འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

Photo Gallery: 主页

/album/photo%20gallery%3a%20%e4%b8%bb%e9%a1%b5/a7216888581-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a41538676037-gif/
/album/photo%20gallery%3a%20%e4%b8%bb%e9%a1%b5/a55a0dd809f39f1936d81196a-jpg/
/album/photo%20gallery%3a%20%e4%b8%bb%e9%a1%b5/a92054217948-jpg/

སྐད་དང་ཡི་གེ

日期: 2011-10-25

来自: གངས་བུ་རྩེ་རྒྱལ།

主题: དགེ་བཅུའི་ཁྲིམས།

དགེ་བཅུའི་ཁྲིམས་ཀྱིས་ཇག་རྐུན་རྒྱུ་ལམ་གཅོད། །

དགེ་བཅུའི་ཁྲིམས་ཀྱིས་དམེ་ཤིའི་ཁྲག་རྒྱུན་གཅོད། །

དགེ་བཅུའི་ཁྲིམས་ཀྱིས་ལས་ངན་སྡིག་རྒྱུན་གཅོད། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

དགེ་བཅུའི་ཁྲིམས་ཀྱིས་རྫས་ངན་གད་སྙིགས་འཕྱག །

དགེ་བཅུའི་ཁྲིམས་ཀྱིས་འབགས་རྩོག་དྲི་མ་སེལ། །

དགེ་བཅུའི་ཁྲིམས་ཀྱིས་འཁོར་ཡུག་སྲུང་སྐྱོབས་བྱེད། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

དགེ་བཅུའི་ཁྲིམས་ཀྱིས་སྙིང་རྗེའི་མྱུ་གུ་འབུས། །

དགེ་བཅུའི་ཁྲིམས་ཀྱིས་འཚེ་མེད་སྤྱོད་པ་མཛེས། །

དགེ་བཅུའི་ཁྲིམས་ཀྱིས་འདི་ཕྱི་གཉིས་ཀར་འཚེངས། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

དགེ་བཅུའི་ཁྲིམས་ཀྱིས་བླ་མའི་དགོངས་པ་རྫོགས། །

དགེ་བཅུའི་ཁྲིམས་ཀྱིས་ཕ་མའི་དྲིན་ལན་སོད། །

དགེ་བཅུའི་ཁྲིམས་ཀྱིས་ཕུ་ནུའི་ཞེ་བློ་བདེ། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

དགེ་བཅུའི་ཁྲིམས་ཀྱིས་མི་ཡུལ་དག་ཞིང་བསྐྲུན། །

དགེ་བཅུའི་ཁྲིམས་ཀྱིས་ལྷ་ཡུལ་ཐེམ་སྐས་འཛུགས། །

དགེ་བཅུའི་ཁྲིམས་ཀྱིས་ཐར་བའི་ལམ་བཟང་སྟོན། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

