང་ལས་ཁང༌། ད་དུང་གཞུང་ཞབས་པ། དགེ་རྒན། སྨན་པ་སོགས་ལའང་མི་འདང་སའི་ཕྱོགས་མང་པོ་ཡོད་པ་རེད། དེ་ལྟར་ཡོད་པའི་རྒྱུ་མཚན་ཡང་། ཁོ་ཚོའི་རྒྱུད་ལ་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་མེད་པས་ཡིན། དེ་མིན་ཚེ་ཁོ་ཚོས་རྟག་ཏུ་རང་དོན་འབའ་ཞིག་མི་གཉེར་བར་ཉེ་འཁོར་གྱི་མི་རྣམས་ལའང་བསམ་བློ་རེ་གཏོང་ངེས་ཡིན། ངས་དེ་སྔོན་ཟེར་སྒྲོས་ཞིག་ཐོས་པ་ནི། ནམ་རྒྱུན་གློག་བརྙན་ཁང་དུ་གློག་བརྙན་ལ་བལྟ་སྐབས། གལ་ཏེ་ཕྲེང་སྔོན་མའི་མི་རེ་གཉིས་ཡར་ལངས་ན། ཕྲེང་གཞུག་མའི་མི་རྣམས་ཀྱིས་ཀྱང་གློག་བརྙན་མི་མཐོང་བས་ཡར་ལངས་འོང་བ་དང༌། དེ་ལྟར་ངན་པ་རྒྱུན་འབྱམས་སུ་སོང་ནས། མཇུག་མཐར་གློག་བརྙན་ཁང་གི་མི་ཚང་མའི་རྐང་པ་ན་ནའང་། ཡར་ལངས་ནས་བལྟ་དགོས་འོང་བ་རེད། དེང་དུས་ཀྱི་སྤྱི་ཚོགས་ནི་འདི་ལྟར་མི་མང་པོ་ཞིག་གིས་རང་ཉིད་མ་གཏོགས་གཞན་ལ་འདང་མི་རྒྱག་པ་རེད། དེ་ལྟར་སྒེར་སེམས་དང་རང་དོན་གྱི་དབང་གིས་བཟོ་གྲྭ་མང་པོ་ཞིག་གིས་དུག་རྫས་སྣ་ཚོགས་བཟོས་ནས་མི་གཞན་གྱི་བདེ་ཐང་དང་། ཁེ་ཕན་ལ་བརྩི་འཇོག་བྱེད་ཀྱིན་མེད། སྣང་ཚུལ་འདི་ཚོའི་འབྱུང་ཁུངས་ནི་མི་རྣམས་ལ་ཡང་དག་པའི་དད་མོས་མེད་པ་དང༌། སྐྱེ་བ་སྔ་ཕྱི་ཡོད་པ་ལ་ཡིད་མི་ཆེས་པ། ལས་དགེ་སྡུག་གི་ལྟ་བ་ཡང་དག་མེད་པ་སོགས་ཀྱིས་ཡིན། འདི་ལྟ་བུའི་སེམས་ཁམས་ཀྱི་ཉམས་ཉེས་ནི། དཔལ་འབྱོར་གྱི་ཉམས་ཉེས་ཙམ་ལས་ཚབས་ཆེ་བ་ཡིན། དཔལ་འབྱོར་ཉམས་ཉེས་བྱུང་ན་རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་དང་། རྒྱལ་ཁབ་རང་སྟེང་ནས་ཀྱང་ཐབས་ཤེས་མང་ཡང༌། མིའི་བསམ་བློ་དང་རིག་པ་ལ་ཉམས་ཉེས་བྱུང་ཚེ་སྐྱོབ་ཐབས་རྙེད་དཀའ་བ་རེད། དེར་བརྟེན་དེང་དུས་ཀྱི་སློབ་གྲྭ་ཆེན་མོ་པ་དང་། ཐེག་པ་ཆེན་པོའི་ཆོས་པ་རྣམས་ཕན་ཚུན་བགྲོ་གླེང་བྱས་ན། སྤྱི་ཚོགས་ལ་ཕན་པ་ཆེན་པོ་ཡོད་པ་རེད། རྒྱུ་མཚན་ནི་ང་ཚོ་ཐེག་ཆེན་ཆོས་ལུགས་སྤེལ་མཁན་རྣམས་ཀྱིས། གནས་ལུགས་འདི་ཚོ་རྟོགས་ནས་གཏམ་བཤད་པས། ཤུགས་རྐྱེན་དེ་འདྲ་འབྱུང་བའི་ངེས་པ་མེད་ཀྱང༌། ཁྱོད་ཚོ་ཤེས་ཡོན་པ་དག་གིས་རྒྱུད་ལ་ཐེག་ཆེན་གྱི་ཆོས་ལུགས་ཉམས་སུ་ལེན་ཐུབ་ན། རྗེས་སོར་ལས་གནས་མི་འདྲ་བ་ནས་རང་ཉིད་ཀྱི་ནུས་པ་འདོན་སྐབས། རང་དོན་རྩ་བ་ནས་མི་བསམ་པར། གཞན་ཕན་ཁོ་ན་གཉེར་མ་ཐུབ་ནའང་གཞན་དོན་གཙོ་བོར་འཛིན་པར་གྱུར་ན། གཞན་ལ་ཕན་པའི་ཤུགས་རྐྱེན་རྒྱ་ཆེན་འབྱུང་བས་དེ་མི་ཚེ་འདིའི་རྩ་དོན་ཡང་ཡིན། ཨ་རིའི་འཚེ་མེད་ཞི་བའི་རིང་ལུགས་པའམ་ནོ་བྷེལ་ཞི་བདེའི་བྱ་དགའ་ཐོབ་མཁན་མ་ཏུན་ལོའུ་ཏུ་རྗེན་གྱིས། ཞུམ་མེད་ཀྱི་བསམ་བཟང་ནི་མལ་ཁྲིའི་སྟེང་གི་སྔས་མགོ་བཟང་པོ་ཡིན། ཞེས་པའི་སྐད་ཆ་དེ་ཡང་སྐབས་འདིར་དྲན་བྱུང༌། མི་ཞིག་ལ་བློ་བདེ་བག་ཕེབས་དང་བདེ་སྐྱིད་འོང་དགོས་ན་མཚམས་མི་ཆད་པར་རང་གི་ཆེད་དུ་ལེན་པའམ་འཚོལ་སྙེག་བྱ་དགོས་པ་རེད་དམ། ཡང་ན་མུ་མཐུད་དུ་གཞན་གྱི་ཆེད་དུ་ཕར་གཏོང་དགོས་པ་རེད། ང་ལ་ཁྱོད་ཚོས་འདི་དག་གསལ་བོར་ཤེས་ཡོད་པའི་ཡིད་ཆེས་ཡོད། དེང་དུས་ཀྱི་སྤྱི་ཚོགས་འདིར་བྱམས་སྙིང་རྗེ་ཡི་འོད་སྣང་ནི་ཉིན་བཞིན་འགྲིབ་པ་དང་། མུན་ནག་གི་གྲིབ་གཟུགས་ནི་ཇེ་མཐུག་ཡིན་པར་མ་ཟད་སེལ་ཐུབ་ཀྱི་མེད་པ་ལྟ་བུ་ཡིན། གལ་ཏེ་ཁྱེད་རང་ཚོས་བསམས་ན་ང་རང་སྐྱོ་སྣང་རང་ལུགས་པར་གྱུར་ཡོད་སྣང་འཆར་སྲིད། གང་ལྟར་ཡང་རང་ཅག་གི་ཉེ་འཁོར་ལ་མིག་ལྟོས་རེ་གྱིས་དང༌། ཕྱིའི་རྒྱལ་ཁབ་མང་པོ་དང་འགྲན་དུ་བཟོད་པའི་དཔལ་འབྱོར་འཕེལ་རྒྱས་ཕལ་ཆེར་ཡང་རྩེར་སླེབས་ནས། གྲོང་ཁྱེར་ཆེན་པོ་དག་ལ་ཡོད་དགོས་པ་ཐམས་ཅད་འཛོམས་འདུག དེ་ལྟར་ཡིན་ཡང་མི་རྣམས་ཀྱི་ཡིད་ཚིམས་མེད་ལ་བདེ་སྐྱིད་ཀྱང་མེད་པར་མ་ཟད། མི་མང་པོ་ཞིག་སྒོར་མོའི་གཡོག་པོ་དང༌། ཁང་པའི་གཡོག་པོ། རླངས་འཁོར་གྱི་གཡོག་པོར་གྱུར་འདུག རང་ཉིད་ཕྱུག་པོར་འགྱུར་བའི་ཆེད་དུ་ཐབས་ངན་གང་ལའང་། འཛེམས་པ་མེད་པར་གཞན་གནོད་རང་ཕན་བྱེད་ཀྱིན་འདུག དེ་ལྟར་བྱས་པའི་གྲུབ་འབྲས་ནི་ནམ་ཡང་འདོད་པ་དང་འགལ་བར་མ་ཟད། མཇུག་མཐར་བདེ་སྐྱིད་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་འགྲོ་བ་ཡིན།
༤ ནང་བསྟན་གྱིས་སེམས་ཁམས་ལ་བཏོན་པའི་ནུས་པ།
ང་ཚོའི་བོད་ཡུལ་དུ་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པ་དང་། གནམ་གཤིས་ཀྱི་ཆ་རྐྱེན་ངན་ནའང༌། བདེ་སྐྱིད་ཀྱི་མཚོན་གྲངས་ནི་ཧ་ཅང་མཐོ་བ་དང་ཉེ་བའི་ལོ་ཤས་འདི་ཚོའི་རིང་གི་སྡོམ་རྩིས་བྱས་པ་ལྟར་ན། ལོ་བརྒྱ་ཡན་ལོན་པའི་མི་མང་པོ་ཡོད་པ་རེད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ཚན་རིག་པ་མང་པོ་ཞིག་གིས་དེ་ནི་མི་རྣམས་ཀྱི་སེམས་ཁམས་བདེ་ཐང་དང་འབྲེལ་བ་ཡོད་ཅེས་བཤད་ཀྱིན་ཡོད། འོན་ཀྱང་བོད་ཡུལ་དུ་སེམས་ཁམས་སྙོམས་སྒྲིག་གི་ཐབས་ལམ་གཅིག་པུ་ནི། ཐེག་པ་ཆེན་པོའི་ཆོས་ལུགས་ཡིན། གནའ་རབས་ཀྱི་འབུམ་རམས་པ་ཐེང་ཨིན་པུས་བཤད་རྒྱུར། དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་སྤྱི་ཚོགས་སྐྱོབ་བྱེད་ནི། ཁུང་མོང་གི་ལམ་ལུགས་དང་ཐེག་པ་ཆེན་པོའི་ཆོས་ལུགས་ཁོ་ན་ཡིན། ཞེས་གསུངས་པ་ངོ་མ་རྒྱུ་མཚན་ཅན་གྱི་སྐད་ཆ་ཞིག་རེད། ད་ལྟ་མི་རྣམས་ཀྱིས་གནད་དོན་ལ་རྩ་བ་ནས་ཐག་གཅོད་བྱ་འདོད་ན། ཕྱོགས་གཅིག་ནས་ཁུང་མོང་ལམ་ལུགས་ལ་ཞིབ་འཇུག་བྱ་དགོས་པ་དང༌། ཁྱད་པར་དུ་རྒྱ་ཡུལ་ལྟ་བུར་མཚོན་ན་ཧ་ཅང་གཙོ་ཆེ་བ་ཡིན། ཁུང་མོང་གི་ལམ་ལུགས་འདི་ཡོད་ན། ད་གཟོད་སློབ་ཆེན་པ་མང་པོ་ཞིག་གིས་ཕམ་ཉེན་ཅུང་ཙམ་གྱིས་རང་སྲོག་མི་གཅོད་པ་ཡིན། ཕྱོགས་གཅིག་ནས་ཐེག་པ་ཆེན་པོའི་ཆོས་ལུགས་ཉམས་སུ་ལེན་རྒྱུ་དེ་ཡིན། འདི་ལྟ་བུའི་ཡིད་ཆེས་ཀྱི་དད་མོས་ཡོད་རྗེས། བྱ་བ་ཆུང་ངུ་མ་ཟད་རྐྱེན་ངན་གོད་ཆག་ཆེན་པོ་དང་འཕྲད་ཀྱང་འཛེམ་དོགས་མེད་པར་ཁ་གཏད་ཀྱི་ནུས་པ་ཡོད་པ་རེད། ད་ཐེངས་ང་ཡུལ་ཤུལ་དུ་འགྲོ་སྐབས་རང་བྱུང་གོད་ཆག་གིས་ཁང་པ་མང་པོ་རྡིབ་པ་དང༌། མི་མང་པོར་རྨས་སྐྱོན་ཕོག་པ་སོགས། སྡུག་བསྔལ་སྣ་ཚོགས་སྐད་ཆ་ཙམ་གྱིས་བཤད་མི་ཤེས་པ་ལྟ་བུ་རེད། ང་ཚོ་རབ་བྱུང་བ་བརྒྱ་ཕྲག་ཁ་ཤས་སོང་ནས་ཤི་བོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་བྱས་པ་ཡིན། བརྒྱུད་རིམ་འདིའི་ཁྲོད་ནས་ཡུལ་ཤུལ་གྱི་མི་རྣམས་ལ་དད་མོས་ཡོད་པས། འཆི་བ་མི་རྟག་པ་ལ་སྔོན་ནས་གྲ་སྒྲིག་བྱས་ཟིན་པ་གསལ་བོར་ཤེས་ཐུབ། ཁོ་ཚོ་འདི་ལྟ་བུའི་འཇིགས་རུང་གི་རང་བྱུང་གོད་ཆག་དང་འཕྲད་ཀྱང་ཁག་ཕར་འགེལ་ཚུར་འགེལ་དང་། སྡུག་བསྔལ་ཆེ་བས་གསོན་འདོད་མེད་པའི་རྣམ་པ་མེད་པར་སྔོན་ལས་ཞིག་ཡིན་སྙམ་བཞིན་ཡོད། མི་མང་པོ་ཞིག་གིས་ཆོས་ཐམས་ཅད་མི་རྟག་པ་དང་། འཁོར་བ་ནི་སྡུག་བསྔལ་བ་ཡིན་ཞེས་བཤད་བཞིན་འདུག དེའི་ཕྱིར། ཁོ་ཚོས་འཇིག་པ་འདི་དག་བཟོད་ཐབས་གཏན་ནས་མེད་པའི་སྡུག་བསྔལ་ཞིག་ཏུ་བརྩི་ཡི་མེད། སྐབས་དེར་རྒྱ་ནག་གསར་འགྱུར་གྱི་གསར་འགོད་པ་ཞིག་ཡོད་པ་དེ་ལ། ང་ཚོས་ཡུལ་ཤུལ་གྱི་རྟ་རྒྱུག་ཐང་དུ་ཡུལ་ཤུལ་པ་ཚོའི་གནས་ཚུལ་གྲོས་མོལ་བྱེད་སྐབས་ཚོར་བ་དྲག་པོ་སྐྱེས་སོང༌། ཁོས་བཤད་རྒྱུར། ངས་རྒྱལ་ཁབ་ཕྱི་ནང་དང་ཝུན་ཁྲོན་ས་འགུལ་ལ་སོགས། རང་བྱུང་གོད་ཆག་གི་རྣམ་པ་མང་པོ་མཐོང་མྱོང་བར་མ་ཟད། ང་རང་ཉིད་དངོས་སུ་དེར་འགྲོ་སྐབས་མིག་ལམ་དུ་སྐྱི་གཡའ་བའི་དོན་རྐྱེན་མང་པོ་བརྒྱུད་མྱོང༌། མི་ལ་ལས་རང་གི་ཁྱིམ་མི་དག་ཤི་ཚར་བ་མཐོང་རྗེས་དཀའ་ངལ་མི་བཟོད་པས་རང་སྲོག་གཅོད་པ་དང༌། ལ་ལས་རང་གི་རྒྱུ་དངོས་ཚང་མ་སྟོངས་པར་གྱུར་པ་མཐོང་ཚེ། སེམས་ཀྱིས་མི་བཟོད་པར་གཡང་ལ་མཆོངས་པ་སོགས་བྱེད་པའི་རྣམ་པ་ཧ་ཅང་མང༌། ཡིན་ཡང་འདི་རུ་སླེབས་རྗེས་སྔར་དང་མི་འདྲ་བའི་རྣམ་པ་གསར་བ་ཞིག་ཆགས་འདུག འདི་ལྟ་བུའི་མི་མང་པོ་ཞིག་གིས་གོད་ཆག་གི་མདུན་དུ་སེམས་ཁམས་མ་འགྱུར་བར་བདེ་ལ་བབས་འདུག་པ་དང༌། ཐ་ན་མི་ལ་ལའི་ཁྱིམ་མི་ཚང་མ་ཤི་ཚར་ནའང་། ཁོ་རང་གཅིག་པུས་སྨན་ཁང་དུ་འཁོར་ལོ་བསྐོར་ཞོར་དུ་མ་ཎི་འདོན་བཞིན་ཡོད་པར་མ་ཟད། ངོ་གདོང་ལའང་འཛུམ་གྱིས་ཁེངས་འདུག ངས་ཁོ་ལ་ཁྱོད་ཀྱི་སེམས་སྡུག་གམ་ཞེས་དྲིས་ཚེ། ཁོས་བཤད་རྒྱུར་ང་ལ་དགའ་སྤྲོ་སྐྱེས་ཡོད། མི་ཚང་མ་ཤི་མི་དགོས་པ་གཅིག་ཀྱང་མེད། ཐེངས་འདིར་འདི་འདྲའི་རབ་བྱུང་པ་མང་པོས་བསྔོ་སྨོན་བྱས་པས་ཤི་བོ་ཐམས་ཅད་ལས་དག་པ་རེད། ངས་ཀྱང་ཁོ་ཚོར་བདེ་སྐྱིད་འབྱུང་བར་སྨོན་གྱིན་ཡོད་ཅེས་བཤད། ཁོ་རང་ལའང་རྨས་སྐྱོན་མང་པོ་ཐེབས་ཡོད་ནའང༌། ཁོས་འདི་ནི་ཚེ་སྔོན་མར་རང་གིས་བསགས་པའི་ལས་ཀྱི་འབྲས་བུ་ཡིན་པས། འགྱོད་བཤགས་བྱེད་པ་ལས་ཐབས་གཞན་མེད་སྙམ་གྱིན་ཡོད་ཅེས་ཟེར། གནད་དོན་འདི་དག་གི་སྟེང་ནས། དད་མོས་དེ་གལ་ཆེ་བའི་རང་བཞིན་ཅན་ཡིན་པ་ཤེས་སོང༌། དད་མོས་དེ་ཡོད་ན་གོད་ཆག་རྨས་སྐྱོན་དང་དགའ་སྐྱོ་འདུ་བྲལ་སོགས། སྡུག་བསྔལ་གང་ཞིག་དང་འཕྲད་ཀྱང་ཅི་བྱ་གཏོལ་མེད་དུ་མི་འགྱུར། ཉིན་འགའི་སྔོན་དུ་ངའི་ཕ་ཡུལ་གྱི་སློབ་ཆུང་ལོ་རིམ་དྲུག་པའི་མཐར་ཕྱིན་སློབ་མ་ཚོ། རང་གི་མ་ཡུམ་སློབ་གྲྭ་དང་ཁ་མ་བྲལ་བའི་སྔོན་དུ། ངས་ཁོ་ཚོ་དགེ་རྒན་དང་བཅས་པ། རྩྭ་ཐང་དུ་ཉིན་གཅིག་ལ་སྤྲོ་གསེང་དུ་ཁྲིད་པ་ཡིན། སྐབས་དེར་སློབ་མ་མང་པོ་ཞིག་རང་ཉིད་ཀྱི་དགེ་རྒན་དང་སློབ་གྲོགས་དག་ལ་ཁ་བྲལ་མི་འདོད་པར་ངུ་བཞིན་འདུག ངས་ཁོ་ཚོར་འདི་ལྟར་བཤད་པ་ཡིན། ཁྱོད་ཚོ་ངུ་དགོས་པའི་རྒྱུ་མཚན་གང་ཡང་མེད། ངས་ཁྱོད་ཚོར་ནང་བསྟན་གྱི་ཉམས་ལེན་ཞིག་བཤད། ཉམས་ལེན་དེ་བལྟས་ན་སླ་ཡང་རྩ་བའི་ཆ་ནས་ནང་དོན་གཏིང་ཟབ་པ་ཞིག་ཡིན། དེ་ནི་མདོ་མཛངས་བླུན་ལས་བཤད་པའི་མི་རྟག་པའི་མཐའ་བཞི་སྟེ་འདུས་མཐའ་འབྲལ་བ་དང༌། བསགས་

