འདི་ན་་ཤེས་རིག་གི་འོད་སྟོང་འབར་ཞིང་ཞི་བདེ་ཡིས་དར་ཆ་སྒྲེང་ཡོད

འབག་སྐུར་མཇལ་བའི་ཨ་ནེ།

2009-11-20 20:29

འབག་སྐུར་མཇལ་བའི་ཨ་ནེ། 

 

            འཇུ་སྐལ་བཟང་།

ཨ་ནེས་ས་ཐག་རིང་བོ་ནས། །

རེ་བ་རྒྱབ་གང་ཁུར་ཞིང་འོང༌། །

འདོད་པ་རུམ་གང་བཅུག་ཅིང་འོང༌། །

འབག་སྐུའི་མདུན་དུ་འདི་ལྟར་སྤུངས། །

དགོངས་ཤིག་ལྷ་སྐུ་རིན་པོ་ཆེ། །

ཨ་ནེ་ཐག་རིང་ས་ནས་འོང༌། །

ཨ་ནེ་ཡང་ཡང་མི་ཐོན་པས། །

ཨ་ནེའི་འདོད་དོན་བསྩལ་དུ་གསོལ། །

མི་ལ་ན་ཚ་འོང་མི་རུང༌། །

ཨ་ནེར་ནད་གཡོག་བྱེད་མཁན་མེད། །

ཕྱུགས་ལ་གྱོང་གུད་འོང་མི་རུང༌། །

ཨ་ནེའི་འཚོ་བ་རྟེན་ས་ཡིན། །

རྒྱལ་ཁམས་ཡོངས་ལ་ལོ་ལེགས་དགོས། །

ཨ་ནེའི་གནས་ཚང་ཆགས་ས་ཡིན། །

དགྲ་ཁ་རྐུན་ཇག་མེད་པར་ཞུ། །

ཨ་ནེར་དམག་ལ་འགྲོ་རོགས་མེད། །

ཕྱི་མར་དམྱལ་བར་གཏོང་མི་རུང༌། །

ཨ་ནེས་མནར་གཅོད་བཟོད་མི་ནུས། །

རབ་ན་ཨ་ནེ་སངས་རྒྱས་དགོས། །

ཨ་ནེས་ལས་ཀ་ལས་མི་ཐུབ། །

ཨ་ནེར་བུ་ཞིག་སྐྱེ་དགོས་ཏེ། །

ཨ་ནའི་རེ་ལྟོས་འཆའ་ས་ཡིན། །

བུ་ལ་ད་དུང་བུ་སྐྱེ་དགོས། །

ཨ་ནེའི་མི་རྒྱུད་ཆད་མི་རུང༌། །

ཨ་ནེའི་མིག་ཀོང་ཕོར་བ་ཙམ། །

བགྲད་དེ་འབག་སྐུའི་ཞལ་ལ་ཅེར། །

འབག་སྐུས་མིག་ལྩིབས་ལྷེམ་ལྷེམ་ངང༌། །

ཨ་ནེའི་གདོང་ལ་བར་མེད་ལྟ། །

 

站内搜索

联系人

ཉི་མའི་བུ་རྒྱུད ཆེས་མཐའ་མཇུག་གི་གཙང་ས། རྨ་ཡུལ་མཐོང་བ་ཀུན་སྨོན། 13897556557


གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་
གྱི་ཚིག་མཛོད་ཆེན་མོ།

www.tibettl.com/blog/
བོད་ལྗོངས་བློ་བཟང་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ ཆས་2009ལོའི་ཟླ་10བའི་ཚེས་5ཉིན་ཚོང་རྭར་དགྲམ་རྒྱུ་ཡིན་པས།རྣམ་པ་ལྷན་རྒྱས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་མངགས་ཉོ་གནང་བར་ཐུགས་རྗེ་ཞུའོ།

民意调查

གསར་སྤེལ་བྱས་པའི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།

ཧ་ཅང་བཟང་པོ་འདུག (59)
53%

བཟང་རྒྱུ་མེད། (53)
47%

总票数: 112