དགེ་བཅུའི་ཁྲིམས་ནི་རང་སྲུང་ལྕགས་རི་ཡིན། །

དགེ་བཅུའི་ཁྲིམས་ནི་གཞན་ཕན་བདུད་རྩི་ཡིན། །

དགེ་བཅུའི་ཁྲིམས་ནི་དོན་གཉིས་ནོར་བུ་ཡིན། །

དེ་ཕྱིར་དགེ་བཅུའི་ཁྲིམས་ནི་མེད་མི་རུང་། །

༢༠༡༡་༡༠་༢༥ ཉིན་བྲིས།

日期: 2011-10-22

来自: གངས་བུ་རྩེ་རྒྱལ།

主题: སེང་འབྲུག་སྟག་རྩེའི་སློབ་གྲྭ

སེང་འབྲུག་སྟག་རྩེའི་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས། དེ་སྔོན་ཕྱུགས་ཟོག་ཁོ་ན་འཚོ་སྐྱོང་གིས་ནམ་ཟླ་སྐྱེལ་བའི་མགོ་ལོག་གི་འབྲོག་ཁུལ་ལ་མཚོན་ན་བྱིས་པ་ཕལ་མོ་ཆེ་དམ་པའི་ཆོས་ཀྱི་ཤེས་བྱ་ལྟ་ཅི་འཇིག་རྟེན་བླང་དོར་གྱི་ཤེས་བྱ་ཙམ་ཡང་སློབ་པའི་གོ་སྐབས་ཀྱིས་དབེན་ན། དེ་བས་ཀྱང་ཕ་མ་དང་བྲལ་བའི་ཉམ་ཐག་དྭ་ཕྲུག་དག་བཤད་མ་དགོས་པ་ཞིག་རེད། བདག་རང་ངོས་ནས་ཕ་ཡུལ་འབྲོག་ཕྱོགས་ཀྱི་བྱིས་པའི་སློབ་གསོའི་ཐད་ལ་འདིང་རེ་རྒྱག་མྱོང་། སྟབས་ལེགས་པ་ཞིག་ལ་ཆོས་གྲོགས་ཀུན་བཟང་རྒྱལ་མཚན་མཆོག་དང་གྲོས་བྱས་ཏེ་ཞེ་བློ་གཅིག་མཐུན་གྱི་ཐོག་ནས་སློབ་གྲྭ་ཞིག་བསྒྲུབ་པར་གྲོས་བྱས་ཏེ་ཁུལ་དང་རྫོང་རིམ་པའི་ཆོག་མཆན་དང་རྒྱབ་སྐྱོར་ཐོབ་པའི་འོག་ནས་དྭ་ཕྲུག་གཙོ་བོར་གྱུར་པའི་སློབ་གྲྭ་འདི་བཙུགས་པ་ཡིན། དེ་ཡང་༡༩༩༩ལོའི་ཟླ་༩པར་སློབ་མགོ་དངོས་སུ་ཚུགས། ས་གནས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཁོངས་གཏོགས་གླིང་རྗེ་གེ་སར་གྱི་གདན་ས་སྐུ་མཁར་སེང་འབྲུག་སྟག་རྩེའི་གཞིས་སུ་ཡིན། སློབ་གྲྭའི་མདུན་ཕྱོགས་སུ་རྨ་ཆུ་དལ་བ་རིང་མོ་དལ་གྱིས་རྒྱུ་ཞིང་རྨ་ཡུལ་གྱི་ལུང་བ་ཆེ་ཆུང་མང་པོ་པད་མའི་འདབ་མ་བཞིན་བཀྲ་ཞིང་ཁ་སློབ་གྲྭའི་ཕྱོགས་སུ་འཁོར་ཡོད། སློབ་གྲྭའི་གཡས་གཡོན་དང་རྒྱབ་རི་ལ་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚན་པར་བཤད། གང་ལྟར་ཡང་དབྱར་དུས་སུ་རྨ་ཡུལ་མཐོང་བ་ཀུན་སྨོན་ཟེར་བ་འདི་ལོས་ཡིན་སྙམ་པའི་ཚོར་བ་རེ་སྟེར་ཐུབ། ད་ལྟ་སློབ་གྲྭ་འདི་སློབ་ཆུང་ལོ་རིམ་དྲུག་དང་དམའ་འབྲིང་ལོ་རིམ་གསུམ་སྟེ་ལོ་རིམ་དགུ་ལས་གྲུབ་ཡོད། སློབ་གྲྭ་འདིར་ཡུལ་དུས་དང་བསྟུན་ན་སློབ་འབྲས་མི་དམན་པ་ཐོན་ཡོད། ཁྱད་པར་དུ་སྲོལ་རྒྱུན་རིག་གནས་ཐད་སྐད་གྲགས་ཅུང་ཟད་ཡོད།འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་བརྒྱ་ཕྲག་ལྷག་པེ་ཅིན་མི་རིགས་སློབ་གྲྭ ནུབ་བྱང་མི་རིགས་སློབ་གྲྭ སི་ཁྲོན་བོད་ཡིག་སློབ་གྲྭ ལྷ་ས་སྟོད་ལུང་བདེ་ཆེན་སློབ་གྲྭ རྨ་ལྷོ་གསོ་རིག་སློབ་གྲྭ མཚོ་ལྷོ་གསོ་རིག་སློབ་གྲྭ མགོ་ལོག་དགེ་འོས་སློབ་གྲྭ་སོགས་སུ་བཏང་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། ད་རུང་ཕུལ་བྱུང་གི་སློབ་མ་གཉིས་ཨ་རིའི་རྒྱལ་ཁབ་ཏུ་སློབ་སྦྱོང་དུ་སོང་ཡོད། ལོ་རེ་བཞིན་འཛིན་གྲྭ་རེ་མཐར་ཕྱིན་པ་དང་མཉམ་དུ་འཛིན་གྲྭ་རེ་བསྡུ་བཞིན་ཡོད་པས་རྒྱུན་ལྡན་སློབ་མ་༣༢༠ཡས་མས་དང་དགེ་རྒན་ཉི་ཤུ་ལྷག་བཞུགས་ཡོད་ཅིང་སློབ་གྲྭའི་གཙོ་འགན་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་གྱིས་བཞེས་ཡོད་དོ། ། ཞེས་སེང་འབྲུག་སློབ་གྲྭའི་ངོ་སྤྲོད་ཙམ་དུ་མགར་ཐུབ་བསྟན་ནོར་བུ་ནས་༢༠༡༡ལོའི་ཟླ༡༠ཚེས་༢༡བྲིས་པའོ། ། །།