日期: 2012-09-26

来自: སྨོན་ལམ།

主题: སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ།

༄༅། ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་། རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ།
ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། ། ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། ། རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། ། མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། ། ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། ། སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། ། ཡང་ཡང་དཀའ་བས་བཙལ་ཞིང་བརྣགས་པའི་དོན། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། ། བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། ། མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས། ། སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། ། ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག ། གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། ། ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི། ། རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། ། གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། ། བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། ། དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། ། མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། ། གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། ། ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། ། བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། བདེན་གསུངས་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། ། ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། ། མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། ། མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། ། ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། ། ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། ། འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར་། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། ། བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང། ། ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། ། ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། ། ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། ། མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། ། རྟོག་གེ་ངན་པས་རང་བཟོས་མ་བསླད་པར། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། ། མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། ། བརྩེ་བས་རྗེས་འཇུག་སྐལ་བ་ཁོ་ནར་བཀྲམ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། ། རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། ། བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག ། མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་། ། གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མང་དུ་ཐོས་པ་ལུང་གིས་སྤྲིན་འཁྲིགས་ཤིང་། ། ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། ། མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། ། མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ། ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། ། ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། ། ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། ། འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། ། བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། ། མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། ། རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། ། བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། དཔལ་ལྡན་བླ་མའི་སྐུ་ཚེ་རབ་བསྟན་ཅིང་། ། བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། ། ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་བ་མེད་པར་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་རྣམ་པར་དག་པའི་རྒྱལ་བ་དགྱེས་པའི་ལམ་བཟང་མཆོག་ཡིན་པ་ངོ་ཤེས་ནས། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱིས་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུ་བཞེད་པ་ཡིད་བཞིན་འགྲུབ་པའི་སྨོན་ཚིག་ཏུ་རྙིང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བར་གུང་ཐུན་ལ་གང་ཤར་བྲིས་པ་དགེ་ལེགས་འཕེལ།། །།