日期: 2011-09-24

来自: གངས་བུ་རྩེ་རྒྱལ།

主题: ལབ་གླེང་གཅེས་བཏུས།

ཀ ཨ་མ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་བསྩལ་བའི་དལ་འབྱོར་གྱི་མི་ལུས ། རིན་ཆེན་གྱི་ཚེ་སྲོག བརྩེ་བའི་བྱམས་སྐྱོང་། དགའ་བའི་འཛུམ་མདངས། ད་དུང་ཡོད་ཚད་ནས་ཡོད་ཚད་ལ་ཐུགས་རྗེ་ཆེ་ཞུ།
ཁ ངས་བསམ་ན་འུ་ཚང་གི་ཨ་མ་རྣམས་ནི་ཁྱིམ་ལས་ཙག་ཙིག་གི་བར་ནས་མི་ཚེ་ཟད་པར་མ་ཟད། མིའི་འཇིག་རྟེན་གྱི་ཐོབ་ཐང་དང་ཁེ་དབང་གཅིག་ཀྱང་རག་མེད་པར་འདོད།
ཀ དེ་ནི་ངོ་མ་དངོས་ཡོད་གནས་ཚུལ་ཞིག་རེད། འོན་ཀྱང་ཨ་མ་ནི་ཆེས་རླབས་ཆེ་ཞིང་སྒེར་སེམས་བྲལ་བའི་གང་ཟག་ཞིག་ཡིན་པས། ཨ་མས་ནམ་ཡང་ཁོང་མོའི་ལས་དབང་ལ་འཁང་ར་དང་འཚོ་བ་ལ་ལེ་བདའ་མེད་པར་ཁྱོ་གར་དུང་བའི་བཟའ་ཟླ་བཟང་མོ་ཞིག་དང་ཕྲུ་གུ་གཅེས་པའི་ཨ་མ་ཡག་མ་ཞིག་ཏུ་འབད་ནས་མི་ཚེ་སྐྱེལ་བ་རེད།
ཁ དེ་ནི་ངས་བསམ་ན་འུ་ཚང་གི་ཨ་མ་དག་གི་ནོར་འཁྲུལ་ཆེན་པོ་ཞིག་དང་གྱོང་རྒུད་ཞིག་ཀྱང་མ་ཡིན་ནམ། ཨ་མ་ནི་མིའི་རིགས་ཀྱིས་ཆེས་བཀུར་འོས་ཤིང་བརྩི་དགོས་པའི་མི་བུ་ཞིག་ཡིན་པ་ནི་གོར་མ་ཆག
ག དྲིན་ཟད་མཐའ་མེད་པའི།། མ་བྱམས་སེམས་ཅན་པོ།། ལུས་ན་ཚ་མེད་ཅིང་།། སེམས་སྐྱིད་པོ་བྱུང་ན།། བུ་སེམས་པ་བདེ་འགྲོ།།
ཀ འོན་ཀྱང་ཨ་མ་ལགས། ངས་ཁྱེད་ཀྱིས་གནང་བའི་བྱམས་སྐྱོང་དང་ཁྱེད་ཀྱིས་བསྩལ་བའི་མི་ལུས་དེ་ནམ་ཡང་ཆུད་ཟོས་གཏོང་མི་སྲིད་ལ་ངས་ཁྱེད་ཀྱི་ནུ་རིན་གྱི་ཆེད་དུ་ བྱམས་སྐྱོང་གི་སླད་དུ་ནམ་ཡང་མདུན་སྐྱོད་ཀྱི་གོམ་པ་འདོར་མི་སྲིད་ལ་དཔའ་མི་ཞུམ། ཉིན་ཞིག་ལ། ངས་ཁྱེད་ཀྱིས་གཅེས་པའི་བྱམས་སྐྱོང་དང་བསྩལ་བའི་མི་ལུས་ལ་རིན་ཐང་དང་དོན་སྙིང་ལྡན་པའི་ར་སྤྲོད་དེ་ཁྱེད་ལ་སྟོན་ངེས། ངས་ཁྱེད་ལ་ཁས་བླངས་བ་ཡིན།