日期: 2012-09-19

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

ཆིན་ཧྭ་སློབ་ཆེན་ཚན་རྩལ་གླིང་གའི་དྲི་བ་དྲིས་ལན།
ས་གནས། ཆིན་ཧཱ་སློབ་ཆེན་ཚན་རྩལ་གླིང་གི་གཏམ་བཤད།
དུས་ཚོད། ༢༠༡༠ལོའི་ཟླ༦པའི་ཚེས༢༥ཉིན་གྱི་མཚན་མོ།
མི་སྣ། མཁན་པོ་བསོད་ནམས་དར་རྒྱས།
࿄ ༡༽ དྲི་བ། ང་ནི་ཀྲུང་བཀྭན་སྡེ་བ་ཚན་རྩལ་གླིང་གི་གསར་གཏོད་པ་ཞིག་ཡིན། འདི་རུ་ང་རང་ལ་ཁེ་ལས་ཞིག་ཀྱང་ཡོད། ངས་འདིར་འདྲི་འདོད་པ་ནི། དེང་སྐབས་རང་བྱུང་ཁམས་ལ་མི་ཤི་གོད་ཆག་བསྟུད་མར་བྱུང་བ་རེད། ལྷག་པར་དུ་ཉེ་དུས་ལོ་གཅིག་གཉིས་ཀྱི་རིང་ལ་ས་ཡོམ་དང་། ཐན་པ། ཆུ་གནོད་སོགས་བྱུང་དང་འབྱུང་བཞིན་པ་རེད། འདི་ནི་དོན་ངོ་མ་རྒྱུ་རྐྱེན་ཅི་ཞིག་གིས་བཟོས་པ་རེད་དམ།
࿉ ལན།༽ འདི་ནི་མི་རེ་རེས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། ཉིས་སྟོང་གཅིག་ནས་ད་བར་དུ་རང་བྱུང་ཁམས་ཀྱིས་བསྐྱེད་པའི་གནོད་འཚེ། ལོ་བཅུའི་ཡར་སྔོན་ལས་ལྡབ་ཉིས་འཕར་དུ་སོང་ཡོད་པ་རེད། རྒྱུ་རྐྱེན་ནི་ཆོས་ལུགས་མི་སྣ་ལ་ཆོས་ལུགས་ཀྱིས་འགྲེལ་རྒྱག་སྟངས་ཡོད་པ་རེད། ཚན་རྩལ་མི་སྣ་ཁོ་ཚོ་ལ་ཡང་བཤད་ཚུལ་ཞིག་ཡོད་པ་རེད། ཡིན་ཡང་སྤྱིའི་ཆ་ནས་བཤད་ན། ཚང་མའི་སྤྱི་ཁྱབ་ཀྱིས་ཁས་ལེན་པ་ནི་ཉེ་དུས་ལོ་འདི་དག་གི་རིང་ལ་མི་རྣམས་ཀྱིས། ཐབས་ངན་མི་སྤྱོད་དགུ་སྤྱོད་ཀྱིས་རང་བྱུང་ཁམས་ཀྱི་གཏེར་རི་བརྐོ་བ། ནགས་ཚལ་གཅོད་པ། ཚན་རྩལ་བྱེད་ཐབས་ཀྱིས་སྲོག་ཆགས་མང་པོ་གསོད་པ་སོགས་གཏོར་བརླགས་དང་། སྡིག་སྤྱོད་མི་ཉུང་བ་ཞིག་བྱེད་བཞིན་ཡོད་པའི་རྐྱེན་གྱིས། ལྷ་འཁྲུགས་བྱེད་དང་། མིས་ལེ་བདའ་བྱེད་རྒྱུ་འདང་ངེས་ཅན་ཞིག་བཟོས་པ་རེད། ད་དུང་དེང་རབས་ཀྱི་མིའི་ཉོན་མོངས་དང་། འདོད་ཧམ་ནི་ཉིན་རེ་བཞིན་ཇེ་ཆེར་འགྱུར་གྱི་ཡོད་པ་དེའི་དབང་གིས། ཕྱིའི་ཡུལ་ལ་གོད་ཆག་སྣ་ཚོགས་བྱུང་བ་རེད། སེམས་ཅན་སྤྱི་མཐུན་གྱིས་སྡིག་པ་མི་དགེ་བ་བསྒྲུབས་པའི་དབང་གིས། དེང་སྐབས་ཕྱི་རོལ་གྱི་ཡུལ་ལ་མི་བདེ་བ་སྣ་ཚོགས་ཡང་ཡང་བྱུང་བ་རེད།
࿄ ༢༽ དྲི་བ། ང་ནི་ཆིན་ཧྭ་ཐོང་ཧྥང་མངའ་འོག་གི་ཁེ་ལས་ལས་ཁུངས་ཀྱི་གཙོ་གཉེར་ཚོང་ར་དང་ཉོ་འཚོང་གི་སྤྱི་གཉེར་བ་གཞོན་པ་ཞིག་ཡིན། རྒྱུན་དུ་བྱ་བ་བྱེད་བཞིན་པའི་བར་གསེང་ནས། ངས་རྒྱུན་དུ་ལས་གཞི་ལ་ལ་ཞིག་གི་ཆེད་དང་། གདོང་གཏད་ས་མང་པོ་ཞིག་ལ་འགྲན་རྩོད་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་མགྲོན་པོ་ཚུར་འགུགས་ཀྱི་འཆར་གཞི་འཐེན་དགོས་པ་རེད། ཡིན་ན་ཡང་། འདི་ལྟར་བསྒྲུབས་ན་ཐེག་ཆེན་དགོངས་དོན་ལ་རྒྱབ་འགལ་དུ་གྱུར་འདུག མ་བསྒྲུབས་ན་ཕལ་ཆེར་རྣམ་གྲངས་རྩོད་ལེན་ཁྲོད་རྒྱལ་ཁ་ཐོབ་དཀའ་བ་རེད། ང་ཚོ་ལྟ་བུས་འཇིག་རྟེན་འདི་རུ་ཆོས་བསྒྲུབ་དུས་འགལ་འདུ་འདི་འདྲ། ཇི་ལྟར་ཞི་འདུམ་བྱེད་དགོས་པ་རེད།
࿉ ལན།༽ སྤྱིར་ནང་བ་སངས་རྒྱས་པའི་དགོངས་པ་ལྟར་ན་ཁྱིམ་པ་བ་ཡིན་ན་འདྲ། དེ་བཞིན་བཟོ་བ། ཞིང་བ། ཚོང་བ་གང་ཡིན་ཡང་། ཐབས་ཤེས་རྒྱུན་ལྡན་གྱིས་ཁེ་སྤོགས་ལ་རེ་བ་བྱེད་ཅིང་། རང་ཉིད་ཀྱི་ཁ་གསོ་རྒྱབ་འགེབས་བྱེད་པ་དེ་ནི་འོས་འཚམས་ཤིག་རེད། འོན་ཀྱང༌། ལས་རིགས་རེ་རེའི་དམིགས་ཡུལ་དང་རང་བཞིན་གཅིག་མཐུན་མིན་པའི་དབང་གིས། ཚོང་དོན་བསྒྲུབ་ན་མགོ་སྐོར་གྱི་རང་བཞིན་ཤུགས་ཆེ་བ་རེད། བརྒྱུད་རིམ་དེའི་ཁྲོད་ནས་གཞན་ལ་མགོ་གཡོགས་ཐེབས་སུ་མི་འཇུག་རྒྱུ་ཁག་པོ་རེད། རྫུན་བཤད་རྒྱུ་དང་ཐ་ན་བཅོས་མའི་བྱེད་ཐབས་མང་པོ་བཀོལ་དགོས་པ་རེད། འདི་དག་ནི་ལས་རྒྱུ་འབྲས་ཕྱོགས་ནས་ནན་གྱིས་བཤད་ན་བསྒྲུབ་མི་ཆོག་པ་ཞིག་ཡིན། ཡིན་ཡང༌། གལ་ཏེ་ངོ་མ་མི་སྒྲུབ་ཐབས་མེད་ཡིན་ན། དེ་ལ་རྒྱུན་དུ་འགྱོད་བཤགས་བྱེད་དགོས་པ་རེད། ཁེ་ཐབས་ཀྱི་བར་ནས་བླངས་པའི་དངུལ་རེག་པ་དག་གིས་དགེ་ལས་མང་དུ་བསྒྲུབ་རྒྱུ་དང་། གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་གནོད་སྤྱད་ཀྱི་སྤྱོད་པ་ཡོད་ཚད་ལ་བག་ཡོད་བྱེད་དགོས།
࿄ ༣༽ དྲི་བ། ང་ནི་ཚན་རྩལ་ལས་བྱེད་པ་ཞིག་ཡིན། ང་ལ་དྲི་བ་ཞིག་ཡོད་པ་ནི་རྒྱ་ནག་ལྟ་བུའི་ཕལ་ཆེ་བ། ནང་ཆོས་ལ་དད་པ་མེད་པའི་ཁོར་ཡུག་ཆེན་པོ་འདིའི་ནང་ནས་འུ་ཚོས། རྣམ་པ་རྒྱ་ཆེ་བའི་སྒོ་ནས་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་དགོས།
࿉ལན།༽ ངས་བལྟས་ན་ནང་ཆོས་དར་སྤེལ་བྱེད་པ་ལས་དབང་ལ་རག་ལས་ཡོད་པ་རེད། ཆོས་གཞུང་ནང་གསུངས་རྒྱུར། མ་གུས་པ་ལ་ཆོས་མི་བཤད།། ཅེས་པས་གལ་ཏེ་མི་གཞན་དག་ལ་དངོས་གནས་དད་པ་དང་གུས་པ་མེད་ན། ནང་ཆོས་ཁོའི་རྣ་ལམ་དུ་བསྒྲག་དགོས་པ་མ་རེད། ཁོ་རང་ཉིད་ཀྱིས་གདམ་བྱ་ལ་བརྩི་བཀུར་བྱེད་དགོས། དེའི་ཕྱིར་གལ་ཏེ་ནང་ཆོས་དར་སྤེལ་བྱེད་མ་ཐུབ་ནའང་བཙན་ཤེད་བྱེད་མི་རུང་། གལ་སྲིད་ནང་ཆོས་དར་སྤེལ་གྱི་རྒྱུ་རྐྱེན་འཛོམས་ན། ང་ཚོས་དུས་ཚོད་ཀྱིས་མི་འདང་ཚུལ་དང་བྱ་བ་ལ་བྲེལ་བ་ཡོད་པ་སོགས་སྒེར་དོན་མང་པོ་ཞིག་ལ་ཁ་གཡར་ནས། ཅི་མི་སྙམ་པར་གང་བྱུང་དུ་འདོར་མི་རུང༌བར་མ་ཟད། ནང་ཆོས་དར་སྤེལ་དང་སེམས་ཅན་ལ་ཕན་པ་བསྒྲུབ་རྒྱུ་ནི་གཙོ་བོར་འཛིན་རྒྱུ་གལ་ཆེ། རྒྱུ་མཚན་ཅི་ཡིན་ཞེ་ན། ནང་བསྟན་རིག་པ་ནི། འདས་མ་འོངས་ད་ལྟ་གང་ཡིན་ཡང་མི་རྣམས་ལ་ཆེས་ཕན་པ་ཆེ་བ་ཞིག་རེད། གལ་ཏེ་ཆོས་ལ་བརྟེན་ནས་གཞན་ལ་ཕན་པ་བསྒྲུབ་ན། དེའི་ཕན་འབྲས་ནི་དངུལ་དང་། ལས་གནས་ཀྱི་རོགས་སྐྱོར་ལས་གོང་དུ་བརྒལ་ཡོད་པ་རེད། དེའི་ཕྱིར་ཚང་མས་ནང་ཆོས་དར་སྤེལ་གྱི་སྐལ་བ་དང་ལྡན་ཚེ་དཀའ་ཁག་མང་པོ་གདོང་ལེན་བྱེད་པར་སྒྱིད་མི་ལུག་པར་འབད་པ་བྱེད་དགོས།
࿄ ༤༽ དྲི་བ། ངས་ཆིན་ཧྭ་སློབ་གླིང་ན་རྩོམ་སྒྲིག་པ་ཞིག་བྱེད་བཞིན་ཡོད། ཁྱེད་ལ་དྲི་བ་ཞིག་ཡོད་པ་ནི། མདོ་སྡུད་པའི་སྲུང་འཁོར་སོགས་ཆོས་མི་སློབ་པའི་གང་ཟག་ལ་སྦྱིན་ན། ཁོ་ཚོ་དགའ་བོ་ཡོད་ཀྱང༌། གལ་ཏེ་སྐབས་རེར་འཇོག་སའི་གནས་དེ་ཙམ་མི་བཟང་། དེ་ལྟ་ན་དེ་ལ་ཉེས་པ་ཡོད་པས་ང་ཚོས་ཇི་ལྟར་བྱས་ན་འགྲིག
࿉ ལན།༽ མདོ་སྡུད་པ་དང་། རྡོ་རྗེ་གཅོད་པ། ཟབ་མདོ་སོགས་ཆོས་དཔེ་གཞན་ལ་སྦྱིན་ན། ངེས་པར་དུ་ཕན་ཡོན་ཡོད། ཡིན་ནའང་གསང་སྔགས་སྐོར་གྱི་ཆོས་དཔེ་དམིགས་བསལ་འགའ་རེ་དབང་ལུང་ཐོབ་མེད་པའི་མི་ལ་སྦྱིན་མི་རུང༌། མདོ་སྡུད་པ་སོགས་མདོའི་སྐོར་གྱི་ཆོས་དཔེ། གལ་ཏེ་མི་གཞན་པའི་ལུས་ལ་འཆང་བ་ཡིན་ན། ཆོས་ལ་མི་དད་པའི་མིས་སྐབས་རེར་མ་བསམ་ས་ནས་འགོམས་སོང་ནའང་། ཁྱོད་རང་གི་སེམས་བསྐྱེད་གཙང་མ་ཡིན་པས་ཁོ་ལའང་ཕན་པ་ཡོད་སྲིད་པ་རེད། ཡིན་ནའང་། ཁྱོད་ཀྱིས་གཞན་ལ་སྦྱིན་པའི་སྐབས་སུ། ཁོ་ལ་གསལ་འདེབས་ཀྱི་སྒོ་ནས། འདི་ཉིད་མི་གཙང་བའི་གནས་ལ་འཇོག་མི་རུང༌བ་དང་། ནམ་རྒྱུན་མཆོད་བཀུར་བྱས་ན་ཁྱོད་རང་ལ་འདི་ཕྱི་གཉིས་ཀར་ཕན་པ་ཡོད་ཅེས་སྨྲ་དགོས། བྱེད་ཐབས་འདི་འདྲ་བརྒྱུད་ནས་ཁོ་རང་དམ་པའི་ཆོས་དཔེ་ལ་དགེ་འབྲེལ་འཇོག་རྒྱུ་ནི། ངེས་པར་བྱེད་དགོས་ལ་ཕན་པའང་རྒྱ་ཆེན་པོ་ཡོད་པ་རེད།
࿄ ༥༽ དྲི་བ། ད་དུང༌། ངས་བལྟས་ན་གློ་བུར་བའི་སེམས་བསྐྱེད་ཧ་ཅང་ལས་སླ་མོས་བསྒྲུབ་ཐུབ། ཡིན་ནའང་། འདི་ལྟ་བུའི་དགེ་སེམས་རྒྱ་ཇེ་ཆེའི་ངང་ཡུན་རིང་པོ་བསྐྱེད་རྒྱུ་ཁག་པོ་འདུག དེའི་ཕྱིར་དུས་རྒྱུན་སེམས་བསྐྱེད་བརྗེད་འགྲོ་དུས་ཇི་ལྟར་བྱེད་དགོས།
࿉ ལན།༽ཁྱོད་ཀྱིས་དུས་ཡུན་རིང་པོ་ཞིག་ལ་སེམས་བསྐྱེད་བྱེད་མི་ཐུབ་ནའང༌། ༼གཅིག་ཐེབས་རྩ་ཚོགས་པས་༽(壹基金会)མཛད་པ་ནང་བཞིན་ཟླ་གཅིག་ལ་སེམས་གཅིག་བསྐྱེད་རྒྱུ། ཡང་ན་གཟའ་འཁོར་གཅིག་ལ་སེམས་གཅིག་བསྐྱེད་རྒྱུ། གལ་ཏེ་མི་ཚང་མ་དེ་འདྲ་ཡིན་སོང་ན། དགེ་བའི་ལས་ལ་དགའ་སྤྲོའི་ངང་འཇུག་པར་བསམ་གྱིས་མི་ཁྱབ་པའི་སྟོབས་ཤུགས་ཤིག་ཐོན་ཡོང་བ་རེད། རེད་དེ། ཁྱོད་ལ་སྨོན་ལམ་གྱི་སྟོབས་ཡག་པོ་ཡོད་ན། དུས་ཡུན་རིང་པོ་རེ་ལ་སེམས་བསྐྱེད་བྱ་དགོས། འདིས་ནང་ཆོས་དར་སྤེལ་གྱི་ཕྱོགས་ལ་ཕན་པ་ཡོད་པས་མི་ཚད་རང་ཉིད་ལའང་སྦྱོང་བརྡར་ཡག་པོ་ཞིག་ཡོང་ངེས། དེ་འདྲ་མིན་ཚེ། མི་རེ་རེས་བྱ་བ་ཡག་པོ་བསྒྲུབ་མི་འདོད་པར་སྒེར་དོན་འབའ་ཞིག་གཉེར་ན་སྤྱི་ཚོགས་ཡོངས་མཐར་ཐུག་རྙོག་འཛིང་ཅན་དུ་འགྱུར་འགྲོ་བ་རེད།
࿄ ༦༽ དྲི་བ། ང་ནི་ཆིན་ཧྭ་སློབ་ཆེན་གྱི་སློབ་མ་ཞིག་ཡིན། ཁྱེད་ཀྱིས་གསུང་བཤད་ནང་ལས་རྒྱུ་འབྲས་ལ་ཡིད་ཆེས་དགོས་པ་དང་། སྐྱེ་བ་སྔ་ཕྱིར་ཡིད་ཆེས་དགོས་པའི་སྐོར་གསུངས་བྱུང༌། འདི་འདྲའི་བསམ་བློ་ནི་ནང་ཆོས་པའི་ངོས་ཐད་ནས་བཤད་ན་དང་ལེན་བྱེད་སླ་བ་རེད། ཡིན་ནའང༌། ཆུང་དུས་སུ་དངོས་གཙོ་རིང་ལུགས་ཀྱི་སློབ་གསོ་མྱངས་བའི་མི་ཡིན་ཕྱིར། འདིས་ཡིད་ཆེས་བསྐྱེད་དཀའ་བ་ཞིག་རེད། ནང་ཆོས་ནང་རྗེས་དཔག་གི་གཏན་ཚིགས་ཡོད་ནའང་ཁོ་ཚོ་ལ་འོས་འཚམས་ཞིག་མ་རེད། ཁྱེད་ཀྱིས་སྟབས་བདེ་བའི་བྱེད་ཐབས་བཀོད་ནས། སྐྱེ་བ་སྔ་ཕྱི་ཡོད་པའི་འགྲེལ་བཤད་འོས་འཚམས་ཤིག་གསུངས་ན་ཅི་འདྲ་རེད།
࿉ ལན།༽ མི་གཞན་པའི་དད་མོས་སམ་བསམ་བློ་བསྒྱུར་བར་བྱེད་རྒྱུ་ནི། དངོས་གནས་ལས་སླ་བ་ཞིག་མ་རེད། ལྷག་པར་དུ་ཁྱོད་ཚོ་བྱིས་གཉོར་ཁང༌དང་སློབ་ཆུང་སྐབས་ཀྱི་དྲན་ཤེས་ཀྱི་ནུས་པ་ཆེ་ཞིང་། དེའི་སྐབས་ཀྱི་བག་ཆགས་ཀྱིས་རང་ཉིད་ཀྱི་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད། དེའི་སྟབས་ཀྱིས། ངའི་རེ་བ་ནི་ད་སྐབས་ཀྱི་ཕ་མ་དང་། དགེ་རྒན་གྱིས་ནམ་རྒྱུན་བྱིས་པར་ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བའི་སློབ་གསོ་ཡིད་ལ་འཇོག་དགོས། ཁོ་ལ་ཆུང་དུས་ནས་བཟུང་མི་གཞི་བཟང་པོ་བྱེད་པར་སློབ་སྟོན་གནང་རྒྱུ། དེ་འདྲ་མ་བྱས་ན། ནར་སོན་ཚེ་སྐྱེ་བ་སྔོན་མའི་རྒྱུ་རྐྱེན་ཁྱད་པར་བ་མེད་པར། ཁོ་དེ་མ་ཐག་སྐྱེ་བ་སྔ་ཕྱིར་ཡིད་ཆེས་དགོས་པར་བཤད་ན། ཕལ་ཆེར་དཀའ་ལས་ངེས་ཅན་ཞིག་ཡོད་སྲིད། རེད་དེ། བྱེད་ཐབས་ཁ་ཤས་ཡོད་པ་རེད། དཔེར་ན་ཁོ་ལ་རྒྱུན་དུ་ལས་འབྲས་སྐོར་གྱི་གཏམ་རྒྱུད་འཆད་པ་དང་། ལྷག་པར་དུ་སློབ་ཆེན་པ་ཡིན་ན་ལུང་རིགས་ཀྱིས་རྩོད་པ་རྒྱག་རྒྱུ། གལ་ཏེ་ཁྱོད་ལ་རྒྱུ་མཚན་སྟོབས་ལྡན་ཡོད་པས་ཁོ་རང་ཕམ་པའི་སྐབས་སུ། ཁ་ནས་ཁས་ལེན་མ་བྱུང་ནའང་སེམས་ལ་དངོས་གནས་སྐྱེ་བ་སྔ་ཕྱི་ཞིག་ཡོད་སོང་ན། ངས་སྐྱེ་བ་ཕྱི་མ་ཇི་ལྟར་སྟ་གོན་བྱ་དགོས་པ་སོགས་ལ་བསམ་བློ་གཏོང་སྲིད། དེའི་ཕྱིར་ངས་བསམ་ན་བྱེད་ཐབས་གཉིས་ཡོད། གཅིག་ནི་ཆུང་དུས་སུ་ལྟ་བ་ཡང་དག་པར་སློབ་གསོ་གཏོང་རྒྱུ། གཉིས་ནི་དངོས་གནས་ཐབས་མེད་ན་ཁོ་ལ་རྩོད་པ་བྱེད་དགོས། དེ་ལྟར་བྱས་ན་ཕལ་ཆེར་ཁོའི་ལོག་ལྟ་བསྒྱུར་བཅོས་གཏོང་སྲིད།