ང དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི་ཡི་འབྱུང་ཁུང་ནི་མ་རྒན་དྲིན་ཆེན་མ་ཡིན་པས་ད་རིས་དུས་བཟང་འདི་ལ་སྐུ་ཚེ་ཡུན་དུ་བཞུགས་པའི་སྨོན་ལམ་ཡང་ནས་ཡང་དུ་ཞུ།

ག ངོ་མ་ཁས་ལེན་ཐག་ཉེ་ཞིག་རེད། དེ་ནི་མིའི་སེམས་བསམ་པའི་སྐད་ཆ་རྣལ་མ་ཞིག་ཡིན་པས་ཡིད་ཆེས་ཡོད།

ཅ མྱི་མང་བོ་ཞིག་གིས་རང་ཉིད་ཀྱི་ཨ་མའི་རིན་ཐང་གི་ཡོད་ཚད་ཐལ་བར་བརླགས་པའི་ལོ་རྒྱུས་མང་བོ་མཐོང་རྒྱུ་མོད་པས། ཨ་མ་ལགས་ཀྱིས་གཏོང་ཕོད་ཀྱི་ལྷག་བསམ་དེའང་དེ་ལྟར་ཆུ་ཟོས་སུ་བཏང་བ་རེད།

ཆ དྲིན་ཆེན་ཨ་མ་དྲན་པ་ནི་དོན་ཆེན་ཞིག་དང་འོས་འཚམས་ཤིག་ཡིན་ཀྱང་དེ་ལས་ཀྱང་གལ་ཆེ་བ་ནི་དྲིན་ལན་བསབ་རྒྱུ་ཡིན་པ་ཁྱེད་ཀྱིས་ལོས་མཁྱེན་དེ་འདྲ་བྱུང་ན་ཁྱེད་རང་ནི་མཛེས་མའི་སྟེང་ལ་མཛངས་མ་དངོས་གནས་ཞིག་ཡིན་པས་ནམ་ཡང་ཡིན་སྨོན་ཤོར་ས་ཅིག་རེད།

ངོ་དེབ་ལས་བཤུས།

日期: 2011-09-24

来自: གངས་བུ་རྩེ་རྒྱལ།

主题: དགེ་རྒན་རྣམས་ལ་ཕུལ་བའི་གཏམ།

བཀའ་དྲིན་ཅན་གྱི་དགེ་རྒན་རྣམ་པ་ལགས།
ཁྱེད་རྣམ་པ་ད་ལྟ་ལས་གནས་གང་དུ་བཞུགས་ཀྱང་རུང་། བདག་ལ་མཚོན་ན་བཀའ་དྲིན་གྱི་ཁུར་རབ་ཏུ་ལྕི་བའི་བདག་ཉིད་དེ།དེ་ཡང་འཇིག་རྟེན་གྱི་ཁ་དཔེར། ཉིན་གཅིག་གི་དགེ་རྒན་ཚེ་གཅིག་གི་ཕ་མ་ཞེས་པ་བཞིན། ངའི་གངས་དཀར་སེམས་ཀྱི་མེ་ལོང་ངོར་གསུབ་དཀའ་བའི་བག་ཆགས་ཤིག་བཞག་ཡོད། སྤྱིར་ལས་ཀྱི་དབང་གིས་འཇིག་རྟེན་མི་ཡུལ་དུ་ལྷགས་ཏེ་འབྱུང་བཞི་འདུས་པའི་ཕུང་པོ་སྒྱུ་མའི་གཡར་ཁང་འདི་ལ་བརྟེན་ནས་རེ་ཞིག་གནས་དགོས་པའི་ཚེ་ན། སྐབས་རེ་ནི་སྐྱིད་པའི་སྣང་བ་ཤར་ཏེ་དགོད་སྤྲོ། སྐབས་རེ་ནི་སྡུག་གི་མཆི་མ་ཤོར་ནས་ངུ་སྤྲོ། མདོར་ན། འཇིག་རྟེན་གྱི་བདེ་སྡུག དར་རྒུད་སོགས་བར་སྣང་གི་གློག་ལྟར་འགྱུར་བའི་རང་བཞིན་ཅན་ནོ། གང་ལྟར་ཀྱང་སད་དཀའ་བའི་ལས་སྣང་གི་རྨི་ལམ་རིང་མོ་འདི་མ་ཟད་ཀྱི་བར་དུ་འཁྲུལ་སྣང་དཀར་ནག་འདྲེས་མའི་ཁྲོད་ན། དགེ་རྒན་དམ་པ་ཁྱེད་ཀྱི་འགྱུར་བ་མེད་པའི་བྱམས་བརྩེ་དང་། དྲི་མ་མེད་པའི་ཤེས་རབ་ཀྱིས་བསྐྲུན་པའི་ཤེས་བྱ་རིག་པའི་སྣང་བ་དཀར་པོ་དེས་བདག་ལ་ལམ་སྟོན་དང་། སྐུལ་མ། སྐྱིད་ན་ང་རྒྱལ་གྱི་གོང་ནོན། སྡུག་ན་རང་སེམས་གསོ་བའི་སྐྱོ་གྲོགས་བྱེད་པ་སོགས་བཀའ་དྲིན་གྱི་ཕུང་པོ་གཞལ་དུ་མེད་དོ། ཨེ་མ་དགེ་རྒན་ལགས། བཀའ་དྲིན་ཆེ། སྐུ་ཁམས་བདེ་བརསྨོན།
ཞེས་པ་འདི་ནི་སྔར་རང་ཉིད་སློབ་གྲྭ་འགྲིམས་སྐབས་ཀྱི་དགེ་རྒན་རྣམས་ཡིད་ལ་དྲན་པས་རྐྱེན་བྱས། འཕྲལ་བྱུང་གང་ཤར་ བྲིས་སོ། །

日期: 2009-11-08

来自: གླེང་སྟེགས

主题: བོད་སྐད་ཡིག

བོད་ཀྱི་སྐད་ཡིག་སློབ་གསོ།

条目: 157 - 161 共 161

ངེད་དྲ་ཚིགས་ལ་ཕེབས་པར་དགའ་བསུ་བྱེད

བོད་ཀྱི་ལོ་རྒྱས་དང་རིག་གནས་ནི་་ཆས་ཕུན་སུམ་ཚོགས་པའི་འཛམ་གླིང་གི་ནོར་བུ་ལྟ་བུ་ཡིན།

 

གསར་འགྱུར།

2009-11-21 19:25

ཚན་རྩལ།

  བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ རྣམ་པའི་ཁེ་ལས་ཤིག་ཡིན་ལ།ཀུང་སིའི་ཁོངས་མི་དག་ཡང་ཆེད་ལས་ལག་རྩལ་རྩེར་སོན་པ་དང་ མི་རིགས་དང་རིག་གནས་ལ་བློ་དཀར་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་འདུ་ཤེས་ཟབ་པས།  རྒྱུན་དུ་བོད་ཡིག་མཉེན་ཆས་གསར་སྤེལ་དང་།བོད་ཡིག་གློག་རྡུལ་ཐོན་ར
2009-11-21 17:17

བརྡ་སྤྱོར།

  དུས་རབས་གསར་བའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་། མི་རིག་མང་པོས་རང་རང་གི་མཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་པའི་སྒང་འདིར་ང་ཚོས་ཀྱང་ཕྱི་རུ་ངོམས་རིན་ཡོད་པ་དང་། གོང་དུ་སྤེལ་ལུགས་ཡོད་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། རྩམ་དྲི་དང་འོ་དྲི་མ་ཡལ་བའི
2009-11-10 15:06

༼ གངས་རྒྱན་ཞོགས་གླང ༽སྙན་ངག་གྱེར་འདོན།

གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་.pptx (553,2 kB)
2009-11-04 18:40

གསར་འགྱུར

crdb.webnode.comངེད་དྲ་ཚིགས་ནི་བོད་མི་རིགས་ལ་ཞབས་ཞུ་ཁོ་ན་སྒྲྲིབས་པའི་ན་གཞོན་འགའ་ཡིན།ཁྱེད་ཀྱིས་རང་མི་རིགས་ ལ་ཞབས་ཞུ་ཞིག་སྒྲིབས་དགོས་འདོད་ཡོད་དམ།
2009-11-03 04:11

དྲ་ཚིག་གི་གནས་ཚུལ་སྤེལ་བ།

༢༠༠༨ལོར་ང་ཚོའི་མགོ་ལོག་ས་ཁུལ་སྐབས་དང་བོའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲན་རྩོལ་བྱ་འགུལ་སྤེལ།ད་ལོའི་འཆར་གཞི་ལ་༢༠༠༩ལོའི་ཟླ་༡༡པའི་ཚེས་༡༤ཉིན༼གངས་རྒྱན་ཞོགས་གླིང༽ཞིས་པའི་ཁུལ་ཡོངས་ཀྱི་སྙན་ངག་གྱེར་འདོན་དང་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཁུལ་ཡོངས་ཀྱི་སྐབས་གཉིས་བའི་སློབ་གྲྭ་ཆུང་འབྲིང་གི་ཐ་སྙད་གསར་བའི་འགྲ

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112