࿄ ༧༽ དྲི་བ། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་བླངས་ཀྱང༌། འཚོ་བའི་ཁྲོད་དུ་ག་དུས་ཡིན་ཡང་རང་ཉིད་ཀྱི་སྤྱོད་ལམ་ཚད་དང་མཐུན་པར་བྱེད་པ་ཁག་པོ་འདུག དཔེར་ན། ཚང་མས་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པ་ཤེས་གསལ་ཡིན་ཡང་། མང་ཆེ་བས་ད་དུང་ཡང་འཐེན་བཞིན་ཡོད། འདི་ནི་ཤེས་པ་དང་ལག་ལེན་བར་གྱི་ཁ་ཐག་རེད། འདི་ལས་ཇི་ལྟར་འདའ་བར་བྱ་དགོས།
࿉ ལན།༽ གལ་ཏེ་ཁྱོད་ཀྱིས་གནད་དོན་འདི་ཤིན་ཏུ་གནོད་ཚབས་རང་བཞིན་ཅན་ཞིག་ཏུ་བསམ་ན། བག་ཆགས་གཏིང་ཇི་ལྟར་མཐུག་རུང༌། ལས་སླ་མོས་ཧོལ་རྒྱུག་བྱེད་མི་ཕོད། དཔེར་ན། ཁྱོད་ཀྱིས་མི་བསད་པར་ཁྲིམས་ཆད་གཅོད་པ་ལ་ཆེས་སྔངས་སྐྲག་སྐྱེ་ན། རང་ཉིད་ཀྱི་ཞེ་སྡང་ཧ་ཅང་ཆེ་རུང་མི་གསོད་མི་སྲིད་པ་དེ་འདྲ་ནང་བཞིན། ཁྱོད་ཀྱིས་དངོས་གནས་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་ཤིང་། སྲོག་བཅད་ན་ངེས་པར་དུ་དམྱལ་བར་སྐྱེ་བ་གོ་ན། རྒྱུད་ཀྱི་ཉོན་མོངས་པ་ཛ་དྲག་ཡིན་རུང༌། གང་བྱུང་གིས་སྲོག་གཅོད་པ་དང་མི་དགེ་བའི་ལས་བསྒྲུབ་མི་ཕོད། དེའི་སྟབས་ཀྱིས་གནད་འགག་ནི་ཁྱོད་དེ་ལ་ཡིད་ཆེས་ཡོད་མེད་ལ་བལྟ་དགོས། གལ་ཏེ་ཐེ་ཚོམ་གྱི་སྒོ་ནས་མི་དགེ་བའི་ལས་རྒྱུན་དུ་སྒྲུབ་ཀྱང་། ལས་འབྲས་ལ་ཡིད་ཆེས་ངེས་པར་ཡོད་ན་ཤེས་བཞིན་དུ་མི་དགེ་བ་བསགས་མི་སྲིད།
࿄ ༨༽ དྲི་བ། ང་ནི་དངུལ་ཁང་གི་ལས་བཟོ་བ་ཞིག་ཡིན། བྱ་བའི་སྐབས་སུ་མཚམས་རེར་ཁ་ལེན་ངོ་བསྲུང་འགའ་རེ་བྱེད་དགོས། མགོ་ཁྲིད་ཀྱིས་དམིགས་འཛུགས་གསད་བྱ་ཁྱོད་ཀྱིས་འགན་ཁུར་ཟེར་ན། གལ་ཏེ་མ་བསྒྲུབས་ན། མགོ་ཁྲིད་ཀྱི་དགོངས་པར་འགལ་བར་མ་ཟད་སྐྱོན་བརྗོད་ཀྱང་རག་སྲིད་པ་རེད། བསྒྲུབས་ན་ཐད་ཀར་སྲོག་གཅོད་ཀྱི་སྡིག་ལས་བཟོས་པ་རེད། མི་ལ་ལས་བཤད་ན་གལ་ཏེ་གསོད་སེམས་མེད་ན་འགྱོད་བཤགས་བྱས་ཆོག་ཟེར། ཡིན་ནའང་། ངས་རྒྱུན་དུ་སྲོག་བཅད། ཡང་འགྱོད་བཤགས་བྱས་ན་གོམས་སྲོལ་ངན་པ་ཞིག་ཀྱང་ལོབས་འགྲོ་བ་རེད། ཁྱེད་ལ་འདྲི་རྒྱུ་ནི་གནས་ཚུལ་འདི་འདྲིའི་འོག་ནས་ངས་ཇི་ལྟར་བྱེད་དགོས་པ་རེད།
࿉ ལན།༽ གནས་ཚུལ་འདིའི་རིགས་དང་འཕྲད་ན། ཡང་ན་རང་ཉིད་ལས་ཁུངས་ལས་འབུད་དགོས། ཡང་ན་དོན་དེ་བསྒྲུབ་དགོས། ཁྱོད་ཀྱིས་དམིགས་འཛུགས་བསད་པར་བྱས་ན་ཉེས་པ་ངེས་པར་དུ་ཡོད། རྒྱུ་མཚན་ནི་སེམས་ཅན་གྱི་རིན་ཐང་ཆེ་བའི་ཚེ་སྲོག ཁྱོད་ཀྱིས་བཀའ་ཕབ་ནས་འཕྲོགས་སོང་བ་རེད། དུས་རྒྱུན། འདི་ལྟར་གོམས་ལོབས་རང་བཞིན་ཅན་གྱིས་འགྱོད་བཤགས་བྱས་ན་ཡང་དངོས་གནས་ཡག་པོ་མ་རེད། གང་ལྟར་ཡང༌། འགྱོད་བཤགས་བྱས་མ་བྱས་གཉིས་བསྡུར་ན། འགྱོད་བཤགས་བྱས་ན་བཟང༌། དེ་མ་གཏོགས་ཕལ་ཆེར་བྱེད་ཐབས་གཞན་ཞིག་ཡོད་ཀྱི་མ་རེད།
࿄ ༩༽ དྲི་བ། ངས་རྒྱུན་དུ་མཐའ་སྐོར་གྱི་མི་ལ་བྱ་བར་དཀའ་ཁག་འཕྲད་པའི་སྐབས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་ལ་བྱིན་རླབས་དང་། སྐྱབས་འཇུག་ཞུ་བར་སྐུལ་སློང་བྱས་པ་ཡིན། ཡིན་ནའང༌། ཁོ་ཚོས་སྣ་དགོད་རྒྱག་བཞིན། གལ་ཏེ་དོན་དག་ལེགས་ལམ་དུ་སོང་ན། ཁྱོད་ཚོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་རེད་ཟེར། གལ་ཏེ་ལེགས་འགྲུབ་མ་བྱུང་ཚེ་ང་ལ་ཚེ་རབས་སྔོན་མར་བསགས་པའི་ལས་རེད་ཟེར། ཁྱོད་ཚོའི་ནང་བསྟན་ནི་འདི་ལྟ་བུ་རེད། ཅི་ཞིག་བཤད་ན། ཅི་ཞིག་བསྒྲུབ་ན་ངོ་གཉིས་ཡོད། དེ་ལ་ངས་འགྲེལ་བཤད་ཇི་ལྟར་རྒྱག་དགོས་མི་ཤེས།
࿉ ལན།༽ སྤྱིར་དྲི་བ་འདི་ཧ་ཅང་སླ་མོ་ཞིག་རེད། ང་ཚོ་འཇིག་རྟེན་ནང་དུ་ཡང་དེ་འདྲ་རེད། དཔེར་ན། མི་ཞིག་གིས་ནོར་འཁྲུལ་བཟོས་ན། ཁྱིམ་མིས་འབྲེལ་བ་བཟུང་ནས་མགོ་ཁྲིད་བཙལ་ཏེ། ཁོ་གློད་གྲོལ་གཏོང་ཐུབ་སོང་ན་མགོ་ཁྲིད་ཀྱི་བྱས་རྗེས་རེད་ཅེས་ལབ། ཡིན་ནའང་། གཏན་ནས་ཐབས་མེད་པར་མགོ་ཁྲིད་ཀྱིས་ཀྱང་རོགས་རྒྱག་མ་ཐུབ་ན་ཁོའི་ཉེས་པ་ཆེས་ལྕི་བ་རེད་བསམ། དེ་བས་དཔེ་འདིས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ལ་འགྲེལ་བཤད་རྒྱག་ཐུབ། སྤྱིར་སངས་རྒྱས་ཀྱིས་ཆོས་གཞུང་ན་ཡང་གསུངས་ཡོད་པ་རེད། ལྷག་པར་དུ་ལས་འབྲེལ་མེད་པའི་སེམས་ཅན་འགའ་ཤས། སངས་རྒྱས་ཀྱི་ཕྱག་གིས་ཀྱང་སྐྱོབ་དཀའ་བ་རེད། དེའི་ཕྱིར་འདི་ནི་ནང་བསྟན་གྱི་སྐྱོན་ཆ་མ་རེད།
࿄ ༡༠༽ དྲི་བ། མི་འགའ་ཞིག་གིས་བླ་མ་ཁ་ཤས་ལ་མཇལ་སྐབས་འབུལ་བ་བྱས། རྗེས་སུ་བླ་མས་སྒོར་དེ་དག་ཁྱེར་ནས་མགྲོན་བྲང་བསྐྲུན་པ་སོགས་གོ་བར་འདུག གལ་སྲིད་དེ་འདྲ་ཡིན་ན་རྗེས་ནས་ཡང་བསྐྱར་བླ་མ་དེ་ལ་མཇལ་དུས་ཡང་མཆོད་འབུལ་བྱེད་དགོས་སམ།
࿉ ལན།༽ བླ་མ་དེ་དག་གིས་མགྲོན་བྲང་སོགས་བརྒྱབ་ནས་ཐོབ་པའི་སྒོར་མོ་དགེ་ལས་ཀྱི་ཐད་ལ་གཏོང་གི་ཡོད་མེད་སོགས། གནས་ཚུལ་ཞིབ་ཕྲ་ངས་ཀྱང་གསལ་བོ་ཤེས་ཀྱི་མེད། གལ་ཏེ་དགེ་ལས་ཀྱི་ཐད་ལ་གཏོང་གི་མེད་ན། ཐེངས་རྗེས་མར་ཡང་། བླ་མ་ལ་ཡག་ཐོག་ཡག་བརྩེགས་དགོས་མིན་དེ་ནི་ཁྱོད་རང་གི་དོན་དག་ཅིག་རེད། འདང་རྒྱག་དགོས། རང་གིས་བརྟག་དཔྱད་བྱ་དགོས།
࿄ ༡༡༽ དྲི་བ། ང་ནི་ཕྱི་ཁག་གཉིས་པའི་སློབ་མ་ཞིག་ཡིན། ཁྱེད་ལ་འདྲི་རྒྱུའི་དོན་དག་ནི། ད་སྐབས་རྒྱ་ཡུལ་གྱི་གྲོང་ཁྱེར་ཆེན་མོའི་མི་ལ་ཕོ་མོའི་བརྩེ་དུངས་ཀྱི་འཛིན་པ་ཧ་ཅང་ཆེ། བརྩེ་དུངས་ཀྱིས་བསླངས་པའི་སྡུག་བསྔལ་ཚད་མེད་མྱོང་བའི་ན་གཞོན་ཡང་ཧ་ཅང་མང་པོ་འདུག གལ་ཏེ་ཁོ་ཚོར་སྟོང་ཉིད་ཀྱི་གནས་ལུགས་བཤད་ན། བརྩེ་འཛིན་ (情执)གྱི་གཉེན་པོར་འགྲོ་བར་འདུག་མོད། འོན་ཀྱང་། ཁོ་ཚོས་དང་ལེན་བྱེད་དཀའ། དེས་ན་ང་ཚོས་མི་འདི་དག་ལ་བྱེད་ཐབས་གང་ཞིག་བཀོད་ན་རོགས་རམ་བྱེད་ཐུབ།
࿉ ལན།༽ བརྩེ་འཛིན་གྱི་གནད་དོན་དངོས་གནས་རྒྱ་ཡུལ་ན་ཚབས་ཆེན་རེད། ང་སྔོན་ཆད་ཡོ་རོབ་རྒྱལ་ཁབ་དག་ལ་སོང་མྱོང༌། བརྒྱུད་ནས་ཤེས་གསལ་ལྟར་ན། དེ་རུ་བརྩེ་དུངས་ཀྱི་ཆེད་དུ་རང་སྲོག་གཅོད་མཁན་མང་པོ་མི་འདུག ང་ཚོའི་བོད་ཡུལ་ལ་མཚོན་ན། ཧ་ལམ་གོ་མྱོང་ཡོད་པ་མ་རེད། གཅིག་བྱས་ན་དེ་ནི་ཆོས་ལ་དད་མོས་ཡོད་པའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། ཕལ་ཆེར་དེ་འདྲ་ཚོར་མ་མྱོང་། བརྩེ་འཛིན་གྱི་གཉེན་པོའི་ཐད་ལ། སྤྱིར་སྟོང་ཉིད་རྐྱང་པ་མ་རེད། ནང་ཆོས་ཀྱི་མི་རྟག་པའི་ལྟ་བ་དང་ཡང་ན་འདུས་མཐའ་བྲལ་བ། རྒྱུ་རྐྱེན་གྱིས་འཛོམས་པ་སོགས། ཁོ་ཚོ་ལ་གནས་ལུགས་ཀྱིས་བཤད་ཐུབ་ན་ཕན་ཐོགས་ངེས་ཡིན། ཡིན་ནའང་། ལས་འབྲེལ་མེད་པ་དག་ལ་ང་ཚོས་བྱ་ཐབས་ཡོད་པ་མ་རེད། ཕལ་ཆེར་རྒྱ་ཡུལ་གྱི་ཕ་མའི་སློབ་གསོ། བརྙན་འཕྲུལ། འཕྲིན་སྦྱོར་སོགས་ལས་བྱུང་བའི་འཁྲབ་སྟོན་ལ་འབྲེལ་བ་ཡོད་པ་རེད། མི་རྣམས་ཆུང་དུས་ནས་བརྩེ་འཛིན་གྱི་ཕྱོགས་ལ་ཧ་ཅང་འཛིན་པ་ཆེ། དེའི་ཕྱིར་དེང་སྐབས་བརྩེ་དུངས་ཀྱི་ཆེད་ལ་སྡུག་བསྔལ་བསྐྱེད་པ་དང་། རང་སྲོག་གཅོད་པ་ནི་ཧ་ཅང་མང༌། བྱེད་ཐབས་ཞིབ་མོ་གང་འདྲ་ཞིག་གིས་སྒོ་ནས་ཐག་གཅོད་དགོས་པ་ངོ་མ་དོན་གནད་གལ་ཆེན་ཞིག་རེད།
࿄ ༡༢༽ དྲི་བ། ཁྱེད་ཀྱིས་གོང་དུ་གསུངས་པའི་བོད་པའི་རིག་གནས་ཀྱི་ལུས་ཟུངས་གསོ་བའི་ལྟ་བ། དེའི་ནང་ནས་གསུངས་པའི་དབུགས་སྙོམས་པ། ཡི་གེ་སྒོམ་པ་སོགས་ལ་ཞིབ་ཕྲ་བྱེད་ཐབས་ཡོད་པ་ཨེ་རེད། ང་ཚོའི་བླ་བརྒྱུད་རྣམས་ལ་བཀའ་རྩོམ་གང་དག་ཡོད་པ་རེད། ཁྱེད་ཀྱིས་འོས་སྦྱོར་ཞིག་བྱས་ན་ཆོག་གམ།
࿉ ལན།༽ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་ནང་ན་ཁ་ཤས་ཤིག་ཡོད། ཁྱོད་ཚོར་དབང་ལུང་ཐོབ་ཡོད་ན། སྒྱུ་འཕྲུལ་དྲྭ་བ་ཆེན་མོའི་བསྐྱེད་རིམ་གྱི་སྐབས་དང་། བླ་མ་ཡང་ཏིག སེམས་ངོ་མཛུབ་བཙུགས་སོགས་ཀྱི་ནང་ན་ཡང་ཐུན་མིན་གྱི་གདམས་ངག་ཡོད་པ་རེད།
࿄༡༣༽ དྲི་བ། ང་ནི་ལས་ཁུངས་ཤིག་གི་ནང་ལ་མ་དངུལ་འཇོག་མཁན་ཡིན། ནམ་རྒྱུན་ལས་རོགས་མང་པོ་ཞིག་གིས་འདི་ལྟར་འདྲི་བཞིན་འདུག ཁྱོད་ཚོ་ནང་བསྟན་པས་འགྲོ་བ་རིགས་དྲུག་ཡོད་པར་ཡིད་ཆེས་བྱེད་ཀྱིན་འདུག དེས་ན་བདེན་དཔང་གང་ཞིག་གིས་དམྱལ་བ་ཡོད་པ་སྟོན་ཐུབ་ཟེར། དེ་ལ་ངས་ལན་ཇི་ལྟར་རྒྱག་དགོས་ཤེས་ཀྱི་མི་འདུག ཁྱེད་ཀྱིས་བཀའ་སློབ་གནང་རོགས།
࿉ ལན།༽ དམྱལ་བ་ཡོད་མེད་ཀྱི་ཐད་ལ། རྒྱུ་མཚན་དང་པོ་སྐྱེས་བུ་དམ་པ་དག་གིས་མཐོང་ཐོས་ཀྱི་བདེན་དཔང་བྱེད་ཆོག་པ་དང་། མི་འགའ་ཤས་ཤིག་སྔོན་དམྱལ་བ་ལ་དངོས་སུ་འགྲོ་མྱོང་བར་མ་ཟད། དམྱལ་ཁམས་འགྲིམས་པའི་ཟིན་ཐོ་སོགས་ཀྱི་དཔེ་ཆ་ཡང་ཡོད། མི་ཁ་ཅིག་གིས་སྐྱེ་བ་ཕྱིར་དྲན་ལ་བརྟེན་ནས། སྔོན་དམྱལ་བའི་ནང་གི་མྱོང་ཚོར་ཡང་བཤད་ཡོད། རྒྱུ་མཚན་གཉིས་པ་ནི་ནང་ཆོས་ལས་གསུང་པའི་བསླུ་མེད་རྡོ་རྗེའི་ཚིག་དག་རེད། ནང་གཞུང་ནང་ན་འོས་འཚམས་མེད་ས་ཡོད་ན། ང་ཚོས་དམྱལ་བ་ཁས་མ་བླངས་ཀྱང་ཆོག ཡིན་ནའང་ད་ལྟའི་བར་ཚན་རིག་པ་དང་། མཁས་པ་སུ་ཡིན་རུང་འདི་ལ་སུན་འབྱིན་བྱེད་མི་ཐུབ་པ་ཞིག་རེད། དཔེར་ན་ནང་གཞུང་ནས་གསུངས་པའི་དུད་འགྲོའི་སྡུག་བསྔལ་དང་། མིའི་རིགས་ཀྱི་བདེ་སྡུག་སོགས་བཤད་པ་ལ་ཡང་ནོར་འཁྲུལ་སྤུ་ཙམ་མེད་པ་དང་། མངོན་སུམ་བདེན་དོན་འཁྲུལ་མེད་དུ་ཡོད་པ་རེད། རིགས་པ་དེས་འགྲེས་ཏེ་དམྱལ་བ་ཡོད་པའང་ཤེས་ཐུབ། ད་སྐབས་མིས་རྒྱུན་དུ་བཤད་པ་ནི་གལ་ཏེ་ངོ་མའི་དམྱལ་བ་ཡོད་ན། ཁྱོད་ཀྱིས་ང་ལ་སྟོན་དང༌ཟེར། སྤྱིར་ནང་གཞུང་ནས། དམྱལ་བ་ནི་ང་ཚོའི་ཆུ་བུར་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་གསུངས་མེད་ཀྱང༌། ཁྱོད་ཀྱིས་མི་དགེ་བའི་ལས་བསྒྲུབས་པ་ཡིན་ན་ངེས་པར་དུ་སྡུག་བསྔལ་དེའི་ནང་དུ་ལྟུང་འགྲོ་བ་རེད། དཔེར་ན། འཇིག་རྟེན་གྱི་མི་སྔོན་འགྲོ་མ་མྱོང་བའི་ས་ཆ་ཞིག་ལ། ཚན་རིག་པས་ཞིབ་འཇུག་གིས་འཚོལ་ཞིབ་ཐིག་ལེན་བརྒྱུད་ནས་ཁོ་གཞིར་གྲུབ་པ་ཤེས་སོང་ན། གཞན་དག་གནས་སྐབས་སུ་ཡིད་མི་ཆེས་རུང༌། ཚན་རྩལ་དར་ནས་ཚད་ངེས་ཅན་ཞིག་ལ་སླེབས་པའི་སྐབས། ཁོ་ཚོས་མངོན་སུམ་མིག་གིས་དེ་དག་ཡོད་པར་མཐོང་ཐུབ། སངས་རྒྱས་ཀྱིས་གསུངས་པའི་དམྱལ་བ་ཡོད་པའི་གནས་ལུགས་སམ་རྒྱུ་མཚན་དེ་དང་འདྲའོ།།
མདོ་འཛིན་པའི་མཇུག་གཏམ།
ཚང་མར་ཐུགས་རྗེ་ཆེ། མཁན་པོ་བསོད་དར་རྒྱས་ལགས་ནི་ཤེས་ཡོན་པ་ཞིག་རེད་ལ། ཧ་ཅང་མཁྱེན་རྒྱ་ཆེ་བའི་དམ་པ་ཞིག་ཀྱང་རེད། དེ་རིང་ང་ཚོ་ལ་ཁ་བྱང་སླ་མོ་ཞིག་བསྟན་ནས། བོད་པའི་རིག་གནས་ཀྱི་ལུས་ཟུངས་གསོ་བའི་ལྟ་ཚུལ་ཞེས་པ་མཁན་པོ་ཚང་གིས། གཏིང་ཟབ་ས་ནས་སྐད་ཆ་སླ་མོ་ཞིག་གི་སྒོ་ནས་ཡིད་འཕྲོག་པའི་གཏམ་བཤད་ཡག་པོ་ཞིག་གནང་བྱུང༌། ང་ཚོས་ཀྱང་མ་འོངས་པར་ཡང་བསྐྱར་མཁན་པོ་ཚང་གིས་ཧ་ཅང་གཏིང་ཟབ་ཀྱི་ནང་ཆོས་བཀའ་སློབ་ལ་མཉན་རྒྱུའི་གོ་སྐབས་ཡོང་བར་རེ་སྒུག་བྱེད། མཇུག་མཐར། ང་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཡང་བསྐྱར་མཁན་པོ་ཚང་ལ་ཐུགས་རྗེ་ཆེ་ཞུ། དེ་དང་མཉམ་དུ་གྲོགས་པོ་རྣམ་པ་ཆིན་ཧྭ་ཚན་རྩལ་གླིང་གར་ཕེབས་པར་བཀའ་དྲིན་ཆེ། དེ་རིང་གི་བཞུགས་མོལ་དགོང་ཚོགས་འདི་ནས་མཇུག་རྫོགས་པ་ཡིན། སླར་ཡང་ཚང་མར་བཀའ་དྲིན་ཆེ་ཞུ་བ་ཡིན། །
༼དཀོན་མཆོག་ནོར་འཛིན་གྱིས་བསྒྲིགས།༽

མུར་འགོད།

日期: 2012-09-12

来自: ཨ་མའི་གླེབས་རིལ།

主题: དུས་ཀྱི་ཟླ་འོད།

༆ ། བོད་རིག་གནས་ཀྱིས་ལུས་སེམས་གསོ་བའི་ལྟ་ཚུལ།
ས་གནས། ཆིན་ཧཱ་སློབ་ཆེན་ཚན་རྩལ་གླིང་གི་གཏམ་བཤད།
དུས་ཚོད། ༢༠༡༠ལོའི་ཟླ༦པའི་ཚེས༢༥ཉིན་གྱི་མཚན་མོ།
མི་སྣ། མཁན་པོ་བསོད་ནམས་དར་རྒྱས།
མདོ་འཛིན་པའི་མཚམས་སྦྱོར།
རྣམ་པ་ཚང་མ་ཆིན་ཧྭ་ཚན་རྩལ་གླིང་དུ་
དུས་ཚོད། ༢༠༡༠ལོའི་ཟླ༦པའི་ཚེས༢༥ཉིན་གྱི་མཚན་མོ།
མི་སྣ། མཁན་པོ་བསོད་ནམས་དར་རྒྱས།
མདོ་འཛིན་པའི་མཚམས་སྦྱོར།
རྣམ་པ་ཚང་མ་ཆིན་ཧྭ་ཚན་རྩལ་གླིང་དུ་ཕེབས་པར་ཤིན་ཏུ་བཀའ་དྲིན་ཆེ། གཏམ་བཤད་མགོ་མ་བརྩམས་པའི་སྔོན་ལ། ངས་དེ་རིང་གི་གཏམ་བཤད་མི་སྣ་གཙོ་བོ་མཁན་པོ་བསོད་དར་རྒྱས་ངོ་སྤྲོད་རགས་བསྡུས་ཙམ་ཞིག་བྱ། མཁན་པོ་བསོད་དར་རྒྱས་ལགས་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་རྒྱའི་དགེ་འདུན་པའི་སྡེ་ཁག་གི་གཙོ་འགན་པ་ཡིན་ལ། ཁོང་ནི་རྒྱལ་ཕྱི་ནང་ཀུན་ཏུ་མཚན་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་པ་ཞིག་ཀྱང་རེད། སྔོན་ཆད་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞབས་ཕྱིར་འབྲངས་ནས་སྔ་ཕྱིར་ཨ་རི། ཁཱ་ན་ཏ། ཧྥ་རན་སི། འཇར་མན། ཧེ་ལན། དབྱིན་ཇི། འཇར་པན། རྒྱ་གར། འབར་མ། སིང་ག་ཕོར། མ་ལེ་ཞིས་ཡ། འབྲུག་ཡུལ། བལ་བོ་ལ་སོགས་རྒྱལ་ཁབ་དུ་མར་ནང་ཆོས་སྤེལ་བ་མ་ཟད། ཨ་རིའི་ཉིག་ཡོག་བླ་རུང་མདོ་སྔགས་ལྟེ་གནས་ཆོས་ཚོགས་ཀྱི་སློབ་སྟོན་པ་ཡང་མཛད། མཁན་པོ་ཁོང་གི་བརྩམས་ཆོས་སྐོར། ད་སྐབས་པར་སྐྲུན་འགྲེམས་སྤེལ་བྱས་པ་པོད་དགུ་བཅུ་ལྷག་དང་། ཡིག་འབྲུའི་གྲངས་ཀ་ཁྲི་སྟོང་ཕྲག་ལྷག་བརྒལ་ཟིན། ཤེས་བྱ་རིག་གནས་ཀྱི་ཐད་ནས། འདུལ་བ། མངོན་པ། དབུ་མ། ཚད་མ། ཤེར་ཕྱིན་སོགས་གཞུང་བཀའ་པོད་ལྔ་ལ་ཆགས་ཐོགས་བྲལ་བ་མ་ཟད་དེང་རབས་ཀྱི་དྲྭ་རྒྱ་བརྒྱུད་དེ་ནང་ཆོས་དར་སྤེལ་བྱས་པའི་ཤུགས་རྐྱེན་ཧ་ཅང་ཆེ་བ་དང་།
སྒོམ་སྒྲུབ་ཀྱི་ཕྱོགས་ནས། དུས་འཁོར། སྒྱུ་འཕྲུལ་དྲྭ་བ་ཆེན་མོ། རྫོགས་པ་ཆེན་པོ་སོགས་ལ་ནང་བྱན་ཆུབ་པས་བསམ་གྱིས་མི་ཁྱབ་པའི་རྟོགས་པ་མཐོ་བ་རེད། དགེ་ལས་ཀྱི་ཐད་ནས། མཁན་པོ་ལགས་ཀྱིས་སྙིང་རྗེའི་སྒོ་ནས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབོད་སྐུལ་དང་མཉམ་དུ། རང་ཉིད་ཀྱི་ཉེ་འཁོར་གྱི་དབུལ་ཕོངས་སོགས་ལ་ཐུགས་ཁུར་བྱས་ཏེ་དཀའ་ལས་མང་པོ་བརྒྱབ་ནས་ཉིས་སྟོང་བདུན་གྱི་ལོ་ནས་བཟུང་། བོད་ཁུལ་དུ་ཤེས་རབ་བྱམས་བརྩེ་སློབ་ཆུང་དང་། རྒན་གསོ་ཁང་། དགེ་བསྙེན་གླིང་། དགེ་ཚུལ་ཆུང་ངུའི་སློབ་གླིང་སོགས་བཏབ། རྒྱུ་ནོར་རྒྱ་ཆེན་པོས་སློབ་ཤོར་གྱི་དམའ་འབྲིང་དང་། མཐོ་འབྲིང་སློབ་མ། སློབ་ཆེན་པ་འགའ་ཤས་ལ་སློབ་ཡོན་དང་། སྦྱངས་འབྲས་བཟང་བ་དག་ལ་བྱ་དགའི་རྟགས་མའང་གནང་ཤིང་། སྨན་པར་སྟོན་མི་ཐུབ་པའི་ནད་པ་ཚབས་ཆེན་མང་པོར་རྒུད་སྐྱོབ་བྱས། མཁན་པོ་ཚང་སྔོན་ཐེངས་གཉིས་སུ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་པའི་རྒྱལ་སྤྱིའི་དགེ་ལས་གླེང་སྟེགས་སུ་གདན་དྲངས་ཏེ་ཚོགས་ཞུགས་བྱས། ད་ཐེངས་པེ་ཅིན་ལ་སྐབས་བཞི་པའི་རྒྱལ་སྤྱིའི་དགེ་ལས་གླེང་སྟེགས་ཀྱི་ཚོགས་འདུ་རུ་ཕེབས་པ་རེད། ཟུར་དུ་གོ་སྐབས་བཟང་པོ་དེ་ལ་བརྟེན་ནས་རྣམ་པ་ཚོར་ཡིད་དབང་འཕྲོག་པའི་གསུང་བཤད། བོད་རིག་གནས་ཀྱིས་ལུས་སེམས་གསོ་བའི་ལྟ་བ་ཞེས་པ་གསུང་རྒྱུ་ཡིན་པས། གཤམ་ནས་མཁན་པོ་བསོད་དར་རྒྱས་ལ་དགའ་བསུ་ཞུ།
སློབ་དཔོན་རྣམ་པ། དགེ་རྒན་རྣམ་པ། མཚན་བདེ་ལེགས།
པེ་ཅིན་ཆིན་ཧྭ་ཚན་རྩལ་གླིང་དུ་ཕེབས་པའི་འདིར་བཞུགས་ཀྱི་རྣམ་པ་ཚོ་ལ་ཐུན་མོང་གི་བསམ་བློ་བརྗེ་རེས་བྱེད་པར་ཤིན་ཏུ་དགའ་སྤྲོ་སྐྱེས་སོང་། དེ་རིང་གི་བཤད་རྒྱུའི་ནང་དོན་དཀའ་བ་ཞིག་མིན་ནའང་། ངའི་སེམས་གཏིང་གི་འབོད་སྒྲ་ཡིན་པས། སྐད་ཆ་མདོར་བསྡུས་འདི་ལ་བརྟེན་ནས་ཀུན་ལ་ཕན་པ་ཕྲན་བུ་ཙམ་སྟེར་ཐུབ་པའི་རེ་སྨོན་ཡོད།
དང་པོ། གོ་སྐབས་སླ་མོ་ཞིག་གིས་མི་ཚེ་ལ་བསྒྱུར་བཅོས་བྱེད་ཚུལ།
འུ་ཅག་གི་མི་ཚེའི་ནང་དུ་སྐབས་རེར་གོ་སྐབས་སླ་མོ་ཞིག་གིས་མི་ཚེ་གཅིག་གི་ལས་དབང་བསྒྱུར་ཆོག་སྟེ། ནང་བསྟན་གྱི་གཞུང་ན་འདི་ལྟ་བུའི་གཏམ་རྒྱུད་ཅིག་ཡོད། བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེ་ཡི་སློབ་མའི་མཆོག་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་གཉིས་རབ་ཏུ་མ་བྱུང་བའི་སྔོན་ལ། བྲམ་ཟེའི་ཆོས་ལུགས་ཀྱི་གཙོ་འཛིན་པ་ཡིན། སྐབས་ཤིག་ལ་ཁོ་ཚོས་བསམ་གཏན་སྒོམ་དུས་ཉེ་འགྲམ་དུ། དགེ་སློང་ཞིག་གིས་ཆོས་འདོན་གྱིན་འདུག དེའི་ནང་གི་ཚིགས་བཅད་ཅིག་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།། དེ་རྒྱུ་དེ་བཞིན་གཤེགས་པས་གསུང་།། རྒྱུ་ལ་འགོག་པ་གང་ཡིན་པ།། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས།། ཞེས་པ་འདི་ལྟ་བུའི་རྡོ་རྗེའི་གསུང་ཐོས་ཚེ་དམ་པ་རྣམ་གཉིས་ཀྱི་ལུས་སེམས་གཉིས་ལ་འགྱུར་བ་ཆེན་པོ་བྱུང་། དེ་ནས་ཁོ་གཉིས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དོར་ཏེ་ནང་པའི་ཆོས་སྒོར་ཞུགས་ནས། རྟོགས་པ་ཆེན་པོ་བརྙེས་པར་མ་ཟད་ནང་བསྟན་ལ་མཛད་རྗེས་རླབས་ཆེན་བཞག རྒྱ་ཡུལ་དུའང་འདི་འདྲ་བའི་གཏམ་རྒྱུད་ཡོད། ཐང་རྒྱལ་རབས་ཀྱི་སློབ་དཔོན་ཏན་ཞཱ་(丹霞)རབ་ཏུ་མ་བྱུང་བའི་སྔོན་ལ་ཁོང་ནི་རོའུ་ལུགས་པ་རེད། ཉིན་ཞིག་ལ་ཁོ་རྒྱལ་ས་ཁྲང་ཨན་དུ་དཔོན་རྒྱུགས་སྤྲོད་དུ་འགྲོ་བའི་ལམ་བར་དུ། གྲྭ་བ་ཞིག་དང་འཕྲད། གྲྭ་བས། ཁྱོད་གང་ལ་འགྲོ ཅི་ཞིག་བསྒྲུབ་རྩིས་ཡོད། ཅེས་དྲིས་པར། ཁོས་དཔོན་རྒྱུགས་སྤྲོད་པར་འགྲོ་བ་ཡིན་ཞེས་བཤད། ཡང་གྲྭ་བས། དཔོན་རྒྱུགས་སྤྲོད་པ་ནི་སངས་རྒྱས་སུ་རྒྱུགས་སྤྲོད་པར་འགྲན་ནུས་པ་མ་རེད། མངའ་ཐང་དང་སྟོབས་འབྱོར་ལ་རེ་བ་དེར་དོན་སྙིང་ཆེན་པོ་མི་འདུག དེ་བས་སངས་རྒྱས་ཀྱི་ལམ་ལ་སློབ་པ་ནི་མཆོག་ཏུ་གྱུར་བ་ཡིན་ཟེར། སྐད་ཆ་འདིས་ཁོ་ལ་བློ་སྒོ་ཡག་པོ་ཕྱེས་པས། དེའི་རྗེས་སུ་ཁོས་རབ་བྱུང་གི་ལམ་བདམས་ཏེ་མཐར་ལོ་རྒྱུས་སྟེང་གི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར། ཨ་མེ་རི་ཀའི་རླངས་འཁོར་བཟོ་བསྐྲུན་གྱི་རྒྱལ་པོ་ཧན་རེ་ཧྥོ་སྒྲི(HenryFord)ཡང་ཨ་ཕའི་སྒོར་གཅིག་གཡར་བས་རང་ཉིད་ཀྱི་མི་ཚེ་ལ་བསྒྱུར་བཅོས་བྱས། ཁོས་སྒོར་གཅིག་གིས་མ་རྩ་བྱས་ཤིང་། རྨང་གཞི་དེའི་སྟེང་ནས་དལ་བུར་བསོགས་ཏེ། མཐར་སྙན་པའི་གྲགས་པ་འབར་བའི་རླངས་འཁོར་བཟོ་བསྐྲུན་གྱི་རྒྱལ་པོ་རུ་གྱུར། ད་དུང་ཐེ་ཝན་བྱམས་བརྩེ་གསར་འཛུགས་པ་སློབ་དཔོན་ཀྲིན་ཡན(证严)གྱིས་ཀྱང་། ཁོ་མོའི་དགེ་ལས་ལས་རིགས་རྒྱལ་ཁབ༧༢ལ་ཁྱབ་པར་བྱས་ཤིང་། ཁོ་མོའི་ལས་འགུལ་འདིས། ད་སྐབས་ཉིན་རེར་དང་ལེན་རོགས་སྐྱོར་པ་ཁྲི་ཁྲི་འབུམ་འབུམ་གྱིས། འཛམ་གླིང་གི་ས་ཁུལ་ག་ས་གང་དུ་མང་ཚོགས་ལ་ཞབས་ཞུ་བྱེད་བཞིན་མཆིས། དེ་ཡང་ཐོག་མར་ཁོ་མོ་སྤྱིལ་བུ་ཞིག་གི་ནང་དུ་སྡོད་པའི་དགེ་སློང་མ་སྤྱིར་བཏང་ཞིག་རེད། རྗེས་སོར་དགེ་ལས་ཀྱི་བྱ་བ་བསྒྲུབ་པའི་འདུ་ཤེས་སྐྱེས་པ་དེའི་རྒྱུ་མཚན་ནི། སྐབས་ཤིག་ལ་སྨན་ཁང་གི་ས་ཐོག་ཏུ་ཁྲག་ཅིག་མཐོང་བ་རེད། ཤེས་གསལ་ཡིན་ན། བྱིས་པ་བཙའ་དཀའ་བའི་སྐྱེས་མ་ཞིག་ལ་སྨན་ཡོན་མེད་པས་སྨན་ཁང་གིས་སྒོར་ཕུད་པ་རེད། དེ་ནས་ཁོ་མོས་སེམས་ཤུགས་རྒྱ་ཆེར་བསྐྱེད་ནས། ཆེད་དུ་དབུལ་ཕོངས་ནད་པ་སྟོན་སའི་སྨན་ཁང་ཞིག་འཛུགས་རྒྱུ་བྱས། ཕྱིས་ཁོ་མོའི་ཐོག་དང་པོའི་བྱམས་བརྩེ་སྨན་ཁང་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་བྱམས་བརྩེའི་ལས་རིགས་རྒྱ་ཆེར་གོ་ལའི་ཁྱོན་ཡོངས་ལ་རྒྱ་ཆེར་སྤེལ། ད་སྐབས་ལོ་བཞི་བཅུ་ཞེ་བཞི་འདས་སོང་། ཁོ་མོའི་དགེ་ལས་ལས་རིགས་ཉིན་རེ་བཞིན་རྒྱ་ཇེ་ཆེར་བྱས་ནས། འཛམ་གླིང་ཁྱོན་ཡོངས་སུ་དབུལ་བོ་དང་། ནད་པ། གནོད་རྐྱེན་རེག་པའི་མི་དམངས་བཅས་བགྲང་གིས་མི་ལང་བ་ཞིག་དྲིན་ཆེན་པོས་བསྐྱངས་ཡོད་པ་རེད། དེ་བཞིན་གནམ་བདག་ཆོས་ལུགས་ཀྱི་སྒོམ་སྒྲུབ་མ་ཁྲི་རཱེ་ས(Mother Teresa)ཡང་དང་ཐོག་ཁོ་མོ་སྒོམ་ཁང་ར་བ་རུ། ལྷ་ཡུལ་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་ཡོད་སྐབས། ཉིན་ཞིག་ལ་ཁོ་མོས་སྒོམ་ཁང་ར་བ་མཐོན་པོའི་ཕྱི་རོལ་གྱི་ཁྲོམ་སྲང་དུ། ནད་གཡོག་མེད་པའི་མཛེ་ནད་ཅན་མང་པོ་མཐོང་བས། དེ་ནས་སྔོན་ཆད་ཀྱི་ལྷིང་འཇགས་ལ་རོལ་མི་བསམ་པར་གྱུར། དབུལ་ཕོངས་ནང་གི་དབུལ་ཕོངས་ལ་ཞབས་ཞུ་བྱེད་པར་བློ་ཐག་རྦད་ཀྱིས་བཅད། ལོ་བཅུ་གཉིས་ནས་བཟུང་སྟེ་གྱ་བདུན་སྟེང་སྐུ་གཤེགས་པའི་བར། ཁོ་མོས་རང་དོན་གཏན་ནས་མི་བྱེད་པར། སྡུག་བསྔལ་གྱིས་གཟིར་བ་དང་། དཀའ་ངལ་ཅན་དག་གི་ཆེད་དུ་འཚོ་གཞེས་གནངས། ཁོ་མོས་རྒྱལ་ཁབ་བརྒྱ་དང་ཉེར་གསུམ་དུ་དགེ་ལས་ཀྱི་ཚོགས་པ་བཙུགས་ཡོད། སྐྱེ་བོ་བགྲང་གིས་མི་ལང་བ་དག་ལ་ཁོ་མོའི་བྱམས་བརྩེ་རོགས་སྐྱོར་ཐོབ་ཡོད་པ་རེད། དེའི་ཕྱིར་མིའི་འདུ་ཤེས་གཅིག་གིས་སྐབས་སྐབས་སུ་སྤྱི་ཚོགས་ཡོངས་ལ་བདེ་སྐྱིད་རྒྱ་ཆེན་པོ་བསྐྲུན་ཐུབ་པ་རེད། གཞན་ཡང་ཐང་སིན་བླ་མས(唐玄奘法师)ཆོས་ཀློག་སྐབས་ནང་བསྟན་གྱི་གྲུབ་མཐའི་བཞེད་ཚུལ་མི་འདྲ་བ་དང་། ནང་ཆོས་ཀྱི་མ་དཔེ་ལ་ཆད་ལྷག་ཤོར་བ་སོགས་ཀྱི་རྐྱེན་པས། སངས་རྒྱས་ཀྱི་དགོངས་པ་འཚོལ་ཆེད་ནུབ་ཕྱོགས་རྒྱ་གར་དུ་ཆོས་ཞུ་བར་ཐུགས་བསྐྱེད། དེའི་རྗེས་ནས་ཁོས་ལམ་ཐག་རིང་པོའི་དཀའ་བ་མང་པོ་ཁྱད་དུ་བསད་དེ་མི་ལོ༡༧རིང་། རྒྱ་གར་ནས་ལེགས་སྦྱར་གྱི་དཔེ་ཆ་མང་པོ་ཁྱེར་ཏེ་ཁྲང་ཨན་རྒྱལ་སར་ཕྱིར་ཕེབས་ཤིང་ཡིག་བསྒྱུར་མཛད། རྗེས་རབས་ཀྱི་སེམས་ཅན་ཚད་མེད་པར་ཕན་པ་རྒྱ་ཆེར་བསྐྲུན། ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་ལོ་ཙཱ་པ་ཞིག་ཏུ་གྱུར། དེ་མིན་འཇར་པན་ལ་སོང་བའི་གྲྭ་བ་ཅན་ཀྲིན་(鉴真和尚)གྱིས་ཀྱང་། འཇར་པན་གྱི་འདུལ་བ་ཁ་མི་ཚང་བས་དེར་འདུལ་བའི་སྡོམ་རྒྱུན་སྤེལ་ཆེད། ཁོ་སྔ་གཞུག་ཐེངས་དྲུག་ལ་འཇར་པན་དུ་ལམ་ལ་ཆས། འོན་ཀྱང་ཐེངས་ལྔ་ལ་བྱོན་མ་ཐུབ། འབད་པ་ལྷོད་མེད་བྱས་ཏེ་རྗེས་དགུང་ལོ་རེ་དྲུག་སྟེང་། གཟོད་བདེ་ལེགས་ངང་འཇར་པན་ལ་འབྱོར་བ་མ་ཟད་དེར་འདུལ་བའི་འཆད་ཁྲིད་དང་སྡོམ་རྒྱུན་བཙུགས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བྱས། འཇར་པན་མི་དམངས་ཁྲོད་རིག་གནས་ཀྱི་ཕ་ཡབ་དང་། འདུལ་གཞུང་གི་ཡང་མེས་ཞེས་པའི་མཚན་སྙན་གྱི་གྲགས་པས་ཁྱབ། གོང་བཤད་དེ་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲེལ་ཡོད་ཀྱི་དཔེ་བརྗོད་དག་གིས་མཚོན་ནས། མི་ཚེའི་ཁྲོད་སྐབས་རེར་ཐ་ན་ཚིག་གཅིག་གམ། རྣམ་རྟོག་གཅིག ཡང་ན་བྱ་བ་ཆུང་ངུ་གཅིག་གིས་ཀྱང་རང་ཉིད་ཀྱི་འདུ་ཤེས་སམ། ཚེ་གཅིག་གི་ལས་དབང་ལ་ཡང་བསྒྱུར་བཅོས་བྱེད་སྲིད།
གཉིས་པ། དེང་སྐབས་མི་རྣམས་ཀྱི་ལུས་སེམས་བདེ་ཐང་མིན་པ།
ད་ལྟའི་དུས་རབས་ལ་ཚན་རིག་ལག་རྩལ་ཆེས་དར་རྒྱས་ཆེ་བ་དང་། དངོས་པོའི་ཆ་རྐྱེན་ཧ་ཅང་མི་དམན་པ་རེད། ཡིན་ན་ཡང་མི་རྣམས་ཀྱིས་རྒྱུན་དུ་དེང་སྐབས་ཀྱི་གསར་གཏོད་ནུས་ཤུགས་ཀྱིས་མི་འདང་བ་དང་། དཔལ་འབྱོར་འཕེལ་རྒྱས་མི་མགྱོགས་པར་སྙམ་པ་སོགས། འདོད་རྔམ་མང་པོ་ཡོད་པ་རེད་མོད། སྤྱི་ཁྱབ་ནས་བལྟས་ན་དུས་རབས་བཅུ་དགུ་པ་དང་། ཉི་ཤུ་པར་བསྡུར་ན་འཚོ་བའི་ཆུ་ཚད་དངོས་གནས་ཡར་རྒྱས་བྱུང་ཡོད་པ་རེད། དེ་ལྟར་ཡིན་ན་ཡང་། དེ་དང་མཉམ་དུ་ཆེས་སྙོམས་མི་ཐུབ་པ་ནི་མི་རྣམས་ཀྱི་ནང་གི་བསམ་བློ་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྱུར་བཞིན་ཡོད། དེའི་ཕྱིར་དུས་རབས་འདི་འདྲའི་ནང་། ཀུན་གྱི་བསམ་བློའི་རེ་སྙེག་ནི། དངོས་པོའི་དཔལ་ཡོན་གྱིས་ཚིམ་པར་བྱས་པ་ལས་ཆེས་ཆེར་བརྒལ་བ་རེད། དཔེར་ན། ཁྱོད་ཀྱིས་མི་ཞིག་ལ་སྒོར་ཁྲི་བཅུ་འམ་ཡང་ན་ཁྲི་བརྒྱ་སྦྱིན་ཡང་། ཁོས་གྲོན་ཆུང་ངང་བདག་བསྲུང་ལེགས་པོ་མ་བྱས་ན། མྱུར་དུ་ཟད་ཅིང་མེད་པར་འགྱུར་འགྲོ་བ་རེད། ཡིན་ནའང་། ཁྱོད་ཀྱིས་བསམ་བློའི་ཐོག་ལ་ཧ་ཅང་ཕན་ནུས་ཅན་གྱི་ཤེས་ཡོན་ཞིག་བཞག་ན། ཁོའི་མི་ཚེ་གང་བོར་དེ་ནི་སུ་དང་གང་གིས་འཕྲོག་མི་ཐུབ་པ་དང་། བརྐུ་མི་ཐུབ་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཚད་མེད་པའི་ཕན་པ་ཞིག་སྟེར་འོང་བ་རེད། ད་སྐབས་གྲོང་ཁྱེར་ཆེན་མོའི་ནང་གི་མི་རྣམས་ཕྱི་ཡུལ་གྱི་སྟེང་ནས་བདེ་སྐྱིད་འཚོལ་བར་ཧ་ཅང་དགའ་དྲགས་པས། ནམ་རྒྱུན་ནང་སེམས་ཀྱི་ལྷིང་འཇགས་དང་། ཆོག་ཤེས་སོགས་ལ་མགོ་རྨོངས་པའི་རྒྱུ་མཚན་གྱི་རྩ་བ་ནི། དེང་སྐབས་ཀྱི་སློབ་གསོ་ལ་ཐུག་ཡོད་པ་རེད། ང་ཚོ་སློབ་གྲྭར་འགྲོ་བའི་དུས་ནས་མགོ་བརྩམས་ཏེ། དགེ་རྒན་གྱིས་ནམ་རྒྱུན་སྒོར་བསྡུ་བར་ནན་བཤད་དང་། ཁྱིམ་བདག་གིས་ཀྱང་། རྒྱུགས་འབྲས་སྐར་གྲངས་ལ་གཙིགས་འཛིན་སོགས་ང་ཚོ་ཆུང་དུས་ནས་སྙན་གྲགས་བཙལ་རྒྱུ་དང་། སྒེར་སེམས་སྒེར་ཕན་འདི་ལྟ་བུའི་ཁོར་ཡུག་གི་ཁྲོད་དུ་མི་རེ་རེ་འཚར་ལོངས་བྱུང་ན། མཇུག་འབྲས་ཅི་འདྲ་ཞིག་ཏུ་འགྱུར་བ་ཚང་མས་ཕལ་ཆེར་ཤེས་གསལ་རེད། དེའི་ཕྱིར། སྐབས་འགར་རང་ལུས་ཀྱི་བདེ་སྡུག་གམ་རང་གི་འགྲམ་གྱི་ལས་རིགས་མི་གཅིག་པའི་མིའི་གནས་ཚུལ་ལ་བརྟག་དཔྱད་བྱས་ན། གནད་འགག་མང་པོ་ཞིག་གསར་དུ་གོ་བར་ངེས། ད་སྐབས་ཀྱི་དུས་རབས་ཉེར་གཅིག་པ་འདི་སྔོན་གྱི་དུས་རབས་ཉི་ཤུ་པ་དང་བསྡུར་ན། ལྟོ་གོས། འགྲོ་འདུག་སོགས་ལ་སྔར་བྱུང་མ་མྱོང་བའི་ཡར་ཐོན་ཡོད་པ་རེད། ཡིན་ནའང་གནོན་ཤུགས་སྣ་ཚོགས་ཀྱི་མནར་གཅོད་ཀྱི་འོག མི་མང་ཆེ་བ་ཚད་འདས་ངལ་རྩོལ་གྱི་གནས་སྟངས་ཅན་དུ་གྱུར་ཡོད། ༢༠༠༩ལོའི་ཀྲུང་གོའི་གྲོང་ཁྱེར་གོང་དཀྲིས་དཀར་པོའི་ ༼བདེ་ཐང་དེབ་དཀར།༽ དཔེ་ཆའི་ནང་བཤད་རྒྱུར། པེ་ཅིན། ཧྲང་ཧེ་སོགས་གྲོང་ཁྱེར་བཅུ་ཡས་མས་ནང་། གོང་དཀྲིས་དཀར་པོའི་བདེ་ཐང་བསྡུར་ཚད་བརྒྱ་ཆའི་དོན་དྲུག་ལ་སླེབས་པ་དང་། ཚད་འདས་ངལ་རྩོལ་གྱི་གནས་སྟངས་མཁན་བརྒྱ་ཆའི་དྲུག་ཅུར་ཉེ་བ་ཡོད། དོན་དངོས་སྟེང་བདེ་ཐང་གི་མི་བརྒྱ་ཆའི་གསུམ་ཙམ་ལ་མི་ལོངས་བ་དང་། ད་དུང་བརྟག་དཔྱད་བྱས་པའི་ནང་འཁོད་པར་གོང་དཀྲིས་དཀར་པོ་དག་ལ། གནོན་ཤུགས་གཙོ་བོ་སླེབས་སའི་འབྱུང་ཁུངས་བཞི་ཡོད་པ་ནི། ཁང་པ་ཡི་ཉོ་བསྲུང་། ཕ་མ་ཡི་བདེ་ཐང་། བྱིས་པ་ཡི་སློབ་གསོ། བརྩེ་དུང་གི་གཉེན་སྒྲིག་སྟེ། འདི་དག་ནི་རི་ཆེན་པོ་བཞི་ལྟ་བུ་ཡིན། འདི་དག་གིས་མནན་ནས་ཁོ་ཚོའི་དབུགས་ཀྱང་གཏོང་ལེན་དཀའ་བ་དང་། རང་དབང་དང་བདེ་སྐྱིད་ཀྱི་ཚོར་བ་ཅི་ཡང་རེག་མ་ཐུབ་པ་རེད་ཟེར། ཉིན་འདི་དག་གི་སྔོན་ལ་ངའི་ཕ་ཡུལ་ནས། ལོ་རིམ་དྲུག་པའི་སློབ་ཕྲུག་སྐོར་ཞིག་མཐར་ཕྱིན་སྐབས། ཁོ་ཚོས་དགའ་སྤྲོ་ངང་ནས་འདི་ལྟར་བཤད། ང་ཚོ་ད་ནས་བཟུང་གྲལ་སྒྲིག་པ་སོགས་བྱེད་མི་དགོས་པར། སློབ་གྲྭ་གོང་མར་འགྲོ་ཆོག་པ་རེད་ཟེར། ངས་རྩེད་མཚར་བཤད་ཞོར། ཁྱོད་ཚོ་ཡར་སླེབས་ཀྱིན་སླེབས་ཀྱིན་མདུན་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་རེད་ཅེས་བཤད། དོན་དངོས་གནས་ཡིན། འདིར་བཞུགས་ཀྱི་ན་གཞོན་ཀུན། སློབ་མགོ་ཐོན་རྗེས་ཡི་གེ་འདོན་པ་དང་གྲལ་སྒྲིག་པ་སོགས་མི་དགོས་ནའང་། ཛ་དྲག་ཆེ་བའི་སྤྱི་ཚོགས་འགྲན་རྩོད་ཁྲོད་ཁྱོད་ཚོས་མྱོང་བའི་སྡུག་བསྔལ་ནི། སྔོན་གྱི་གྲལ་སྒྲིག་པ་དང་བསྡུར་ན་ཧ་ཅང་ཆེ་བར་འགྱུར།
༢༠༡༠ལོའི་ཟླ༣པར། འབྱོར་འབྲིང་དུས་དེབ་ཁང་དང་ཆིན་ཧྭ་སློབ་ཆེན་གཉིས་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་ཞབས་ཚོགས་པ་དང་། གྲོང་ཁྱེར་གྱི་གོང་དཀྲིས་དཀར་པོའི་ཚོགས་ཁག་ལ། བདེ་ཐང་གི་བརྟག་དཔྱད་བྱས་པ་ལྟར་ན། མི་བརྒྱ་ཆ་བརྒྱད་ཅུ་གྱ་བརྒྱད་བརྒལ་བ་ཙམ་གྱིས། རང་ཉིད་ཚད་འདས་ངལ་རྩོལ་གྱི་གནས་ཚུལ་ལ་གནས་པ་དང་ཡང་ན་གནས་པར་ཉེ་བ་རེད་འདུག སེམས་ནང་དུ་སྡུད་ཅིང་བསམ་བློའི་གནོན་ཤུགས་དྲག་པོས་ཆེས་སྡུག་བསྔལ་བ་དང་། སྤྲོ་སྣང་དང་མགུ་སྣང་མེད་པར་གྱུར་ཡོད། མི་རྣམས་ཀྱི་ལྟར་སྣང་དུ་རང་ཉིད་ཀྱིས་སྒྲུབ་པའི་བྱ་བ་དོན་སྙིང་ཡོད་པ་དང་། བདེ་བྱེད་ཀྱི་རྒྱུ་རུ་རློམ་ནའང་། དངོས་སུ་བརྟག་དཔྱད་བྱེད་སྐབས་དོན་ངོ་མར་ཁོ་ཚོ་རེ་རེར་སྡུག་བསྔལ་བཟོད་མི་ཐུབ་པ་ཞིག་དང་། ཆད་སྣང་བཟོད་མི་ཐུབ་པ་ཞིག་ཡོད་པ་རེད། དེ་བས་ད་སྐབས་གྲོང་ཁྱེར་གྱི་ནང་། མི་ཕལ་ཆེ་བའི་ལུས་སེམས་རྒྱུན་ལྡན་མིན་པའི་རྒྱུ་རྐྱེན་ནི། གཅིག་ཚད་འདས་ངལ་རྩོལ་གྱིས་ཐང་ཆད་པ་དང་། གཉིས་འདོད་ཧམ་རྔམ་དྲགས་པ། གསུམ་འཚོ་བ་ལ་སྒྲིག་སྲོལ་མེད་པ། འདི་ལྟ་བུའི་གནས་ཚུལ་འོག་སེམས་ནད་ཅན་གྱི་ནད་པ་ཇེ་མང་ནས་ཇེ་མང་ཡིན་པ་རེད། བསྡོམས་རྩིས་ལྟར་ན་མི་དྲུག་རེའི་ནང་དུ་སེམས་ནད་པ་གཅིག་རེ་ཡོད་པ་མ་ཟད། རྒྱ་ནག་ལ་ལོ་རེར་བསམ་བློའི་སྐྱོན་གྱིས་རང་གསོད་བྱེད་མཁན་མི་གྲངས་ཁྲི་ཉི་ཤུ་ལོངས་པ་ཡོད་པས། འདི་དག་གི་གྲངས་ཀ་ལ་བསམས་ན་དངོས་གནས་དངངས་སྐྲག་སྐྱེ་དགོས་པ་ཞིག་རེད།
གསུམ་པ། ནང་བསྟན་གྱིས་ཇི་ལྟར་ལུས་སེམས་ལ་བདེ་ཐང་བསྐྱེད་ཐུབ།
༡ ཡང་དག་པའི་དད་མོས་བསྐྱེད་དགོས་ཚུལ།
གལ་སྲིད་སེམས་ནད་འདི་དག་གསོ་བཅོས་བྱེད་དགོས་ན། ཆེས་གནད་འགག་ནི་དད་མོས་ཤིག་དགོས་པ་རེད། ཁཱ་ན་ཏའི་ཁྲོ་རོན་ཁྲོ་སློབ་ཆེན་(University of Toronto)གསོ་རིག་སློབ་གླིང་གིས་ཞིབ་འཇུག་བྱས་ཏེ་ཤེས་གསལ་ལྟར་ན། ཆེས་དད་མོས་ཆེ་བའི་མི་དག་ལ་བསམ་བློའི་གནོན་ཤུགས་ཇེ་དམའ་རུ་འགྱུར་ཞིང་། སྤྱི་ཚོགས་ནང་གི་འབྲེལ་བ་ཇེ་ཟབ་ཏུ་གྱུར་བ། ཟས་སྤྱོད་གོམས་གཤིས་བདེ་ཐང་དུ་འགྱུར་བ་སོགས་ཀྱིས། ལུས་བདེ་ཞིང་སེམས་སྐྱིད་པར་གྱུར་ཡོད་པ་རེད། དེ་ལས་ལྡོག་ན་བདེ་ཐང་ལ་གནོད་པར་བཤད། སེམས་ཁམས་རིག་པ་ཁཱོལ་གྷོའུ་སི་ཏྲ་བུ་ཡཱང་(Carl Gustav Jung)གིས་ཀྱང་དེང་སྐབས། མིའི་སེམས་ཁམས་ཀྱི་ནད་ཇེ་མང་ཡིན་པ་དེ་དད་མོས་ཀྱི་དར་རྒུད་ལ་ཆེས་འབྲེལ་བ་ཡོད་ཟེར། ཁོས་བརྩམས་གནང་བྱས་པའི་༼རྣམ་ཤེས་འཚོལ་བའི་དེང་རབས་ཀྱི་མི།༽ཞེས་པ་ལས། ཚན་རིག་ཧ་ཅང་དར་རྒྱས་ཆེ་བའི་དེང་སྐབས་ཀྱི་དུས་རབས་ནང་། མིའི་རིགས་ཀྱི་བསམ་བློ་ཆེས་བདེ་ཐང་མིན་པར་གྱུར་ཡོད། སྐབས་དེར་ཆོས་ལུགས་ཞིག་ལ་དད་མོས་ཡོད་དགོས། དེ་ཡང་ཆོས་ལུགས་ཐམས་ཅད་ཀྱི་ནང་ནས། ནང་བསྟན་གྱི་སེམས་ཁམས་བཅོས་ཐབས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་ལ། དེ་ལ་བསམ་གཏན་སྒོམ་པ། གསོལ་འདེབས་བྱེད་པ། ཆོས་འདོན་པ། སྔགས་ཀློག་པ་སོགས་སྒྲུབ་པའི་ཐབས་ལམ་དག་ནི། སེམས་ནད་གསོ་བཅོས་ལ་ཆེས་ཕན་འབྲས་ལྡན་པས་སེམས་ཁམས་བཅོས་གསོའི་སྨན་མཆོག་ཏུ་གྱུར་ཡོད། ཅེས་སོགས་གསུངས་པ་ལྟར། ངས་ཀྱང་དེ་རིང་ཚང་མར་བཤད་འདོད་པའི་ནང་དོན་གཙོ་བོ་ནི། ནང་ཆོས་ཀྱིས་དེང་རབས་མི་ཡི་སྡུག་བསྔལ་སེལ་ཐུབ་པ་ནན་བཤད་བྱེད་རྒྱུ་ཡིན། གལ་སྲིད་དེ་མེད་སོང་ན་ཁྱེད་ལ་དཔལ་འབྱོར་དང་གོ་གནས། ལས་དོན་འགྲུབ་པ་སོགས་བྱུང་རུང་། ལུས་ཕུང་ནི་ཉིན་མཚན་ཀུན་ཏུ་ངལ་དུབ་ཀྱིས་མནར་ཞིང་། སེམས་ལ་ཐོག་མཐའ་བར་གསུམ་དུ། སྡུག་བསྔལ་གྱིས་ཁྱབ་ནས་མི་ཚིམས་པའི་སྐབས་སྒོར་མོ་སོགས་ཅི་འདྲ་མང་རུང་བྱེད་ཐབས་བྲལ་བ་ཞིག་རེད། ཡིན་ན་ཡང་། འདིར་བཞུགས་ཀྱི་རྣམ་པ་ཚོའི་ཁྲོད་ན་མི་ལ་ལ་ཞིག་སངས་རྒྱས་ཆོས་ལུགས་ལ་དད་པ་དང་། འགའ་ཤས་ཤིག་དོགས་པ་དང་བཅས་པ་དང་། ཡང་འགའ་ཞིག་ཚན་རྩལ་གྱི་བྱ་བ་གཉེར་ཞིང་། དད་མོས་མེད་པ་མ་ཟད་དེ་ལ་བྱེད་ཐབས་སྣ་ཚོགས་སྤྱད་ནས་དགག་པ་བྱེད་པ་བཅས་ཀྱི་ལྟ་ཚུལ་ཡོད་པ་རེད། དེའི་ནང་གི་ཕྱི་མ་དེ་ལ་རྒྱུ་མཚན་ཤེས་པའི་བློ་གྲོས་དང་མི་ལྡན་ན། ཁྱོད་ཀྱིས་དད་མོས་ཀྱི་ཕན་ནུས་རྩ་བ་ནས་མི་ཤེས་པས། རང་ལྟ་མཆོག་འཛིན་གྱིས་གཞན་དགག་པ་དེ་ནི། ཚན་རིག་དང་འགལ་ཞིང་། གནས་ལུགས་དང་ཆེས་མི་མཐུན་པའི་སྤྱོད་པ་ཞིག་རེད། ཤེས་དགོས་པ་ནི་མི་ཞིག་ལ་དད་མོས་ཡོད་ན། ཆེས་དཀའ་གནད་དང་། སྡུག་བསྔལ་ལ་འཕྲད་ན་ཡང་སེམས་ནང་དུ་སྐྱབས་ཡུལ་དང་རྟེན་ས་ཞིག་ཡོད།
༢༠༠༢ལོའི་ཟླ༢པའི་ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཨ་རིའི་སྔོན་གྱི་སྲིད་འཛིན་བྷོའུ་ཞི(George Walker Bush)ཁྱེད་ཅག་གི་ཆིན་ཧྭ་སློབ་ཆེན་འདིར་ཡོང་བ་རེད། དེ་དུས་ངས་ཞ་མུན་གྲོང་ཁྱེར་དུ་སྟོན་པའི་རྣམ་ཐར་རྒྱས་པ་དེ་བསྒྱུར་བཞིན་ཡོད། བརྙན་འཕྲུལ་གྱི་ཁ་ཕྱེས་དུས་སྟེས་དབང་གིས་དེའི་གནས་ཚུལ་མཐོང་བྱུང་། ད་བར་མི་ལོ་བརྒྱད་འདས་སོང་ཡང་། སྐབས་དེར་ཁོང་གི་གཏམ་བཤད་ཀྱི་ནང་དོན་རྣམས་ངས་ད་དུང་ཡང་གསལ་བོར་དྲན་ཀྱིན་འདུག ཁོང་གིས། ང་ཚོ་ཨ་རིའི་མི་བརྒྱ་ཆ་དགུ་བཅུ་གོ་ལྔ་ལྷ་ལ་དད་པ་དང་ལྡན་པ་ཡིན། ང་ཡང་དེའི་ནང་གི་གཅིག་ཡིན། དད་མོས་ཀྱིས་ང་ཚོ་ལ་ཀུན་སྤྱོད་མིག་དཔེ་ཞིག་སྟོན་ངེས། འདི་མི་རྣམས་ཀྱི་ཁྲིམས་ལུགས་ལས་བརྒལ་བ་ཞིག་ཡིན། ང་ཚོར་ད་དུང་དངོས་པོའི་ཁེ་ཕན་ལས་ཆེས་ལྷག་པའི་ཚེ་སྲོག་འགན་ལེན་ལ་སྐུལ་འདེད་བྱེད་ཀྱིན་ཡོད། ཆོས་དད་ལ་རང་དབང་ཡོད་པ་འདི་ནི་སྐྲག་མི་དགོས་པ་མ་ཟད་དགའ་བསུ་བྱེད་འོས་པ་ཞིག་ཡིན་ཞེས་ཟེར། ཁོས་བཤད་པ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་དད་མོས་ཡིན་མོད། ཡེ་ཤུའི་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས། སངས་རྒྱས་ཆོས་ལུགས་གང་ཡིན་རུང་། དད་མོས་ཡོད་པའི་མི་རྣམས། དད་མོས་མེད་པའི་མི་དང་བསྡུར་ན་དད་མོས་ཡོད་པ་དག་ཡག་ཤོས་རེད། གལ་ཏེ་ཁྱོད་ལ་དད་མོས་ཡོད་ན། ཚེ་འདིའི་ཀུན་སྤྱོད་ལ་ཚད་གཞི་ངེས་ཅན་ཞིག་ཡོད་པ་ཡིན། དེ་ལྟར་མ་ཡིན་ན་སྐྱེ་བ་ཕྱི་མ་མི་ཤེས་པ་རྣམས་ཀྱིས་བྱ་ངན་སྣ་ཚོགས་ཤིག་སྒྲུབ་པ་ཡིན་ཏེ། མདོ་མྱང་འདས་ལས། ཚེ་རབས་རྗེས་མ་མ་མཐོང་བས།། མི་དགེ་མི་སྒྲུབ་གཅིག་ཀྱང་མེད།། ཅེས་གསུངས་པ་ལྟར་རོ།།
༢ ཡང་དག་པའི་དད་མོས་ནི་གང་ཡིན།
༡ དགེ་སྡུག་ལ་རྒྱུ་འབྲས་སྨིན་རྒྱུ་ཡོད་པའི་ལྟ་བ།
འདིར་བཞུགས་ཚན་རྩལ་གྱི་བྱ་བ་གཉེར་མཁན་ཀུན་གྱིས་ཇི་སྐད་དུ། དགེ་བ་ལས་ནི་བདེ་བ་དང་།། མི་དགེ་ལས་ནི་སྡུག་བསྔལ་སྨིན།། ཞེས་དང་། ཀུ་བ་ལས་ནི་ཀུ་བ་སྨིན།། སྲན་མ་ལས་ནི་སྲན་མ་སྨིན།། ཞེས་པ་སོགས་ཀྱི་དོན་ཤེས་ན་ཚན་རིག་ལག་རྩལ་གསར་གཏོད་བྱེད་སྐབས་ཀྱང་། རབ་ན་འཛམ་གླིང་ཡོངས་དང་མིན་ན་སྤྱི་ཚོགས་དང་། རྒྱལ་ཁབ་ལ་འགན་འཁུར་བའི་རྣམ་འགྱུར་གྱི་སྒོ་ནས་བསམ་བློ་གཏོང་བ་དང་བྱ་བ་བྱེད་ཐུབ། དེ་ལྟར་མ་བྱས་པར་མི་རྣམས་དུས་ནམ་ཡང་། རང་ཉིད་ཀྱི་ཆེད་དུ་དམིགས་ཏེ་བྱ་བ་གང་སྒྲུབ་ཀྱང་དེའི་མཇུག་འབྲས་ནི་ཧ་ཅང་སྐྲག་དགོས་པ་ཞིག་རེད། ད་སྐབས་ཅི་ཞིག་ལ་ཐོན་རྫས་རྫུན་མ་མང་བ་དང་། ཟས་རིགས་མང་ཆེ་བར་དུག་རྫས་འདྲེས་ཡོད་པ་དང་། སྨན་ཁང་དང་སློབ་གྲྭའི་ཁ་ཕྱོགས་ཀྱང་། སྒོར་གྱི་ཆེད་དུ་ཕྱོགས་བཞིན་ཡོད་པ་ཡིན། དེའི་རྒྱུ་མཚན་མི་རྣམས་ཀྱིས་དགེ་སྡུག་གི་ལས་འབྲས་མི་ཤེས་པས་རེད། འདི་འདྲའི་ཁོར་ཡུག་ཞིག་གི་འོག་མི་ཕལ་ཆེ་བའི་སེམས་ཁམས་བདེ་ཐང་མིན་པས། ལུས་ཀྱི་ན་ཚ་ལས་ཀྱང་གནོན་ཤུགས་འདི་ཧ་ཅང་ལྕི། གལ་ཏེ་ཁོ་ཚོའི་སེམས་ནད་གསོ་བཅོས་བྱེད་དགོས་ན། ནད་སྟོན་ས་ལྟ་བུ་ནི་ནང་བསྟན་གྱི་བདེན་དོན། བསམ་གཏན་སྒོམ་རྒྱུ། ཆོས་འདོན་རྒྱུ་སོགས་ཀྱི་བྱེད་ཐབས་ཀྱིས་ནང་སེམས་སྙོམས་དགོས་པ་ཁོ་ན་རེད། དེ་ལས་གཞན་པའི་སྨན་བཅོས་ལག་རྩལ་གྱིས་བཅོས་ཐབས་མེད་པ་རེད། དེ་འདྲ་ཡིན་ན། འཇིག་རྟེན་འདིའི་སྟེང་གི་ཚན་རིག་པ། སློབ་གསོ་བ། མི་གང་འདྲ་ཡིན་ཡང་སྤྱི་ཚོགས་ལ་འགན་འཁུར་དགོས་ན། སྔོན་དུ་ཡང་དག་པའི་མི་ཚེའི་ལྟ་བ་ཞིག་འཛུགས་དགོས་པ་རེད། ཡིན་ན་ཡང་། མི་ཡི་བཞིན་གྱི་རྣམ་པ་ལྟར།། སོ་སོའི་སེམས་ཁམས་འདྲ་མ་ཡིན།། ཞེས་པ་ལྟར། མི་རེ་རེའི་སེམས་ཁམས་མི་འདྲ་བས། མི་ཚེའི་ལྟ་བའང་འདྲ་མཚུངས་མ་ཡིན་མོད། སྐྱེ་བ་སྔ་ཕྱི་ཡོད་པ་ཤེས་རྒྱུ་དང་དགེ་སྡིག་ལ་རྣམ་སྨིན་ཡོད་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་རྒྱུ་ནི། ཆེས་གལ་འགངས་ཆེ་བ་དང་མེད་དུ་མི་རུང་བ་ཡིན། མི་ལ་ལ་འདི་ལྟ་བུའི་དོགས་པ་ཟ་ན་ཐང་། གལ་ཏེ་དངོས་གནས་ལས་དགེ་སྡིག་ལ་རྣམ་སྨིན་འབྱུང་རྒྱུ་ཡོད་ན། ངས་ད་སྐབས་དགེ་བ་བསྒྲུབས་པ་ལ། ད་དུང་དགེ་འབྲས་མི་སྨིན་པ་ཅི་ཡིན་སྙམ་ན། འདི་ལྟ་བུ་ནི་ཕྱོགས་རེ་བའི་ལྟ་བ་རེད། ཁྱོད་ཀྱིས་བསྒྲུབས་པའི་དགེ་བ་ནི་རྒྱུ་རེད། བདེ་བ་ཐོབ་རྒྱུ་ནི་འབྲས་བུ་རེད། རྒྱུ་དང་འབྲས་བུའི་བར་ལ་དུས་ཚོད་ངེས་ཅན་ཞིག་གིས་བཅད་ཡོད་པ་རེད། དཔེར་ན། ཞིང་པ་རྣམས་ཀྱིས་དཔྱིད་ཀ་ས་བོན་བཏབ་ན། སྟོན་ཁ་ཐོན་དུས་གཟོད་ལོ་ཏོག་བསྡུ་ལེན་བྱེད་རྒྱུ་ཡོད་པ་རེད་མ་གཏོགས། དེ་རིང་ས་བོན་བཏབ་ན་སང་ཉིན་འབྲས་བུ་བསྡུ་ཐུབ་པ་མ་རེད། དེ་ནང་བཞིན་ང་ཚོས་ཚེ་འདིར་དགེ་སྡིག་གི་ལས་གང་བྱས་ན་འབྲས་བུ་མྱུར་ན་ཚེ་འདི་དང་། ཡང་ན་ཕྱི་མའམ་དེའི་ཕྱི་མའི་ཕྱི་མ་སོགས་སྐྱེ་བ་གང་རུང་ལ་གཟོད་སྨིན་པར་འགྱུར་ངེས་ཡིན། ལས་ཀྱི་རྣམ་སྨིན་ནི་སངས་རྒྱས་ཀྱིས་མདོ་སྡེ་ལས་བརྒྱ་པ་ལས་གསུངས་པ་ལྟར། ཕྱི་ཡུལ་གྱི་རི་ཆུའི་སྟེང་ལ་མི་སྨིན། རྒྱུ་མེད་རྐྱེན་མེད་དུ་བོར་ནས་མེད་པར་ཡང་མི་འགྱུར། ངེས་པར་རང་གི་རྒྱུད་ལ་སྨིན་པར་འགྱུར། དེའི་ཕྱིར་ན་མི་གཅིག་གིས་ལས་གང་ཞིག་བསགས་ན་དུས་བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་གི་བར་དུ་མེད་པར་མི་འགྱུར། ནམ་ཞིག་ངེས་པར་ན་རང་བྱས་རང་ལ་སྨིན་པར་འགྱུར། འདི་ལྟ་བུའི་བདེན་དོན་ནི་ནང་ཆོས་ཀྱི་ལས་རྒྱུ་འབྲས་ཀྱི་ལྟ་བ་ཡིན། དེ་ཡང་ང་ཚོའི་མི་ཚེའི་ལྟ་བའང་རེད། མི་རེ་རེས་གལ་ཏེ་འདི་ཙམ་ངོ་ཤེས་པར་གྱུར་ན། སྤྱི་ཚོགས་ཡོངས་མཛེས་སྡུག་འོད་སྟོང་ལྡན་པ་ཞིག་ཏུ་གཏོང་ཐུབ། འོན་ཀྱང་ད་སྐབས་འཇིག་རྟེན་འདིར་ལས་རྒྱུ་འབྲས་ལ་དངོས་གནས་ཡིད་ཆེས་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསམ་པའི་མི་ནི་དོན་དངོས་སྟེང་ཧ་ཅང་ཉུང་ཉུང་རེད། ཡང་ངས་འདི་ལྟར་བཤད་ན་ཚང་མ་སྐྱོ་སྣང་སྐྱེ་སྲིད་ཀྱང་། དོན་དངོས་སམ་རྒྱུ་མཚན་ཤེས་པའི་མི་དག་གིས་གནས་ཚུལ་འདི་དག་ཤེས་གསལ་ཡིན། དེང་སྐབས་འོད་སྟོང་འབར་བར་སྣང་བའི་རྒྱབ་ལྗོངས་དག་ན། མུན་ནག་གི་གྲིབ་གཟུགས་མང་པོ་སྦས་ནས་ཡོད། དེས་ན་གྲིབ་གཟུགས་འདི་དག་གི་རྩ་བ་ཅི་ཞིག་རེད་ཅེ་ན། མི་རྣམས་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པས་ཡིན་ངེས།
༢ སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་པ།
ཡང་དག་པའི་ལས་རྒྱུ་འབྲས་ཀྱི་ལྟ་བ་ཞིག་འཛུགས་དགོས་ན། སྔོན་དུ་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་དགོས། དེས་ན་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་ཆོག་པའི་བདེན་དཔང་ཡོད་དམ་མེད་ཟེར་ན། དངོས་གནས་ཡོད། ནང་བསྟན་གྱི་བཀའ་བསྟན་མང་པོའི་ནང་ན་འདང་ངེས་པའི་བདེན་དཔང་ཡོད། མི་ཤི་རྗེས་ངེས་པར་སྐྱེ་བ་ཕྱི་མ་ཡོད་པ་རེད་མ་གཏོགས། མེ་ཤི་བ་དང་ཆུ་སྐམ་སོང་བ་ལྟ་བུའི་ཅི་ཡང་མེད་པ་ནི་མ་ཡིན་ཏེ། ཚན་རིག་པ་ཉིག་ཁྲིན(New ton)གྱིས་ཀྱང་། མི་ཤི་རྗེས་རྣམ་ཤེས་གནས་ཡོད་པ་རེད། ཅེས་དང་། ད་དུང་ཨེ་དབྱིན་སི་ཐན།(Eins tein) རཱ་སོ། (Russell)ལོའུ་ཞུན་(鲁迅)སོགས་ཀྱིས་ཆེས་མཐར་ཐུག་དང་ཞིབ་གསལ་གྱི་སྒོ་ནས། ནང་བསྟན་ལ་ཞིབ་འཇུག་བྱེད་ཐུབ་མེད་ན་ཡང་། རྒྱུ་འབྲས་ཀྱི་རྣམ་གཞག་ཙམ་ཁོང་ཚོས་ཀྱང་ཁས་བླངས་ཡོད། དེང་སྐབས་ཀྱི་ཚན་རྩལ་གྱི་ནང་ཁོངས་སུ་རགས་པའི་འཇིག་རྟེན་ནམ། ཕྲ་བའི་འཇིག་རྟེན་གང་ཡིན་རུང་གཙོ་བོ་ཞིབ་འཇུག་བྱེད་ས་ནི། ཕྱི་རོལ་གྱི་དངོས་པོ་ཡིན། ནང་སེམས་སམ་ཡིད་ཤེས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་ཐད་ལ། ཚན་རྩལ་ཤིན་ཏུ་དར་བའི་དེང་སྐབས་ཀྱང་ལོང་བ་ལྟ་བུར་གྱུར་ཡོད་པས། ཚན་རིག་པ་མང་པོས་འདི་ལ་དགག་པ་དང་སྒྲུབ་པ་གཉིས་ཀ་བྱས་མེད། ང་རང་གི་ངོས་ཐད་ནས་བཤད་ན་ལྟ་རྒྱ་མཐོང་རྒྱ་ཆེ་བ་མ་ཡིན་རུང་། འོན་ཀྱང་མཐོང་ཐོས་ཅུང་ཙམ་མེད་པའང་མ་ཡིན་པས། ངས་གནའ་དེང་གི་རྒྱལ་ཁབ་ཕྱི་ནང་གི་སེམས་ཁམས་རིག་པ་བ་དང་། ཚད་རྡུལ་ནུས་ཤུགས་རིག་པ་བ། དངོས་ལུགས་རིག་པ་བ་དག་གི་དཔེ་ཆའང་མི་ཉུང་བ་ཞིག་ལ་ལྟ་རྟོག་བྱས་མྱོང་། དེའི་བརྒྱུད་རིམ་ཁྲོད་ཆེས་སླ་བོས་ངོ་ཤེས་པ་ཞིག་ལ་ཚན་རིག་ཟེར་བ་ནི། དོན་ལ་ལ་ཞིག་གི་སྟེང་ནས་མི་རྣམས་ལ་ཤིན་ཏུ་སྟབས་བདེ་བསྐྲུན་པ་དང་། དེང་རབས་འཚོ་བའི་ཆུ་ཚད་ལའང་ཆེས་མྱུར་བའི་མཐོར་འདེགས་ཆེན་པོ་བྱས་ཡོད་པ་རེད། ཡིན་ན་ཡང་། ནང་སེམས་ཀྱི་ཁྱབ་ཁོངས་འདི་ལ་ཁཱོལ་གྷོའུ་སི་ཏྲ་བུ་ཡཱང(Carl Gustav Jung)སོགས་ལྟ་བུ་ཉུང་ཤས་ཤིག་ལ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་འགའ་ཞིག་གམ། བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་པའི་སྟོབས་ཀྱིས་མི་ཤི་རྗེས་རྣམ་ཤེས་གནས་ཡོད་པ་གཟོད་ཁས་ལེན་པ་ཙམ་མ་གཏོགས། གཞན་ཚན་རིག་པ་མང་ཆེ་བས། ད་དུང་ཡང་གནས་འདི་ཇི་བཞིན་རྟོགས་པའི་སྡོམ་ཚིག་བཀོད་ཡོད་པ་མ་རེད། དེ་རིང་། ངས་རྒྱ་ནག་གི་ཆེས་མཐོའི་ཚན་རྩལ་ལྟེ་གནས་སུ། ཤེས་ཡོན་ཕུན་སུམ་ཚོགས་པ་མངའ་བའི་མཁས་པ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་སྐབས། གལ་ཏེ་ཁྱེད་ཚོའི་ནང་རྒྱུ་མཚན་ཡང་དག་པས་སྐྱེ་བ་སྔ་ཕྱི་མེད་པ་སྒྲུབ་པར་ཐུབ་པའི་མི་ཡོད་ན། ང་ཚོ་ནང་བ་པས་ཀྱང་སངས་རྒྱས་ཀྱི་ལྟ་བ་འདི་ངེས་པར་ཁས་ལེན་དགོས། ཞེས་རང་ལྟ་མཁྲེགས་འཛིན་མི་བྱེད། ཡོ་ཟུར་མེད་པའི་དྲང་བདེན་གྱི་ལངས་ཕྱོགས་བཟུང་སྟེ། སུ་ཞིག་གི་གྲུབ་མཐའ་ལ་བདེན་དོན་ཡོད་ན་ང་ཚོས་དེ་ལ་སྲུང་སྐྱོབ་བྱེད་ངེས་ཡིན། སྤྱིར་སངས་རྒྱས་ཀྱིས་གསུངས་བའི་བདེན་དོན་དེ་ནི། མི་ལོ༢༥༠༠ལྷག་གི་སྔོན་ལ་རྒྱ་གར་གྱི་རྒྱལ་པོ་ཟས་གཙང་མའི་སྲས། རྒྱལ་བུ་དོན་འགྲུབ་རབ་ཏུ་བྱུང་ནས་དཀའ་བ་སྤྱད་དེ། མཐར་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་སངས་རྒྱས་པའི་ཚུལ་བསྟན། དེའི་རྗེས་ནས་ལོ་བཞི་བཅུ་ཞེ་དགུར་དམ་པའི་ཆོས་གསུངས། ཁོང་གིས་བདུད་རྩི་ལྟ་བུའི་བསམ་བློ་མི་རབས་རྗེས་མ་དག་ལ་བཞག་པ་རེད། དེ་ཕྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། དངོས་གནས་མི་དངོས་དང་དོན་དངོས་ཡིན་ལ། བོད་ཡུལ་ན་ད་ལྟ་པོད་བརྒྱ་དང་བརྒྱད་ཀྱི་བཀའ་འགྱུར་ཡོད་པ་རེད། ཚང་མ་སངས་རྒྱས་ཀྱི་ཤེས་རབ་ཀྱི་ཉིང་ཁུ་རེད། དེ་ལ་ང་ཚོ་ཡིན་ན་ཕྱིར་མི་ལྡོག་པའི་དད་པ་ཡོད། འོན་ཀྱང་དད་པ་ཁོ་ན་ལ་བརྟེན་པ་ཙམ་གྱིས་རང་ཉིད་ཀྱི་གྲུབ་མཐའ་འཛུགས་ཐུབ་པ་མ་རེད། ཡང་དག་པའི་ལྟ་བ་ཞིག་འཛུགས་དགོས་ན། ངེས་པར་ཤེས་རབ་ཀྱི་སྒོ་ནས་གླེང་མོལ་དང་། ཞིབ་བསྡུར། རྩོད་པ་བྱེད་དགོས་པ་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ལ། བདེན་དོན་ངོ་ཤེས་པའི་ཕྱོགས་ལ་སྔོན་ནས་ཁྱད་ཆོས་ཡག་པོ་ཞིག་ཡོད་པ་དེ་ནི་ཕན་ཚུན་ལ་བརྒལ་བརྟག་གི་སྒོ་ནས་རྩོད་པ་བྱས་ཏེ། གཏན་ལ་འབེབས་པ་ཡིན། རྩོད་པའི་སྐབས་ན་ཁྱོད་རང་ཉིད་ཀྱི་ཆེས་རྣོ་བའི་ཤེས་རབ་ཀྱིས་ཕ་རོལ་པོར་དགག་པ་བྱས་ཤིང་། ཕ་རོལ་པོས་ཀྱང་སྒྲུབ་བྱེད་ཡང་དག་ལ་བརྟེན་ནས་རང་ཉིད་ཀྱི་ལྟ་བ་དམ་བཅའ་འཛིན་པར་བྱེད་པ་ཡིན། དེ་ནི་ནང་གི་དོགས་པ་སེལ་བའི་ཆེས་སྟོབས་ལྡན་གྱི་བྱེད་ཐབས་ཕུལ་དུ་ཕྱིན་པ་ཞིག་ཡིན། དེ་རིང་འདི་ནས་རྣམ་པ་ཚོར་དྲི་བ་ཡོད་ན་འཛེམ་བག་མེད་པར་ཐོན་ཤོག་དང་། ངས་ཀྱང་ཐད་ཀར་དུ། དྲང་མོ་དྲང་བཞག་གིས་ཁྱེད་ཚོར་བགྲོ་གླེང་བྱེད་ངེས་ཡིན། འདི་ནི་གོ་སྐབས་ཡག་པོའམ་ཐབས་ཤེས་བཟང་པོ་ཞིག་ཀྱང་ཡིན།
༣ སེམས་ཅན་ཡོད་ཚད་བྱམས་དང་སྙིང་རྗེས་སྐྱོང་དགོས་ཚུལ།
དེང་གི་སྤྱི་ཚོགས་ལ་ཤིན་ཏུ་མཁོ་གལ་ཆེ་བ་ནི་མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་གསུངས་པའི་གདོད་མའི་སངས་རྒྱས་ཆོས་ལུགས་རེད། ནང་ཆོས་ཀྱི་སྙིང་དོན་མདོར་བསྡུས་ན་ཤེས་རབ་དང་བྱམས་སྙིང་རྗེ་ཡིན། ནང་བསྟན་གྱི་བྱམས་སྙིང་རྗེས་སེམས་ཅན་མ་ལུས་པར་ཁྱབ་པར་བྱས་ཡོད། རྒྱ་ཆེ་ས་ནས་བཤད་ན་ནང་ཆོས་འདི་དང་ཡེ་ཤུའི་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཀྱི་གཞན་ཕན་དགེ་སྒྲུབ་ལ་ཁྱད་པར་ངེས་ཅན་ཡོད་པ་རེད། ནང་བསྟན་གྱི་འདྲ་མཚུངས་ཀྱི་ལྟ་བའམ། བྱམས་སྙིང་རྗེའི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་གང་ཡིན་ཡང་། ཚེ་སྲོག་ཚང་མར་འདྲ་མཚུངས་ཀྱི་ལྟ་བ་དང་། ཐ་ན་དགྲ་བོ་ལ་ཡང་བརྩེ་བས་སྐྱོང་བ་ཡིན། འདི་འདྲའི་བསམ་བློ་ལ་སྙིང་རྗེ་ཆེན་པོ་ཡང་ཟེར་བ་རེད། འདི་ལྟ་བུའི་སྙིང་རྗེ་ནི། གཞན་པའི་ཆོས་ལུགས་དང་།

日期: 2012-09-12

来自: ཨ་མའི་གླེབས་རིལ།

主题: ཆོས་སྲིད་ཟུང་འཇུག

༆ ། ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ལས། ༤༽
ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
ཕ་མ་ལ་གུས་བཀུར་མི་བྱེད་པ་དང་གཡོག་དང་གླ་པ་སོགས་ལ་ལས་གླ་མི་སྦྱིན་པ་དག་ལོག་པར་འཚོ་བའི་མི་སྲུན་པའི་ནང་དུ་བསྡུས་ནས་འོས་འཚམ་གྱི་ཆད་པ་གཅོད་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཆོས་དང་ལྡན་པའི་ཁམས་ན་ཕ་དང་མ་རྒས་པ་ལ་མ་གུས་ཤིང་ཕར་མི་ཤེས་པ་དང་། མར་མི་ཤེས་པ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པའམ་ཞོ་ཤས་འཚོ་བ་དག་ལ་ལེགས་པར་བགོ་བཤའ་མི་བྱེད་ཅིང་། ལས་ཆེན་པོ་དང་ལས་ངན་པས་ཤིན་ཏུ་ཉོན་མོངས་པར་བྱེད་པ་དེ་དག་མི་སྲུན་པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་འཚོ་བའི་ཕྱོགས་མི་སྲུན་པའི་ནང་དུའོ། །
དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཕན་འདོགས་པའི་སེམས་ཅན་རྣམས་ལ་སྦྱིན་པར་བགྱི་བའི་ཆོས་བགོ་བཤའ་བགྱི་བར་འོས་པ་དག་ལ། བགོ་བཤའ་མི་བགྱིད་ཅིང་གཅིག་ཏུ་སྤྱོད་པ་འདི་ནི་ལོག་པས་འཚོ་བ་ཆེན་པོ་ལགས་པའི་སླད་དུའོ། །
ཞེས་གསུངས་སོ། །
དགེ་སློང་ངམ་མཁས་པ་དང་གྲུབ་པ་བཀུར་བར་འོས་པ་དག་ལ་བརྙས་བཅོས་བྱས་ན་ཆད་པ་གཅོད་དགོས་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་སློང་བའི་དགེ་སློང་དང་བྲམ་ཟེ་འོང་ཞིང་འདུ་བ་དག་གི་མདུན་ནས་མི་རིགས་ཤིང་བརླང་བའི་ཚིག་གིས་མི་སྙན་པར་བརྗོད་པ་དང་། གཤེ་བ་དང་བརྒྱད་བཀག་པ་དང་ཆེད་དུ་བོས་ཤིང་ཟན་གཅོད་པའམ། ཆོས་དང་འགལ་བའི་ཁ་ཟས་སྟོབས་པའམ། དབྱུག་པའམ་རྡོས་འཚོག་པའམ། ལག་པས་བརྡེག་པའམ། མཚོན་གྱིས་འདེབས་པ་དེ་དག་མི་སྲུན་པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པའི་མི་སྲུན་པའི་ཕྱོགས་སུའོ། དེ་ཅིའི་སླད་དུ་ཞེ་ན། རིམ་གྲོ་བགྱི་བའི་འོས་རྣམས་ལ་རིམ་གྲོ་མི་བགྱིད་པ་ནི་ལོག་པར་ཞུགས་པ་ཆེན་པོ་ལགས་པའི་སླད་དུ་སྟེ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་དེ་ལྟ་བུས་ནི་ལྷ་རྣམས་ཀྱང་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། དེས་མུ་གེའི་དགོན་པ་ཉམ་ང་བར་འགྱུར་ཞིང་མི་མ་ལགས་པ་རྣམས་ཀྱང་ཡམས་ཀྱི་ནད་དང་གནོད་པ་དང་། འགོ་བའི་ནད་གཏོང་བར་འགྱུར་ཏེ། དེས་སེམས་ཅན་རྣམས་ཡམས་ཀྱི་ནད་ཅན། གནོད་པ་ཅན། ནད་འགོ་བ་ཅན་དུ་འགྱུར་ཞིང་ཚེ་ཡང་ཡོངས་སུ་འབྲི། ལོངས་སྤྱོད་ཀྱང་ཡོངས་སུ་འབྲི། ནད་མེད་པ་ཡང་ཡོངས་སུ་འབྲི་བར་འགྱུར་རོ། ཞེས་གསུངས་སོ། །
རྒྱལ་པོ་ཞེས་པ་སྐྱེ་བོ་ཐམས་ཅད་སྲུང་སྐྱོབ་བྱེད་པ་ཞིག་ཡིན་དགོས་པའི་ཕྱིར་སྲོག་ཐོག་གི་ཆད་པ་དང་མིག་སོགས་དབང་པོ་དང་རྐང་ལག་གཅོད་མི་རུང་བར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་ཅིའི་ཕྱིར་དབང་པོ་དང་ཡན་ལག་གཏུབ་ཅིང་ཉམས་པར་བྱ་བ་དང་། སེམས་ཅན་བསད་པར་མི་བྱ་བ་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་ཡང་གཡོན་ལ་གནས་པ་སྲོག་བཅད་པའམ། དབང་པོ་དང་ཡན་ལག་དང་ཉིང་ལག་དང་དབྲལ་བར་མི་སེམས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་རང་གི་ལས་ཀྱི་དབང་གིས་འཆི་ན་ཡང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་དུས་བགྱིས་ན་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་དང་། ཡུན་རིང་པོར་རྗེས་སུ་འབྲང་བའི་ཤ་འཁོན་དུ་འགྱུར་བ་མཐོང་བས་དེའི་སླད་དུ་སེམས་ཅན་དགུམ་པར་མ་བརྗོད་དེ། དབང་པོ་དང་། ཡན་ལག་དང་ཉིང་ལག་རྣམས་ཀྱང་ཕྱིར་གླན་དུ་མི་རུང་བས་དེའི་སླད་དུ་དེ་དག་གཏུབ་ཅིང་ཉམས་པར་བགྱི་བ་རུང་བར་མ་བརྗོད་ལགས་སོ། །
རྒྱལ་པོ་ཆེན་པོ་བཅིང་པ་དང་། གོ་རར་སྩལ་བཙལ་བ་ལ་སོགས་པ་ནི་བཅོས་སུ་རུང་བས་ན་དེའི་སླད་དུ་རུང་བར་བརྗོད་དོ། རྒྱལ་པོ་ནི་སྐྱེ་དགུ་ཐམས་ཅད་ཡོངས་སུ་སྐྱོང་བ་ལགས་ན། དེ་ལྟར་བགྱིས་ན་དེ་ཉིད་མ་བསྐྱངས་བར་འགྱུར་བས། དེའི་སླད་དུ། རྒྱལ་པོས་སྐྱེ་དགུ་ཡོངས་སུ་བསྐྱང་བ་ཡང་རྫོགས་པར་མ་བགྱིས་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དགུམ་པ་དང་། དབང་པོ་དང་ཡན་ལག་དང་། ཉིང་ལག་གཏུབ་ཅིང་ཉམས་པར་བགྱི་བ་ནི་སྐྱེ་དགུ་མ་འོས་པར་སྐྱོ་བར་འགྱུར་བའི་གནས་ལགས་ཏེ། དེ་ནི་ཆོས་དང་ལྡན་པའི་རྒྱལ་པོས་བགྱི་བ་མ་ལགས་སོ། ཞེས་གསུངས་སོ། །
དོན་འདི་ལྟ་བུ་ལ་དགོངས་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་འབངས་རྣམས་ཀྱིས་ཁྲིམས་འགལ་བྱས་པ་ལ་ཡན་ལག་གཅོད་པ་དང་སྲོག་ཐོག་གི་ཆད་པ་མི་གཅོད་པར་བཅས་ཏེ། རྦ་བཞེད་ལས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་དབྱུང་། མོ་སྣ་མི་བཅད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་བསྩལ་བ་བཀར་བཏགས། ཞེས་གསུངས་སོ། །
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། སྐྱེ་རྒུ་བདེ་བར་བྱེད་པ་འཚོ་ཚིས་ཡིན།། མི་བདེ་འཕེལ་བ་འགོག་པ་ཁྲིམས་ཡིན་པས།། འཇིག་རྟེན་བདེ་བར་འཚོ་དང་ཁྲིམས་ཀྱི་ལས།། གཉིས་ཀྱི་སྒོ་ནས་སྐྱེ་རྒུ་སྲུང་བར་བྱེད།། ཞེས་རྒྱལ་པོས་རྒྱལ་སྲིད་ཁྲིམས་ཀྱི་སྒོ་ནས་བསྐྱང་དགོས་པར་གསུངས་ཤིང་། ཁྲིམས་དེའང་ཕྱོགས་ལྷུང་མེད་པར་མི་ཐམས་ཅད་ལ་འདྲ་མཉམ་བྱ་དགོས་པར་གསུངས་ཏེ། དེ་ཉིད་ལས། ཁྲལ་དང་ཁྲིམས་དང་སྲུང་ཚུལ་རྣམས།། ཉེ་རིང་བྱས་ན་མི་མཉམ་ཡིན།། རྒྱལ་པོས་རང་གི་ཡུལ་ཁམས་རྣམས།། དགྲ་དང་གནོད་པ་ཕོངས་པའི་ཕྱོགས།། རྣམས་ལས་ཇི་ལྟར་ནུས་པར་བསྲུང་།། གཅིག་མ་བསྲུངས་ཀྱང་རྒྱལ་པོ་མིན།། ཐབས་ནི་གང་གིས་བསྲུང་ཞེ་ན།། རང་དོན་མི་ཤེས་ནུས་མེད་རྣམས།། འདི་བྱོས་འདི་ལས་མ་འགལ་ཞེས།། ཁྲིམས་ལས་འགལ་ན་སུ་རུང་།། མཚུངས་པར་ཆད་པས་བཅད་བྱ་ཡི།། འགའ་ལའང་ཡང་བར་མི་བྱ་སྟེ།། དེ་ལྟར་བྱས་ན་ཁྲིམས་སྙོམས་སོ།། ཁྲིམས་ནི་སྙོམས་པར་བྱས་ནས་སུ།། སྐྱེ་རྒུ་བདེ་བར་བསྐྱང་བའི་ཕྱིར།། ཞེས་དང་། ཁྲིམས་ཀྱི་ཞལ་ལྕེ་གཅོད་ལུགས་རྣམས།། སྔོན་བྱུང་རྒྱལ་པོ་མཁས་རྣམས་ཀྱི།། བཀའ་ཁྲིམས་བཞིན་དུ་འཚམས་པར་སྦྱར།། ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད།། དྲང་པོ་གནམ་གྱི་ཐིག་ཡིན་པས།། ལས་འབྲས་མངོན་སུམ་སྟོན་པ་དང་།། འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད།། འགལ་ན་རྒྱལ་པོའི་བུ་ཡང་ཕམ།། བསྲུངས་ན་གྲོང་གི་དབུལ་པོ་རྒྱལ།། ཀླད་པར་གནམ་ལྕགས་བབ་པ་ལྟར།། མི་ཁུར་དབང་མེད་ཁྲིམས་ཞེས་བྱ།། སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ།། ཁས་ཞན་དབུལ་པོར་ལྕིར་འགྱུར་བ།། དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ།། འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས།། ཞེས་དང་། རྒྱལ་པོ་ཞེས་པའི་མིང་དེ་ཡང་།། ཁྲིམས་ཀྱི་བདག་པོར་བྱས་པས་ཐོབ།། ཁྲིམས་ནི་ལུགས་བཞིན་མི་གཅོད་ན།། རྒྱལ་པོ་ཡོད་ཀྱང་མེད་དང་མཚུངས།། རང་ཉིད་ཁྲིམས་བདག་གྱུར་པ་ན།། དགྲ་ལའང་ཁྲིམས་ནི་ལུགས་བཞིན་གཅོད།། གནོད་པ་བྱེད་ཀྱང་དུས་གཞན་བྱ།། མཁས་པའི་ཁྲིམས་ལ་ཉེ་རིང་མེད།། ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ།། ཆོས་བཞིན་བྱེད་རྣམས་བག་ཕེབས་ལ།། ཆོས་མིན་བྱེད་རྣམས་བག་ཡོད་འགྱུར།། ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས།། ཉེས་པ་ཅན་ལ་འོས་པ་ཡི།། ཆད་པས་བཅད་པ་ཐོས་ན་ཡང་།། སྐྱེ་བོ་བཟང་རྣམས་དབུགས་འབྱིན་ཅིང་།། ངན་པ་རྣམས་ཀྱང་སྐྲག་པར་འགྱུར།། ཉེས་ཅན་ཆད་པ་མེད་ཐོས་ཚེ།། ཡ་རབས་རྣམས་ཀྱང་བག་ཟ་ཞིང་།། མ་རབས་རྣམས་ལ་བག་མེད་སྒོ།། འབྱེད་པའི་ཉེར་བསྡོགས་བཞིན་དུ་འགྱུར།། ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི།། སུས་ཀྱང་འདའ་བར་མི་ནུས་པས།། སྐྱེ་རྒུ་ཀུན་གྱི་ཕྲག་པ་ལ།། ལྕི་ཞེས་བྱ་བར་བཤད་པ་སྟེ།། ཡ་རབས་ལུགས་དང་ལྡན་པ་དག། རང་བཞིན་བཟང་པོའི་ལམ་གནས་ལ།། ནམ་ཡང་ཁྲིམས་ཆད་མི་འབབ་པས།། དེ་དག་རྣམས་ལ་ཡང་ཞེས་བྱ།། ཁྲིམས་ནི་སྐྱེ་རྒུ་བདེ་ཐབས་ཏེ།། མཁས་པ་རྣམས་ཀྱིས་དེ་ཉིད་ལ།། ཁུར་དུ་ལྕི་བར་མི་འཛིན་ཞིང་།། བགྱི་བར་དཀའ་བ་མེད་ཕྱིར་རོ།། དེ་ཕྱིར་རང་དོན་གྱིས་བཞག་པའི།། འོས་མིན་ཁྲིམས་སུ་མ་བཅས་པས།། ལུགས་དང་མཐུན་པའི་ཁྲིམས་དེ་ནི།། ཡ་རབས་རྣམས་ལ་ཤིན་ཏུ་ཡང་།། སྐྱེ་རྒུ་ལས་ཀྱིས་མནར་རྣམས་ལ།། ཚེ་འདིར་རང་གིས་ཉེས་བྱས་ཀྱིས།། ཁྲིམས་འདི་ཁུར་དུ་ལྕི་བ་ཡི།། ཚུལ་དུ་སེམས་པ་རང་སྐྱོན་ཡིན།། མི་དགེའི་ལས་ལམ་འཇུག་རྣམས་ལ།། ཚེ་འདིར་རྒྱལ་པོའི་ཁྲིམས་ལས་ནི།། བརྒྱ་སྟོང་འགྱུར་དུ་ལྷག་པ་ཡི།། རྣམ་སྨིན་མྱོང་བ་རང་གིས་བྱས།། དེ་ཕྱིར་ལུགས་དང་མཐུན་པ་ཡི།། རྒྱལ་ཁྲིམས་ལྕི་ལ་ཡང་ཞེས་བྱ།། དེ་འདྲའི་རྒྱལ་ཁྲིམས་ཡོད་པའི་ཕྱོགས།། སྐྱེ་བོ་མཐའ་དག་བདེ་བ་ཡིན།། སྙིགས་དུས་རྒྱལ་རིགས་མི་སྲུན་རྣམས།། གཟུགས་འཚོང་སྡུད་དང་སྤོག་གཏད་དང་།། རྔོན་བཀྱེ་སྙད་འཚོལ་ནོར་འཕྲོག་དང་།། ཚུལ་མིན་ལས་ལ་སྦྱར་ནས་སུ།། འོས་མེད་དཔྱ་དང་ལས་ཁྲལ་སོགས།། ཅུང་ཟད་འདས་ལའང་ཆེར་མནར་བ།། ཡ་རབས་མ་རབས་སུ་ལའང་།། ལྕི་ཕྱིར་ཁྲིམས་ལུགས་མིན་ཤེས་བྱ།། ཆོས་ཁྲིམས་དར་གྱི་མདུད་པ་ནི།། དམ་ཞིང་ལྷོད་པའང་དེ་འདྲ་སྟེ།། འདི་ཕྱིར་བདེ་བ་ཆོས་ཀྱི་ཁྲིམས།། དམ་ན་རང་རྒྱུད་གྲོལ་བར་བྱེད།། གང་ཞིག་ལྷོད་ཅིང་བག་མེད་པ།། དེ་ནི་འཆིང་བ་མི་བཟད་བརྒྱས།། ཤིན་ཏུ་དམ་པོར་བཅིང་བ་དེ།། ལྷོད་པོར་བྱེད་པ་ཆོས་ཁྲིམས་ཡིན།། དེ་ཕྱིར་ཡ་རབས་དམ་པ་རྣམས།། ཆོས་ཀྱི་ཁྲིམས་འདིས་ལྷོད་པའམ།། བདེ་བར་བག་ཕེབ་བྱེད་ན་ཡང་།། འཆལ་བ་རྣམས་ཀྱིས་དམ་པོར་མཐོང་།། ཚུལ་མཐུན་གཙུག་ལག་ཟུང་གི་ཁྲིམས།། ཡ་རབས་རྣམས་ལ་གཉེན་དང་འདྲ།། མ་རབས་རྣམས་ལ་དགྲ་འདྲ་ཡང་།། ཁྲིམས་ཀྱི་སྐྱོན་མིན་རང་སྐྱོན་ཡིན།། དེ་སླད་རྒྱལ་པོ་མཆོག་རྣམས་ཀྱིས།། གཙུག་ལག་ཟུང་དང་མི་མཐུན་པ།། རང་འདོད་གདུག་པས་བཞག་པ་ཡི།། ཁྲིམས་རྣམས་དུག་བཞིན་སྤང་བར་བྱ།། འདི་ཕྱིར་ཕན་དང་བདེ་བ་ཡི།། ལུགས་ཟུང་ཁྲིམས་ཚུལ་ལེགས་བསྐྱངས་ན།། རྒྱལ་པོ་རང་གི་བདེ་འབྱོར་དང་།། སྙན་གྲགས་འབད་མེད་ལྷུན་གྱིས་གྲུབ།། ཞེས་གསུངས་སོ། །
གསུམ་པ་དཔལ་འབྱོར་ནི། ཡུལ་དེ་ན་ཡོད་པའི་དཔལ་འབྱོར་གྱི་ལོངས་སྤྱོད་དག་རྒྱལ་པོ་དང་འབངས་ཀྱི་ཐུན་མོང་ཡིན་གྱི། ཕྱོགས་གཅིག་ཁོ་ནས་མ་ཡིན་པར་གསུངས་ཏེ། སྨྲས་པ། བྲམ་ཟེ་རྒྱལ་པོའི་ཁམས་ན་ལོངས་སྤྱོད་ཀྱི་འབྲས་བུ་འདུ་བ་ཡོད་པ་དེ་དག་རྒྱལ་པོ་རང་གི་ཡིན་ཞེས་བྱའམ། གཞན་གྱི་ཡིན་ཞེས་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་རང་གི་ཡང་མ་ལགས། གཞན་གྱི་ཡང་མ་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། གཞན་དག་ནི་རང་གི་ལག་མཐུས་བསྒྲུབས་པས་ན་རང་གི་མ་ལགས་སོ། །
རྒྱལ་པོས་ཡོངས་སུ་བསྲུངས་ཤིང་དེ་དག་གིས་ཀྱང་དེ་མངའ་བར་བཏགས་པས་གཞན་གྱི་མ་ལགས་སོ། །
ཞེས་གསུངས་སོ། །
རྒྱལ་པོས་དཔྱ་ཁྲལ་བསྡུ་ཚུལ་ནི། འབངས་རྣམས་ལས་ནོར་རྫས་ཡོད་པ་རྣམས་ཀྱི་ལག་ནས་རྒྱལ་པོས་དཔྱ་ཁྲལ་བླང་ཆོག་སྟེ། རྒྱལ་པོས་དེ་རྣམས་སྲུང་སྐྱོབ་བྱེད་པའི་གླ་རྔན་ཙམ་ཡིན་པས་ཉེས་པ་མེད་པར་གསུངས་ཏེ། དེ་ཉིད་ལས། སྨྲས་པ། བྲམ་ཟེ་གལ་ཏེ་སྐྱེ་དགུ་ལ་ལོངས་སྤྱོད་ཡོད་བཞིན་དུ་ལོངས་སྤྱོད་ཀྱི་རྒྱུ་དཔྱ་དབུལ་བའི་རིགས་པ་རྒྱལ་པོ་ལ་དབུལ་དུ་མི་བཏུབ་ན། དེས་དེ་དག་གི་མ་བྱིན་པར་ལེན་པར་འགྱུར་ཞེས་བྱའམ་མི་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་མི་འགྱུར་ཏེ། གལ་ཏེ་ལོངས་སྤྱོད་མཆིས་བཞིན་མི་སྟེར་ན་སེར་སྣ་ལས་བྱུང་བའི་ཁ་ན་མ་ཐོ་བ་དང་བསོད་ནམས་མ་ལགས་པ་ནི་ཆེར་འཕེལ་ལོ། །
སྨྲས་པ། བྲམ་ཟེ་གལ་ཏེ་ལོངས་སྤྱོད་ཡོད་བཞིན་དུ་ལོངས་སྤྱོད་ཀྱི་རྒྱུ་དཔྱ་དབུལ་བའི་རིགས་པ་འབུལ་དུ་མི་བཏུབ་པ་ལ་རྒྱལ་པོས་ནན་གྱིས་མནན་ཏེ་དབུལ་དུ་བཅུག་ན་དེས་དེའི་མ་བྱིན་པར་ལེན་པ་ཞེས་བྱའམ་མི་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་གླ་རྔན་བསྒྲུབ་པའི་དཔེའི་ཚུལ་གྱིས་མ་བྱིན་པར་ལེན་པ་ཞེས་མི་བགྱིའོ། །
ཞེས་གསུངས་སོ། །
མུར་འགོད།

条目: 25 - 36 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112